Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཐོག་འཚམས་འདྲི་མཛད་པ།

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ལ་དགའ་བསུའི་འཚམས་འདྲི་སྩལ་བ་དང་སྦྲགས། ཆོས་དད་ཡོད་མེད་ལ་ལྟོས་མེད་གཙོ་བོ་ཀུན་སློང་བཅོས་ཐབས་གནང་དགོས་གལ་ཡིན་པར་བཀའ་སྩལ་མཛད་སོང་།

ཕྱི་ཟླ་ ༩ ཚེས་ ༦ ནས་ ༩ བར་རྒྱ་གར་གྱི་ Chattisgarh མངའ་སྡེའི་ Sirpur གྲོང་ཁྱེར་གྱི་ Guru Gram ཁུལ་དུ་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཤིག་འཚོགས་བཞིན་ཡོད་པ་ལྟར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གིས་དེ་རིང་ཉིན་རྒྱབ་ཏུ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྲྭ་ལམ་ཐོག་གསུང་འཕྲིན་ཞིག་སྩལ་འདུག་པའི་ནང་། ད་ཆ་སིར་པུར་གྲོང་ཁྱེར་དུ་རིས་མེད་ཆོས་ཚོགས་ཀྱི་སྐུ་ཚབ་མི་སྣ་ཁག་ལྷན་འཛོམས་ཀྱིས་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཤིག་ཚོགས་བཞིན་པར་དགའ་བསུའི་འཚམས་འདྲིའི་མཛད་པ་དང་འབྲེལ་ལྷན་ཚོགས་དེ་བཞིན་དོན་སྨིན་ལྡན་པ་ཞིག་དང་དེའི་ཐོག་ནས་གཙོ་བོ་ཆོས་དད་ཡོད་མེད་ལ་ལྟོས་མེད་ཀུན་སློང་བཅོས་ཐབས་གནང་དགོས་གལ་ཡིན་པར་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་ཡོད།

དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ན་ཆུང་དུས་ནས་༸དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་གཞུང་ལུགས་ཁྲོད་དབུ་མ་རྩ་བ་ཤེས་རབ་ལ་མོས་པ་ཆེན་པོ་མཛད་ཀྱི་ཡོད་པ་དང་མགོན་པོ་༸གང་ཉིད་མཆོག་དེ་སྔ་རྒྱ་གར་ནང་སློབ་དཔོན་ཀླུ་སྒྲུབ་ཀྱི་སྒྲུབ་གནས་ཡོད་པའི་གནས་ཆེན་ཞིག་ཏུ་ཆིབས་བསྒྱུར་མཛད་སྐབས་དེའི་གཙང་པོའི་ཁར་ཆོས་ཀྱི་དུང་དཀར་ཞིག་ཕྱག་སོན་བྱུང་བ་དེ་གསོལ་རས་ཞུས་རྗེས་ད་བར་འགྲོ་བ་སྤྱིར་ཆོས་ཀྱི་དུང་སྒྲ་གང་ཐུབ་ཐུབ་ཀྱིས་སྒྲོག་ཐབས་མཛད་བཞིན་ཡོད་ཅེས་བཀའ་སྩལ་བ་དང་ཆབས་ཅིག སིར་པུར་ནང་འཚོགས་བཞིན་པའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་འདི་ལྟ་བུ་ཞིག་ཚོགས་ཐུབ་པར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་སྐོར་བཀའ་སྩལ་ཏེ་ཚོགས་ཞུགས་བ་ཡོངས་ལ་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་སོང་།

དེའི་ཁྲོད་༸གོང་ས་མཆོག་གིས་དེ་རིང་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་མཆོད་རྟེན་དོ་དམ་ཚོགས་པའི་ལས་ཁུངས་གསར་རྒྱག་ལེགས་གྲུབ་བྱུང་བར་དབུ་འབྱེད་རབ་གནས་དང་འབྲེལ་བཀའ་སློབ་སྩལ་བའི་ནང་། འདས་པའི་ལོ་ཤས་ནས་རྒྱལ་སྤྱིའི་ཤེས་ཡོན་ཅན་དང་ཚན་རིག་པ་མང་པོས་ནང་ཆོས་ལ་དོ་སྣང་ཆེན་པོ་གནང་བཞིན་ཡོད་པ་དང་། མགོན་པོ་༸གང་ཉིད་མཆོག་དང་ཚན་རིག་པའི་དབར་བཀའ་བསྡུར་རིམ་པ་མཛད་ཡོད་པར་བཀའ་སྩལ་མཛད་དེ་ད་ཆ་ནང་པའི་ལྟ་གྲུབ་ལ་སློབ་གཉེར་གནང་ཕྱིར་དེ་འབྲེལ་ལྟེ་གནས་ཁང་གང་མང་ཆེད་འཛུགས་གནང་དགོས་གལ་ཡིན་ལམ་སྟོན་བསྐྱར་ནན་མཛད་ཡོད། ༸སྐུ་པར་བདག་དབང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་།

འབྲེལ་ཡོད་གསར་གནས།

གསར་གནས།