Tibetan Royal Year of 2151 | Year of the Wood Dragon

༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་རྩེད་འགྲན་གནང་བཞིན་པ།

Tibetan News Headlines

  • Wronged, Tried, and Killed: The Custodial Death of Tibetan Political Prisoners in Chinese Prisons

རེས་གཟའ་སྤེན་པ། ༢༠༢༤།༠༧།༡༣

  • རྒྱ་གཞུང་གི་དོ་དམ་མནར་གཅོད་འོག་ཚེ་སྲོག་ཤོར་བའི་བོད་མི་ཆབ་སྲིད་བཙོན་པའི་གནད་དོན་གླེང་བ།

༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་ ༢༦ པ་དེ་ཉེ་ཆར་ཟླ་བ་འདིའི་ཕྱི་ཚེས་ ༡ ཉིན་གྱི་དགོང་དྲོ་རྒྱ་གར་བྱང་ཕྱོགས་བོད་མི་གནས་ཡུལ་གྱི་ས་གནས་ Clement town དོན་གྲུབ་གླིང་གཞིས་སྒར་གྱི་རྐང་རྩེད་སྤོ་ལོའི་རྩེད་ཐང་དུ་རྐང་སྤོལ་རུ་ཁག་རྣམས་ཀྱིས་རུ་དར་འཕྱར་ཏེ་རུ་སྒྲིག་གནང་བ་དང་དེ་བཞིན་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དབྱངས་སུ་གྱེར་བའི་ཐོག་ནས་མཛད་སྒོ་དབུ་འཛུགས་གནང་ཡོད།  སྐབས་དེར་རྩེད་འགྲན་དབུས་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་དང་དམིགས་བསལ་སྐུ་མགྲོན་དུ་མ་སུ་རི་བོད་ཁྱིམ་གྱི་སྤྱི་ཁྱབ་དྲུང་ཆེ་ཀརྨ་ཆུང་དག་ལགས། དེ་བཞིན་དོན་གྲུབ་གླིང་ས་གནས་ཀྱི་དྲུང་ཆེ་བླ་མ་ཕུན་ཚོགས་ལགས། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་དྲུང་ཆེ་བསྟན་འཛིན་རིན་ཆེན་ལགས། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་ཕྱི་ནང་གི་གཟིགས་མོ་བ་སོགས་མཉམ་ཞུགས་གནང་ཡོད་པ་རེད། སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་འཕྲོད་བསྟེན་ལས་ཁུངས་ནས་བོད་མིའི་ལུས་སེམས་གཉིས་ཀྱི་འཕྲོད་བསྟེན་བདེ་ཐབས་ཐོག་ད་བར་སྤེལ་བའི་ལས་གཞི་ཁག་ཅིག་ངོ་སྤྲོད་གནང་བ་དང་། ལྷག་པར་དུ་རྐང་རྩེད་སྤོ་ལོའི་རྩེད་འགྲན་དང་འབྲེལ་ཏེ་གོ་སྒྲིག་གནང་མཁན་དང་རྒྱབ་སྐྱོར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག རྩེད་འགྲན་གནང་སྐབས་སུ་རྒྱལ་ཕམ་ཡོང་ངེས་ཡིན་སྟབས་རུ་ཁག་ནང་ཕན་ཚུན་དབར་བཟང་སྤྱོད་ལྡན་པའི་ཐོག་ནས་རྩེད་འགྲན་གནང་བ་ལས་དགོས་མེད་མ་སྐྱིད་པ་འབྱུང་གཞི་རིགས་གཏན་ནས་མ་གནང་རོགས་ཞེས་གཞེན་སྐུལ་ནན་པོ་གནང་ཡོད།དེ་བཞིན་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་དྲུང་ཆེ་བསྟན་འཛིན་རིན་ཆེན་ལགས་ཀྱིས་ཐེངས་འདིའི་རྩེད་འགྲན་གོ་སྒྲིག་གི་བྱུང་རིམ་ཁག་ངོ་སྤྲོད་དང་འབྲེལ། ༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་འདི་སྤང་སྟེང་དུ་རྩེད་རྒྱུ་དང་རྩེད་འགྲན་དེ་ཉིན་མཚན་གཉིས་ཀར་རྩེད་དགོས་པ། དེ་བཞིན་རྩེད་འགྲན་གྱི་བྱ་དགའ་ཡུ་མ་དངུལ་དེ་སྔར་ལས་མང་དུ་བཏང་ཡོད་པ་མ་ཟད། རྩེད་འགྲན་རེ་རེའི་གྲུབ་མཚམས་སུ་རྩེད་མོ་བ་ཡག་ཤོས་དེར་བྱ་དགའ་ཞིག་ཀྱང་གྲ་སྒྲིག་གནང་ཡོད་པར་གསུངས་ཡོད།  དབུ་འབྱེད་མཛད་སྒོ་གྲུབ་མཚམས་སུ་འདི་ལོ་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་ ༢༦ པའི་རྩེད་འགྲན་ཐོག་མ་དེ་དོན་གྲུབ་གླིང་གི་རུ་ཁག་དང་སིམ་ལ་རུ་ཁག་གཉིས་དབར་རྩེད་འགྲན་གནང་སྟེ་སིམ་ལ་རུ་ཁག་གིས་སྤོ་ལོ་བཞི་དང་དོན་གྲུབ་གླིང་རུ་ཁག་གིས་སྤོ་ལོ་གཉིས་བཅས་བླུགས་མཐར་སིམ་ལ་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད། རྩ་བའི་ཐེངས་འདིའི་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནང་རྒྱ་གར་དང་བལ་ཡུལ་ཁུལ་ནས་བོད་པའི་རུ་ཁག་བཅུས་མཉམ་ཞུགས་གནང་ཡོད་པ་དང་། རུ་ཁག་བཅུ་པོ་དེ་དག་སྡེ་ཚན་གཉིས་སུ་འཆར་འགོད་ཐོག་ཕྱི་ཚེས་ ༡ ནས་ ༧ བར་སྡེ་ཚན་སོ་སོའི་ནང་གི་རུ་ཁག་ཕན་ཚུན་དབར་རྩེད་འགྲན་གནང་སྟེ་ཕྱི་ཚེས་ ༩ དང་ ༡༠ ཉིན་སྡེ་ཚན་གཉིས་ཀྱི་རྩེ་ཕུད་སོན་པའི་རུ་ཁག་བཞིའི་མཐའ་མའི་འགྲན་བསྡུར་རིམ་པ་དང་པོ་སྟེ། Quarter Final རྩེད་རྒྱུ་དང་ཕྱི་ཚེས་ ༡༡ ཉིན་ Semi Final ཞེས་མཐའ་མའི་འགྲན་བསྡུར་རིམ་པ་གཉིས་པ་དེ་རྩེད་འགྲན་གནང་རྗེས་ཕྱི་ཚེས་ ༡༢ རེས་གཟའ་ལྷག་པའི་ཉིན་རྩེ་ཕུད་སོན་པའི་རུ་ཁག་གཉིས་དབར་མཐའ་མའི་འགྲན་བསྡུར་གནང་གཏན་ཁེལ་ཡོད་པ་རེད།ད་ལྟའི་ཆར་རྩེད་འགྲན་གྱི་རིམ་དང་པོ་དེ་གནང་བཞིན་ཡོད་པ་ལྟར་དེ་རིང་གི་རྩེད་འགྲན་ཁོངས་སུ་དོན་གྲུབ་གླིང་རུ་ཁག་དང་ལ་དྭགས་བསོད་ནམས་གླིང་རུ་ཁག སིམ་ལ་རུ་ཁག་དང་བདེ་སྐྱིད་གླིང་རུ་ཁག ཇཱ་ལན་ཌར་ས་གནས་གཞོན་ནུའི་རུ་ཁག་དང་ལྡི་ལི་རུ་ཁག་བཅས་ཀྱི་དབར་རྩེད་འགྲན་གནང་གི་ཡོད་པ་རེད། ཐེངས་འདིའི་རྩེད་འགྲན་ཆ་ཚང་བོད་མིའི་སྒྲིག་འཛུགས་ཀྱི་ Tibet TV འམ་བོད་ཀྱི་བརྙན་འཕྲིན་བརྒྱུད་ཐད་སྲིང་གནང་བཞིན་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།