Tibetan Royal Year of 2151 | Year of the Wood Dragon

རྒྱལ་གཅེས་དམ་པ་སྟག་སྣ་འཇིགས་མེད་བཟང་པོ་ལགས་ཀྱི་ལོ་མཆོད་སྨོན་ལམ་ཚོགས་པ།

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

སུད་སིའི་བོད་མི་ཚོས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རྒྱ་གཞུང་གི་བཙོན་ཁང་ནང་མི་ལོ་ཧྲིལ་པོ་ ༣༧ རིང་བཙོན་འཇུག་གིས་མནར་སྤྱོད་མྱངས་པའི་རྒྱལ་གཅེས་པ་སྟག་སྣ་འཇིགས་མེད་བཟང་པོ་ལགས་དམ་པ་དེ་ཉིད་ཀྱི་ལོ་མཆོད་བསྔོ་སྨོན་གསུང་འདོན་གནང་ཡོད། ཟླ་བ་འདིའི་ཕྱི་ཚེས་ ༢ ཉིན་སུད་སི་དང་ལིག་ཏེག་སི་ཊིཡན་བོད་རིགས་མི་མང་གིས་གོ་སྒྲིག་གནང་སྟེ་སུད་སིར་རྟེན་གཞི་བྱས་པའི་རི་དགོན་ཆོས་འཁོར་དགོན་དུ་རི་དགོན་མཁན་རིན་པོ་ཆེ་ཚོགས་མགོན་དུ་དབུ་བཞུགས་ཐོག་སུད་སི་དང་ལིག་ཏེག་སི་ཊིཡན་བོད་རིགས་མི་མང་གི་འཐུས་མི་རྣམ་པ། སུད་སི་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད། ཡོ་རུབ་བོད་མི་མང་སྤྱི་ཟུར། སེར་སྐྱ་མང་ཚོགས་བཅས་འདུ་འཛོམས་ཀྱིས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རྒྱ་གཞུང་གི་བཙོན་ཁང་ནང་མི་ལོ་ཧྲིལ་པོ་ ༣༧ རིང་བཙོན་འཇུག་གིས་མནར་སྤྱོད་མྱངས་པའི་རྒྱལ་གཅེས་པ་སྟག་སྣ་འཇིགས་མེད་བཟང་པོ་ལགས་དམ་པ་དེ་ཉིད་ཀྱི་བློས་བཏང་དང་སྙིང་སྟོབས་ལ་གུས་འདུད་ཞུས་ཏེ་དམ་པ་ཁོང་གི་ལོ་མཆོད་བསྔོ་སྨོན་རྒྱས་པ་ཞིག་ཚོགས་ཡོད།རྩ་བའི་ཆབ་སྲིད་བཙོན་ཟུར་དམ་པ་དེ་ཉིད་ནི་ཕྱི་ལོ་ ༡༩༢༩ ནང་ལྷ་སའི་ནུབ་ཕྱོགས་ཆུ་ཤུལ་རྫོང་ཁོངས་རྟ་དཀར་གཞིས་སུ་སྐུ་འཁྲུངས་ཤིང་། ཕྱི་ལོ་ཁོང་ནས་ ༡༩༦༤ ལོར་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་ལ་རྒྱ་མིས་སྐྱོན་བརྗོད་བྱས་པའི་ལས་འགུལ་མོས་མཐུན་མ་བྱས་སྟབས་༸པཎ་ཆེན་རིན་པོ་ཆེའི་ཕྱོགས་གཏོགས་སུ་ངོས་འཛིན་ཏེ། ཕྱི་ལོ་ ༡༩༦༥ ལོར་ཐོག་མར་གྲྭ་བཞི་བཙོན་ཁང་དང་། དེ་ནས་གསང་ཡིབ་བཙོན་ཁང་དུ་བསྐྱལ་བས་བཙོན་འཇུག་ལོ་གསུམ་བྱས། ཡང་ཕྱི་ལོ་ ༡༩༧༠ ལོར་གསར་བརྗེའི་ངོ་ལོག་པར་རྒྱབ་སྐྱོར་བྱེད་མཁན་གྱི་ཉེས་མིང་འོག་སླར་ཡང་འཛིན་བཟུང་གིས་དུས་བཀག་བཙོན་འཇུག་ལོ་བཅུ་ལ་བྱས་པ་དང་། དེ་ནས་ཕྱི་ལོ་ ༡༩༨༣ ལོར་ལྷ་སར་བོད་རང་བཙན་གྱི་སྦྱར་ཡིག་སྦྱར་བར་བརྟེན་ཡང་བསྐྱར་ཐེངས་གསུམ་པ་འཛིན་བཟུང་བྱུང་སྟེ་དུས་བཀག་བཙོན་འཇུག་ལོ་བཅོ་ལྔ་བཟོས་བ་མ་ཟད། གྲྭ་བཞི་བཙོན་ཁང་དུ་བཙོན་འཇུག་ཁྲོད་བོད་རང་བཙན་གྱི་སྐད་འབོད་བྱས་པའི་རྐྱེན་གྱིས་བཙོན་འཇུག་ཉེས་ཆད་ལོ་ལྔ་སྤར་བ་སོགས་ཀྱི་འཛིན་བཟུང་རིམ་པའི་ཁྲོད་དུ། ཁོང་མི་ལོ་ཧྲིལ་བོ་༣༧ལྷག་ལ་རྒྱ་ནག་གི་བཙོན་ཁང་དུ་བཞུགས་མྱོང་ཡོད་པ་རེད། ཕྱི་ལོ་ ༢༠༠༢ ལོར་སྨན་བཅོས་སླད་ཨ་རིར་ཕེབས་ཐུབ་པ་བྱུང་བ་དང་། རྗེས་སུ་རིམ་པས་འདི་ག་སུད་སིར་གནས་སྤོས་གནང་དེ་ གནས་བཞུགས་གནང་ཡོད་པ་རེད། ལོ་སྔོན་མའི་ཕྱི་ཟླ་༡༠་པའི་ཕྱི་ཚེས་༡༧ཉིན་ ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་བཟང་པོ་ལགས་དགུང་ལོ་༩༡ཐོག་སུད་སིའི་ས་གནས་ Turbenthal ཡོད་པའི་རྒས་གསོ་ཁང་དུ་དགོངས་པ་རྫོགས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།