Tibetan Royal Year of 2151 | Year of the Wood Dragon

གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་སྐོར་ལ་ཞིབ་འཇུག་ཚོགས་ཆུང་འཛུགས་རྒྱུའི་གྲོས་ཆོད་བསྣམས་ཕེབས་རྒྱུ།

Tibetan News Headlines

  • Dalai Lama gives audience to Himalayan Buddhists from Rolwa Ling
  • One household and One file: Surveillance ramped up after anti-dam protests
  • GCM Gold Cup Final and Green Book debacle
  • Taiwan’s parliament passes bill pushing pro-China changes
  • East Turkistan government in exile calls on US to pass Uyghur Policy Act
  • Any attempt to intimidate individuals or communities in the UK will not be tolerated: UK to China

རེས་གཟའ་ལྷག་པ། ༢༠༢༤།༠༥།༢༩

  • ༸གོང་ས་མཆོག་གིས་བལ་ཡུལ་རོལ་བ་གླིང་ཁུལ་གྱི་བོད་རིགས་ཁག་གཅིག་ལ་མཇལ་ཁ་སྩལ་བ།
  • རྒྱ་གཞུང་གིས་སྤྱི་ཚོགས་དབང་སྒྱུར་ཇེ་ཤུགས་ཆེ་རུ་གཏོང་ཐབས་སུ་ཁྱིམ་ཚང་གཅིག་དང་ཡིག་ཆ་གཅིག་ཅེས་པའི་སྲིད་བྱུས་ལག་བསྟར།
  • ༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲན་དང་དཔྱ་ཁྲལ་ལག་དེབ་ཀྱི་དཀའ་རྙོག
  • ཐེ་ཝན་གྲོས་ཚོགས་སུ་ཁྲིམས་གཞི་གསར་པ་གཏན་འབེབས།
  • ཨ་རིར་ཡུ་གུར་ཁྲིམས་འཆར་གཏན་འབེབས་དགོས་པའི་ཞུ་སྐུལ།
  • དབྱིན་ཡུལ་ནང་གི་མི་སེར་ལ་རྒྱ་ནག་གིས་སུན་གཙེར་བྱས་པ་དེར་བཟོད་སྲན་རྩ་བ་ནས་བྱ་རྒྱུ་མིན་གསུངས་འདུག

སྐབས་ ༡༧ ཕའི་གྲོས་ཚོགས་ཚོགས་དུས་གསུམ་པའི་ལས་ཉིན་རིམ་པའི་ཐོག་ད་ལྟའི་བཀའ་ཤག་ནས་གང་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དང་སྣར་ཐང་པར་ཁང་སྒོ་རྒྱག་རྒྱུའི་ཐད་ལ་དོགས་འདྲི་བསྐྱར་ཟློས་ཡང་ཟློས་ཕེབས་དོན་ལྟར། སྲིད་སྐྱོང་མཆོག་གིས་སྤྱི་འཐུས་གཅིག་གཉིས་ཙམ་གྱི་དགོངས་ཚུལ་ཙམ་མིན་པར་དེའི་ཐད་གྲོས་ཚོགས་ནས་ཐུགས་ཐག་གཅོད་དགོས་པ་གསུངས་པ་བཞིན། དེ་རིང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བརྟན་འཕེལ་མཆོག་གིས་གྲོས་ཚོགས་ཀྱི་ཁོར་ཡུག་ཀྱི་ཚོར་བའི་གནས་སྟངས་ལ་བརྟེན་ནས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དང་འབྲེལ་ནས་སྤྱི་འཐུས་རྒྱུན་ལས་སུ་གྲོས་བསྡུར་གནང་བའི་ཁྲོད་ཞིབ་འཇུག་ཚོགས་ཆུང་འཛུགས་རྒྱུའི་གྲོས་ཆོད་ཅིག་བསྣམས་ཕེབས་རྒྱུ་མང་མོས་ཀྱིས་ཐག་བཅད་པ་དང་། དེ་བཞིན་སྣར་ཐང་པར་ཁང་དང་འབྲེལ་ནས་སྤྱི་འཐུས་མང་བའི་དགོངས་ཚུལ་གཟིགས་དགོས་ཚེ་གྲོས་གཞི་གྲོས་འཆར་གྱི་ཐོག་ནས་བསྣམས་དགོས་པ་ལྟར་སྤྱི་འཐུས་སྒེར་གྱི་གྲོས་གཞི་གྲོས་འཆར་ཞིག་བསྣམས་ཕེབས་ཚེ་གོ་སྐབས་འབུལ་རྒྱུ་དང་ཡང་ན་སྤྱི་འཐུས་རྒྱུན་ལས་ནས་གྲོས་གཞི་གྲོས་འཆར་བསྣམས་དགོས་གསུངས་ཚེ་དེ་ལ་གཞིགས་ནས་རྒྱུན་ལས་ནང་གོ་བསྡུར་གནང་རྒྱུ་ཡིན་པ་གསུངས་སོང་།རྩ་བའི་དེ་རིང་གྲོས་ཚོགས་ཚོགས་དུས་གསུམ་པའི་ལས་ཉིན་བཞི་པའི་ཐོག་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་དང་ཕྱི་དྲིལ་ལས་ཁུངས་ཀྱི་སྔོན་རྩིས་གཏན་འབེབས་དང་འབྲེལ་ནས་བགྲོ་གླེང་ལྷུག་པོ་གནང་ཡོད་པ་དང་། དེ་ཡང་ཁ་སང་དང་དེ་རིང་སྔ་དྲོའི་ཚོགས་ཐུན་ཐོག་བདེ་སྲུང་ལས་ཁུངས་ཀྱི་ལས་དོན་ཐོག་བགྲོ་གླེང་གནང་སྐབས་བོད་མིའི་དང་སློབ་དང་ལྷག་པར་དུ་རང་སྲོག་བློས་གཏོང་མཁན་གྱི་དམག་ཟུར་རྣམ་པར་ངོས་འཛིན་དང་ལྷག་པར་དུ་བློས་གཏོང་མཁན་དེའི་ནང་མི་རྣམས་ལ་ཆེ་བསྟོད་དང་། ཨོ་གླིང་གི་ལས་གཞིའི་ཁོངས་ནས་ནང་མི་གཅིག་ཕྱིའི་རྒྱལ་ཁབ་ཏུ་གཏོང་ཐུབ་ཚེ་ཕན་ཐོགས་ཆེན་པོ་ཡོང་ངེས་གསུངས་པ་ལྟར་བདེ་སྲུང་བཀའ་བློན་མཆོག་གིས་ཆབ་སྲིད་ཀྱི་འགྱུར་འགྲོས་དང་བསྟུན་ནས་དམག་ཟུར་རྣམ་པའི་མཛད་རྗེས་ཁག་རྒྱལ་སྤྱིའི་སྟེང་གླེང་རྒྱུ་བྱུང་བ་དེ་འགྱུར་འགྲོས་ཆེན་པོ་ཞིག་དང་ཁོང་རྣམ་པ་དཔའ་བོ་ཞིག་ཀྱང་ཡིན་པར་ངོས་འཛིན་དང་སྦྲགས། དང་སློབ་དང་རང་སྲོག་བློས་གཏོང་མཁན་གྱི་ནང་མི་རྣམས་ཨོ་གླིང་ལས་འཆར་ནང་འཆར་འབུལ་ཞུ་རྒྱུའི་བསམ་བློ་མེད་ནའང་། དང་སློབ་དང་དམག་ཟུར་རྣམས་ལ་རྒྱ་གར་གཞུང་གི་དམག་མི་དང་གཅིག་མཚུངས་ཀྱི་ཐོབ་ཐང་རག་ཐབས་བྱ་རྒྱུ་དེ་གལ་ཆེ་བ་ཞིག་དང་། ལྷག་པར་དུ་དམག་ཟུར་གྱི་ཁོངས་ནས་རིགས་གཅིག་ལ་ཐོབ་ཐང་མ་རག་པར་ལུས་ནས་ཡོད་སྟབས། དེར་བདེ་སྲུང་དང་དམག་ཟུར་ཚོགས་པ་སོགས་ནས་གནད་དོན་ཁ་གསལ་ཡོང་ཐབས་འབད་བརྩོན་གནང་བཞིན་པ་ལྟར། གྲོས་ཚོགས་རྗེ་མའི་ནང་གཏམ་བཟང་ཞུ་རྒྱུའི་འབད་བརྩོན་གནང་གི་ཡིན་ཞེས་གསུངས་སོང་།དེ་བཞིན་སྤྱི་འཐུས་ཁག་ཅིག་བལ་ཡུལ་ནང་གནས་སྡོད་བཙན་བྱོལ་བོད་མི་ཚོའི་དཀའ་ངལ་དང་ལྷག་པར་དུ་བལ་ཡུལ་ནས་ཡིན་པ་གང་ཞིག་རྒྱ་གར་ནང་སློབ་གཉེར་གནང་ནས་རྒྱ་གར་གཏན་སྡོད་ལག་ཁྱེར་ཡོད་མཁན་ཚོར་འཕར་འགྱངས་ཞུ་རྒྱུར་དཀའ་ངལ་སོགས་ཀྱི་སྐོར་ལ་བགྲོ་གླེང་གནང་སྐབས་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་རྒྱ་གར་དང་ས་གནས་གཞན་དུ་གནས་སྡོད་བོད་མི་ཆོས་མཇལ་བ་སུ་ཞིག་བལ་ཡུལ་ལ་ཕེབས་སྐབས་IC་ཐོག་མཐོང་མཆན་རག་རྒྱུའི་འབད་བརྩོན་གནང་བཞིན་ཡོད་པ་ངོ་སྤྲོད་དང་སྦྲགས། ད་ལྟའི་ཆར་རྒྱ་གར་གྱི་ས་མཚམས་ཀྱི་ཕྱོགས་སུ་RC དང་ Adhaar གཉིས་སྟོན་རྒྱུ་ཡོད་ན་འཛིན་བཟུང་བྱེད་ཀྱི་མེད་ཀྱང་བལ་ཡུལ་ནང་དེ་ལྟར་ཡོང་གི་མེད་སྟབས། རྒྱ་གར་གཞུང་ནས་བལ་ཡུལ་གཞུང་ལ་བཀའ་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་གསུངས་སོང་བ་མ་ཟད། བལ་ཡུལ་ནས་ཡིན་པའི་བཙན་བྱོལ་བོད་མི་རྣམས་ཀྱི་RC འཕར་འགྱངས་གནང་རྒྱུར་རྒྱ་གར་གྱི་ནང་དུ་ཡོད་པའི་་ས་གནས་སོ་སོའི་ངོས་ནས་RC འཕར་འགྱངས་ཞུ་རྒྱུའི་རྒྱབ་གཉེར་སྤྲོད་དགོས་པའི་བཀོད་ཁྱབ་གནང་ཟིན་པ་ཞིག་ཆགས་ཀྱི་ཡོད་པ་གསུངས་སོང་།

བདེ་སྲུང་ལས་ཁུངས་ཀྱི་རྒྱུན་གྲོན་དང་དམིགས་བསལ་གཏན་འབེབས་ཟིན་པའི་རྗེས་སུ་ཕྱི་དྲིལ་ལས་ཁུངས་ཀྱི་སྔོན་རྩིས་གཏན་འབེབས་ཐོག་བགྲོ་གླེང་གནང་བའི་ཁྲོད་སྤྱི་འཐུས་རྣམ་པའི་ཞུ་གཏུགས་ཀྱི་ལས་འགུལ་ཤུགས་ཆེ་རུ་གཏོང་དགོས་པ་དང་། ལྷག་པར་དུ་རྒྱལ་ཁབ་གཞན་ལ་འབྲེལ་བ་གནང་སྐབས་བཙན་བྱོལ་ལ་གྱར་ནས་ཕ་མ་བུ་ཕྲུག་ཁ་བྲལ་བ་ཙམ་མ་ཟད། ལོ་ངོ་བཅུ་ཕྲག་མང་པོ་ཁ་བྲལ་བའི་གནད་དོན་སོགས་ངོ་སྤྲོད་གནང་དགོས་སྐོར་གསུངས་པ་དང་འབྲེལ། སྤྱི་འཐུས་གཅིག་གིས་དེ་སྔའི་བཀའ་ཤག་གི་གཞོན་སྐྱེས་ལྔ་དང་ལྔ་བཅུའི་ཚོགས་འདུ་དེ་མ་འོངས་སྐོང་འཆར་ཡོད་མེད། དེ་བཞིན་ལྔ་དང་ལྔ་བཅུའི་མིང་བྱང་དེ་གནས་མ་ཐུབ་པའི་དཀའ་ངལ་དེ་གང་ཡིན་ཞེས་བཀའ་འདྲི་ཞུས་སྐབས། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་གཞོན་སྐྱེས་ཚོགས་འདུ་གལ་ཆེར་བརྩི་བཞིན་ཡོད་སྐོར་གསུངས་པ་དང་སྦྲགས། ད་ལྟའི་བཀའ་ཤག་ནས་དང་བླང་བོད་དོན་ཞུ་གཏུགས་ལས་འགུལ་ཞེས་པ་དེ་གཞོན་སྐྱེས་ཀྱི་སྣེ་ཁྲིད་རྒྱུའི་ལས་འགུལ་ཞིག་དང་། ལས་དོན་དེ་འཐུས་ཚང་ཞིག་གྲུབ་པ་ཡིན་ན་མིང་བྱང་དེ་བཀའ་ཤག་སྐབས་སོ་སོའི་དགོངས་གཞི་ཡིན་པར་གསུངས་སོང་ལ། སྲིད་སྐྱོང་མཆོག་གིས་ལྔ་དང་ལྔ་བཅུ་ཞེས་པ་དེ་བོད་ཀྱི་ཆབ་སྲིད་ལས་དོན་དང་འབྲེལ་བའི་འཆར་གཞི་བཟོ་མཁན་ཞིག་ལ་གཟིགས་ཚུལ་དང་སྦྲགས། མ་འོངས་གཞོན་སྐྱེས་ཚོགས་འདུ་ཅི་ཙམ་སྐོང་ཚོགས་གནང་ཡང་མིང་དེ་འདོགས་དགོས་པ་ཞིག་མཐོང་གི་མེད་ཀྱང་། གཞོན་སྐྱེས་དང་ལྷན་དུ་མུ་མཐུད་ཚོགས་འདུ་སྐོང་ཚོགས་གནང་འཆར་ཡོད་པ་གསུངས་སོང་།དེ་བཞིན་ཕྱི་དྲིལ་ཁྱབ་ཁོངས་རྒྱ་ཡིག་གི་བརྒྱུད་ལམ་ཚན་པ་ཕྱིར་བསྡུ་བྱས་པའི་སྐོར་ལ་གླེང་སློང་ཤུགས་ཆེར་བྱུང་བ་ལྟར། ཕྱི་དྲིལ་བཀའ་བློན་མཆོག་གིས་ད་ལྟའི་བཀའ་ཤག་ནས་གནས་ཚུལ་སྟངས་འཛིན་ལ་འགྱུར་བ་བཏང་བ་ལྟར། མི་འགྲོ་གསུམ་བདེ་སྲུང་ལས་ཁུངས་སུ་གནས་སྤོར་དང་མི་འགྲོ་གཉིས་སྲིད་བྱུས་ཉམས་ཞིབ་ཁང་དུ་གནས་སྤོར་བཏང་བ་ལས་རྒྱ་ཡིག་གི་གསར་འགོད་ཚན་པ་དེ་སྒོ་བརྒྱབ་མེད་པ་མ་ཟད། སྒོ་རྒྱག་རྒྱུའི་གོ་བསྡུར་ཡང་བྱུང་མེད་པ་གསུངས་སོང་བ་མ་ཟད། སྲིད་སྐྱོང་མཆོག་གིས་གནས་ཚུལ་སྟངས་འཛིན་ལ་འགྱུར་བ་བཏང་བའི་ནང་བདེ་སྲུང་ལས་ཁུངས་ནས་བོད་ནང་གི་གནས་ཚུལ་མཁོ་སྒྲུབ་གནང་དགོས་ཀྱི་ཡོད་པ་དེ་ལྟར་ཡང་། བདེ་སྲུང་ལས་ཁུངས་སུ་དེ་སྔ་རྒྱ་ཡིག་ཤེས་མཁན་གཅིག་ཀྱང་མེད་སྟབས་ལས་བྱེད་གནས་སྤོར་བཏང་བ་ལས་ཕྱིར་བསྡུ་བྱས་མེད་པར་གསུངས་སོང་།

གཞན་ཡང་ཕྱི་དྲིལ་སྒྲ་བརྙན་ཚན་པ་དང་འབྲེལ་ནས་སྤྱི་འཐུས་ཁག་ཅིག་གིས་བོད་ཀྱི་བརྙན་འཕྲིན་ལེ་ཚན་ནང་མདོ་དབུས་ཁམས་གསུམ་གྱི་སྐད་ཡོད་པའི་ལེ་ཚན་དགོས་གལ་དང་། ལྷག་པར་དུ་ཆོས་བརྒྱུད་ཐམས་ཅད་ཀྱི་ལོ་རྒྱུས་བཤད་པའི་ལེ་ཚན་དེ་མུ་མཐུད་གཉེར་དགོས་པ། དེ་བཞིན་གསར་འགོད་ལ་སྟངས་འཛིན་སོགས་གནང་དགོས་པའི་དགོངས་འཆར་ཕེབས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།