Tibetan Royal Year of 2151 | Year of the Wood Dragon

དཔལ་འབྱོར་ལས་ཁུངས་ཀྱིས་དཔྱ་ཁྲལ་ཆག་ཡང་ཕར་འགྱངས་ཀྱི་གསལ་བསྒྲགས་སྤེལ་འདུག

Tibetan News Headlines

  • Dalai Lama’s former envoy slams China’s remarks on Tibet talks, says authoritarian rule won’t last long
  • Blinken raises human rights abuses in Tibet and East Turkestan with China
  • Gyari Dorjee Youdon, a Tibetan who revolted against invading Chinese forces, cremated in Mindroling
  • China building new township in Lhokha amidst Tibet-border build-up

རེས་གཟའ་མིག་དམར། ༢༠༢༤།༠༤།༣༠

  • རྒྱ་ནག་གི་མཁྲེགས་འཛིན་སྲིད་བྱུས་རྒྱུན་རིང་པོར་གནས་ཐུབ་ཐབས་མེད་པ་གསུངས་འདུག
  • Blinken གྱིས་རྒྱ་གཞུང་དང་མཉམ་བོད་དང་ཤིན་ཅང་སྐོར་གླེང་སློང་གནང་ཡོད་པ་གསུངས་འདུག
  • བོད་ཀྱི་དཔའ་མོ་རྒྱ་རི་རྡོ་རྗེ་གཡུ་སྒྲོན་ལགས་ཀྱི་སྐུ་ཕུང་སྨིན་སྒྲོལ་གླིང་དགོན་པར་ཞུགས་འབུལ།
  • རྒྱ་ནག་གིས་འཕགས་བོད་མཐའ་མཚམས་ཉེ་འཁྲིས་ལྷོ་ཁའི་ནང་གྲོང་ཚོ་གསར་རྒྱག

བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱིས་འདི་ལོའི་ཕྱི་ཟླ་ ༩ པའི་ཚེས་ ༣༠ བར་དཔྱ་ཁྲལ་ཆག་ཡང་སླར་ཡང་ཕར་འགྱངས་ཀྱི་གསལ་བསྒྲགས་སྤེལ་བ་དང་འབྲེལ། བོད་མི་རྣམས་ནས་གོ་སྐབས་དེ་ཆུད་ཟོས་སུ་གཏོང་རྒྱུ་མེད་པའི་ལམ་སྟོན་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་དཔྱ་ཁྲལ་ཕྱག་ཡང་སླར་ཡང་ཕར་འགྱངས་ཀྱི་གསལ་བསྒྲགས་ཤིག་སྤེལ་འདུག་པའི་ནང་། དེ་སྔ་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༥ པའི་ཐོག རྒྱ་བལ་འབྲུག་གསུམ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནང་གནས་སྡོད་བོད་རིགས་དཔྱ་དངུལ་ལོ་མང་འབུལ་ཆད་སོང་བ་དང་། གསར་བཟོ་མ་ཐུབ་པ་རྣམས་ལ་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་ཐུབ་པའི་གོ་སྐབས་སྤྲོད་ཆེད། རྩིས་ལོ་ ༢༠༢༢་་་༢༠༢༣ བར་གྱི་དཔྱ་དངུལ་འབུལ་ཆད་སོང་བ་ལ་ཆག་ཡང་བརྒྱ་ཆ་ ༩༠ དང་འཕྲོས་བརྒྱ་ཆ་ ༡༠ དོ་བདག་ནས་སྡེབ་འབུལ་དང་ཡང་ན་ཆ་བགོས་ཀྱིས་ཕྱི་ལོ་ ༢༠༢༣  ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༣༡ བར་ཕུལ་ཟིན་དགོས་པའི་གྲོས་ཆོད་སྤྱི་མོས་ཀྱིས་གཏན་འབེབས་གནང་ཡོད་ཀྱང་། ཉེ་ལམ་ཕྱི་ཟླ་ ༣ པའི་ནང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༧ པའི་ཐོག་བོད་མི་མང་དག་ཅིག་གིས་ད་དུང་ཡང་ཆག་ཡང་གི་གོ་སྐབས་དེ་བཞེས་མེད་པའི་གླེང་སློང་དང་བཅས་ཆག་ཡང་གི་དུས་ཚེས་དེ་འདི་ལོའི་ཕྱི་ཟླ་ ༩ ཚེས་ ༣༠ བར་སླར་ཡང་ཕར་འགྱངས་གནང་རྒྱུ་སྤྱི་མོས་ཀྱིས་གྲོས་ཆོད་གཏན་འབེབས་གནང་བ་བཞིན། བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ངོས་ནས་ཟླ་བ་འདིའི་ཕྱི་ཚེས་ ༡༢ ཉིན་དེ་འབྲེལ་གསལ་སྒྲགས་སྤེལ་བ་དང་འབྲེལ། བོད་མི་རྣམས་ཀྱིས་གོ་སྐབས་དེ་བཞིན་ཆུད་ཟོས་སུ་མི་གཏོང་བར་གོང་གསལ་དུས་ཡུན་ནང་ཞུ་ལེན་ཐུབ་པ་གནང་བའི་ཐོག་མུ་མཐུད་དཔྱ་དངུལ་བསྡུ་འབུལ་གྱིས་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་ཐུབ་པ་གནང་གལ་ཆེ་བ་ཡིན་པའི་ཞུ་སྐུལ་གནང་འདུག

རྩ་བའི་བཀའ་ཤག་གིས་ཉེ་ལམ་གྲོས་ཚོགས་སུ་འདས་པའི་ལོ་གཅིག་ཙམ་གྱི་ནང་ལ་ཨ་རི་དང་ཁེ་ན་ཌ། དེ་བཞིན་ཡོ་རོབ་ཁུལ་གྱི་ས་གནས་ཁག་ཏུ་བཞུགས་པའི་བོད་མི་ཁྱོན་ ༦༦༦༦ ནས་དཔྱ་དངུལ་ལག་དེབ་གསར་བཟོ་དང་། ནོར་བཅོས། དེ་བཞིན་བོར་བརླག་གསར་ཞུ་བཅས་ཀྱིས་གོ་སྐབས་བཞེས་ཐུབ་པ་བྱུང་ཡོད་སྐོར་སྙན་གསེང་ཞུས་ཡོད་པ་རེད།

གནད་དོན་དེ་དང་འབྲེལ་སྲིད་སྐྱོང་མཆོག་གིས་ཉེ་ལམ་ཁེ་ན་ཌ་ཊོ་རོན་ཊོར་གཞུང་འབྲེལ་འཚམས་གཟིགས་སྐབས་ས་གནས་ཀྱི་བོད་མི་མང་ཚོགས་རྣམས་ལ་ནན་སྐུལ་གནང་ཡོད་པ་མ་ཟད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ད་དུང་ཡང་དཔྱ་ཁྲལ་ལག་དེབ་ཀྱི་དངུལ་སྤྲོད་མེད་མཁན་མང་པོ་ཡོད་ངེས་ཡིན་པས། མང་གཙོའི་ལམ་ལུགས་ནང་ལས་འགན་དང་ཐོབ་ཐང་ཟུང་དུ་སྦྲེལ་དགོས་གལ་ཆེ་བ་ཡིན་ཞིང་། བོད་མི་ཞིག་ཡིན་པའི་ངོས་ནས་ལས་འགན་དེ་ཙམ་ཡང་སྒྲུབ་མ་ཐུབ་ན་བོད་མི་ཡིན་ཟེར་བར་ངོ་ཚ་དགོས་པ་ཞིག་རེད་ཅེས་སོགས་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།