Tibetan Royal Year of 2151 | Year of the Wood Dragon

བལ་ཡུལ་ནས་རྒྱ་ནག་གི་དབང་ཤུགས་རྒྱ་སྐྱེད་ལ་གདོང་ལེན་ནན་པོ་བྱ་དགོས་པ་བརྗོད་འདུག

Tibetan News Headlines

  • French president urged to put human rights, Tibet at heart of Xi Jinping talks
  • Tibetan media marks World Press Freedom Day with call for access to Tibet
  • Dalai Lama grants audience to devotees from Nepal’s Tsum and Nubri 
  • A Tibetan monks mission to help the blind see lights in a remote Himalayan village: Feature
  • Tibet to provide financial aid to Nepal’s northern border districts for five years

རེས་གཟའ་པ་སངས། ༢༠༢༤།༠༥།༠༣

  • ཧྥ་རན་སི་དང་རྒྱ་ནག་གི་སྲིད་འཛིན་གྲོས་མོལ་སྐབས་བོད་ཀྱི་གནད་དོན་གཙོ་གྲས་སུ་གླེང་དགོས་པའི་ནན་སྐུལ།
  • འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་སྲུང་བརྩི།
  • ༸གོང་ས་མཆོག་གིས་བཙུམ་དང་ནུབ་རིའི་དད་ལྡན་པ་ཁག་གཅིག་ལ་མཇལ་ཁ་བསྩལ་བ།
  • བོད་རང་སྐྱོང་ལྗོངས་ཟེར་བས་ལོ་ལྔའི་རིང་བྱང་བལ་ཡུལ་ས་མཚམས་ཁུལ་དུ་དཔལ་འབྱོར་རོགས་རམ་སྤྲོད་འཆར།

རྒྱ་ནག་གཞུང་གིས་བལ་བོད་ས་མཚམས་སུ་ཆགས་པའི་ Kimathanka ཁུལ་གྱི་ Arun ཆུ་རྒྱུན་ཐོག་སྤྱི་ལེ་གཅིག་ཙམ་གྱི་ར་བ་སྐོར་བ་དང་བསྟུན། བལ་ཡུལ་ནང་ཡུལ་དེའི་ས་ཁོངས་བདག་དབང་གི་གནད་དོན་ཐོག་སེམས་འཚབ་དང་འབྲེལ། བལ་ཡུལ་གཞུང་ངོས་ནས་རྒྱ་ནག་གི་དྲག་རྒོལ་ལ་གདོང་ལེན་ནན་པོ་དང་རྒྱལ་སྤྱིའི་སྡིངས་ཆའི་ཐོག་རང་གི་ཐོབ་ཐང་རྩོད་དགོས་པའི་ཞུ་སྐུལ་གནང་འདུག

ཟླ་བ་འདིའི་ཚེས་ ༡༢ ཉིན་ Republic གསར་ཁང་གིས་དེ་འབྲེལ་དཔྱད་གཏམ་ཞིག་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་བལ་ཡུལ་བྱང་ཤར་ཁུལ་གྱི་ Sankhuwasabha རྫོང་གི་ Kimathanka ནང་ཡོད་པའི་ Arun གཙང་པོའི་ཁྲོད་སྤྱི་ལེ་ (Km) གཅིག་ཙམ་གྱི་རིང་ཚད་ལྡན་པའི་ར་བ་བསྐོར་བ་དེས་ཆུའི་རང་བཞིན་གྱི་ཁ་ཕྱོགས་སྒྱུར་བ་ཙམ་མ་ཡིན་པར། བལ་ཡུལ་གྱི་ས་ཁྱོན་འཇལ་ཚད་མི་ཊར་གྲུ་བཞི་ཆིག་ཁྲིའི་ས་ཁྱོན་ཏེ་ཧེཀ་ཊར་ (Hectare) དགུ་ལྷག་རྒྱ་ནག་ལ་ཤོར་བ་དང་། ལྷག་པར་ལས་གཞི་དེའི་རྐྱེན་པས་གལ་ཏེ་མ་འོངས་ཆར་ཤུགས་ཆེན་པོ་འབྱུང་ཚེ་ཁུལ་དེར་གནས་སྡོད་ཀྱི་གྲོང་པ་རྣམས་ཆུའི་ནང་ནུབ་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པ་སོགས་བཀོད་འདུག

རྒྱ་གཞུང་གིས་དེ་ལྟ་བུའི་བལ་ཡུལ་ནང་གློ་བུར་གྱི་བཙན་འཛུལ་བྱས་པ་ནི། འདས་པའི་ལོ་ཟླའི་ནང་རྒྱ་གཞུང་ནས་བལ་ཡུལ་གྱི་རང་བཙན་གཙང་མའི་བདག་དབང་ལ་རྩིས་མེད་རྡོག་རོལ་གྱི་བྱ་སྤྱོད་བསྟུད་མར་སྤེལ་བཞིན་པ་དེའི་ཁྲོད་ནས་གཅིག་ཡིན་པ་དང་། བལ་པོའི་ཞིབ་འཇུག་པ་རྣམས་ཀྱིས་རྒྱ་གཞུང་གི་ཧམ་འཛུལ་དེ་དག་ལ་ཞིབ་འཇུག་གི་སྙན་ཐོ་རིམ་པར་འདོན་སྤེལ་གནང་ཡོད་ཀྱང་། བལ་ཡུལ་གཞུང་ནས་ད་བར་སྙན་ཐོ་དེ་དག་ལ་གཞུང་འབྲེལ་གྱི་ངོས་ལེན་བྱས་མེད་པ་རེད། Republic གསར་ཁང་གི་དཔྱད་གཏམ་ནང་བལ་ཡུལ་གཞུང་གིས་དེ་ལྟར་བྱ་དགོས་དོན་ནི་རང་གི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་ནག་ལ་ཞེད་སྣང་རྐྱེན་གྱི་ཡིན་པར་ཚོད་དཔག་བྱས་པ་དང་འབྲེལ། བལ་ཡུལ་གཞུང་གི་བྱ་སྤྱོད་དེས་རྒྱ་གཞུང་གི་དབང་ཤུགས་རྒྱ་སྐྱེད་མུ་མཐུད་བྱ་རྒྱུར་བློ་སྤོབས་སྦྱིན་གྱི་ཡོད་པ་འགྲེལ་བརྗོད་གནང་འདུག

ལྷག་པར་རྒྱ་གཞུང་ནས་བལ་ཡུལ་གྱི་ས་ཁྱོན་ནང་ཧམ་འཛུལ་གྱིས་བཙན་བཟུང་བྱས་པ་ཙམ་མ་ཡིན་པར་བལ་ཡུལ་རྒྱལ་ནང་། རྒྱ་ནག་མི་སེར་གྱིས་ས་གནས་མང་ཚོགས་ཀྱི་ཚོང་ལས་ཁག་ལ་གནོད་སྐྱོན་གཏོང་བ་དང་། རི་སྐྱེས་སྲོག་ཆགས་དང་གསེར་སོགས་ནག་ཚོང་རྒྱག་པ། སོ་ཉུལ་བྱས་པ། དེ་བཞིན་མི་ཚོང་རྒྱག་པ་སོགས་ཀྱི་ཁྲིམས་འགལ་གྱིས་བྱ་སྤྱོད་མང་དག་ཅིག་སྤེལ་བཞིན་པའི་ཁྲོད། ཉེ་ཆར་བལ་ཡུལ་གཞུང་གི་སྙན་ཐོའི་ནང་ཁུལ་དེར་རྒྱ་ནག་མི་སེར་ཡིན་པ་ནག་ཉེས་ཅན་རྣམས་འཛིན་བཟུང་བྱས་པའི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་པ་མངོན་གསལ་གནང་འདུག

མ་ཟད་དེ་སྔ་ཕྱི་ལོ་ ༢༠༢༠ ནང་བལ་ཡུལ་གྱི་གོར་ཁ་ (Gorkha) རྫོང་གི་རིའུ་གྲོང་གསེབ་ནང་། རྒྱ་ནག་གིས་མི་ཊར་ ༡༥༠ ཅན་གྱི་ཏར་སྐུད་ར་བས་བསྐོར་བ་དང་མཉམ་བལ་ཡུལ་མི་རྣམས་ས་ཁུལ་དེར་བསྐྱོད་རྒྱུར་བཀག་སྡོམ་བྱས་ཡོད་ཅིང་། ཡང་ཕྱི་ལོ་ ༢༠༢༢་་་་༢༠༢༣ ནང་རྒྱ་ནག་གིས་མུས་ཏང་ (Mustang) རྫོང་གི་སུར་ཁང་ (Surkhang) ཁུལ་དུ་རྒྱ་ལམ་འཛུགས་སྐྲུན་གྱི་ལས་གཞི་ཞིག་སྤེལ་ཡོད་པ་སོགས་ལུང་འདྲེན་དང་འབྲེལ། རྩ་བའི་བལ་ཡུལ་གཞུང་ནས་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་ལྷན་དུ་གྲོས་མོལ་སོགས་ཀྱི་བརྒྱུད་ད་བར་བར་གནས་ཀྱི་ལངས་ཕྱོགས་འཛིན་ཡོད་ཀྱང་། རྒྱ་ནག་གིས་ས་མཚམས་ཁག་ཏུ་སྤེལ་བཞིན་པའི་ཁྲིམས་འགལ་གྱི་བྱ་སྤྱོད་དང་རྒྱ་ལམ་འཛུགས་སྐྲུན་སོགས་ཀྱི་ལས་གཞི་དེ་དག་གིས་བལ་ཡུལ་རྒྱལ་ནང་ཙམ་དུ་མ་ཟད། ཧི་མ་ལ་ཡའི་ས་ཁུལ་ཡོངས་རྫོགས་ལ་སེམས་འཚབ་དང་དོ་ཕོག་ཆེས་ཆེར་ཐེབས་བཞིན་ཡོད་པའི་ཉེན་བརྡ་བཏང་འདུག

མ་ཟད་གནས་ཚུལ་དེའི་ནང་ས་འབབ་ཀྱི་གནས་འབབ་ཐོག་ནས་བལ་ཡུལ་དེ་བཞིན་རྒྱ་དཀར་ནག་གཉིས་དབར་བར་གནས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་དང་། ཐབས་བྱུས་ཐད་ཧ་ཅང་གནད་འགག་ཆེ་བའི་རྒྱལ་ཁབ་ཅིག་ཆགས་ཡོད་སྟབས། ཡུལ་དེའི་བདག་དབང་དང་ས་ཁོངས་ཀྱི་གོང་བུ་སྲུང་སྐྱོབ་བྱ་རྒྱུ་ཤིན་ཏུ་གལ་ཆེ་ཡིན་པ་འགྲེལ་བརྗོད་དང་འབྲེལ། བལ་ཡུལ་གཞུང་ནས་རྒྱ་ནག་གི་དྲག་གནོན་ལ་མི་འཛེམས་པར་རྒོལ་ལན་གྱིས་རྒྱལ་སྤྱིའི་སྡིངས་ཆ་ཁག་ཏུ་བལ་ཡུལ་དེ་བཞིན་རང་བཙན་གཙང་མ་ཡིན་པ་སོགས་ཀྱི་བདེན་དཔང་ར་སྤྲོད་བྱ་དགོས་གལ་ཆེ་བ་དང་། གལ་ཏེ་དེ་ལྟར་བྱས་ཚེ་བལ་ཡུལ་ནང་ཞི་བདེ་ལྷིང་འཇགས་ཡོང་ངེས་ཡིན་པ་བཀོད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།