Tibetan Royal Year of 2151 | Year of the Wood Dragon

གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་ལྷག་ཕྲོད་རྣམས་སླར་འཕར་འགྱངས་གནང་འདུག

Tibetan News Headlines

  • Monpa community offers ‘Tenshug’ to the Dalai Lama
  • Monpa Community and Tibetans Celebrate 90th Birthday of His Holiness the Dalai Lama in Dharamshala
  • 13 United Nations Special Procedures raise serious concerns about the construction of Kamtok hydroelectric dam in Tibet

རེས་གཟའ་སྤེན་པ། ༢༠༢༤།༠༩།༠༧

  • མོན་པའི་དད་ལྡན་པ་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།
  • མོན་པས་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།
  • རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ ༡༣ གྱིས་སྡེ་དགེ་སྐམ་ཐོག་གི་ཆུ་མཛོད་ལས་གཞིར་ཐུགས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་གནང་འདུག

ཟླ་བ་སྔོན་མའི་ཕྱི་ཚེས་ ༡༦ ཉིན་ཚོགས་དྲུང་ལས་ཁུངས་ཀྱིས་འདི་ལོའི་ཕྱི་ཟླ་ ༩ ནང་ཚོགས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་ལྷག་ཕྲོད་རྣམས་ཟླ་ ༡༢ ཚེས་ ༢༥ ནས་ ༢༩ བར་ཁྱོན་ཉིན་གྲངས་ལྔ་རིང་ཚོགས་རྒྱུའི་ཚོགས་བརྡ་གས་གནང་ཡོད་ཀྱང་། སྤྱི་འཐུས་ ༡༦ ནས་གྲོས་ཚོགས་ཚོགས་བཅར་ཐུབ་མིན་གྱི་དགོངས་ཞུ་ཕུལ་ཡོད་སྟབས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༤༩ པའི་ནང་གསེས་ ༢ པའི་དགོང་དོན་ལྟར་སྤྱི་འཐུས་ཉུང་མཐའི་གྲངས་ཚད་མ་ལོངས་པར་བརྟེན་གྲོས་ཚོགས་ཚོགས་དུས་ ༦ ལས་ཉིན་ལྷག་ཕྲོད་རྣམས་སླར་འཕར་འགྱངས་ཀྱིས་ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༣ ཕྱི་ཚེས་ ༡༣ ནས་ ༡༦ བར་ཉིན་གྲངས་བཞི་རིང་ཚུགས་གཏན་ཁེལ་འདུག

དེ་རིང་ཟླ་ ༡༢ ཚེས་ ༢༡ ཉིན་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱིས་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་ལྷག་ཕྲོད་རྣམས་ཟླ་བ་འདིའི་ཕྱི་ཚེས་ ༢༥ ནས་ ༢༩ བར་གནང་རྒྱུའི་གསལ་བསྒྲགས་གནང་ཡོད་ཀྱང་། སྤྱི་འཐུས་ ༡༦ ནས་གྲོས་ཚོགས་ཚོགས་བཅར་ཐུབ་མིན་གྱི་དགོངས་ཞུ་ཕུལ་ཡོད་སྟབས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༤༩ ནང་གསེས་ ༢ དགོང་དོན་ལྟར་གྲོས་ཚོགས་ཚོགས་དུས་ ༦ ལས་ཉིན་ལྷག་ཕྲོད་རྣམས་སླར་འཕར་འགྱངས་ཀྱིས་ཕྱི་ཚེས་ ༡༣ ནས་ ༡༦ བར་ཉིན་གྲངས་བཞི་རིང་ཚུགས་གཏན་ཁེལ་ཡོད་སྐོར་གསུངས་པ་དང་ཆབས་ཅིག སྤྱི་འཐུས་རྣམ་པས་ཕྱི་ཟླ་ ༣ ཚེས་ ༡༢ ཉིན་ཚོགས་དྲུང་ལས་ཁུངས་སུ་ངོ་བཅར་འབྱོར་ཐོ་འགོད་གནང་དགོས་པ་གསུངས་འདུག

རྩ་བའི་ཕྱི་ཟླ་ ༩ ནང་ཚོགས་པའི་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༦ པའི་ལས་ཉིན་ ༡ ཐོག་སྤྱི་འཐུས་ཞིག་རྒྱ་མི་སོ་པ་དང་འབྲེལ་བ་ཡོད་མེད་ཀྱི་གནད་དོན་ཞིག་བྱུང་བ་དང་འབྲེལ་སྤྱི་འཐུས་ཁག་གཅིག་གིས་བདེ་སྲུང་ལས་ཁུངས་ནས་གནད་དོན་དེ་གཙང་བཟོ་མ་གནང་བར་དུ་གྲོས་ཚོགས་ནང་ཆ་ཤས་བཞེས་ཀྱི་མིན་ཞེས་གསུངས་ཏེ་གྲོས་ཚོགས་ཀྱི་ཚིགས་ར་ནས་ཕྱིར་ཕེབས་པར་བརྟེན་གྲོས་ཚོགས་ཀྱི་གྲུབ་ཆ་རྩ་འབོར་གསུམ་ཆ་གཉིས་མ་ལོངས་པར་གྲོས་ཚོགས་ཀྱི་ལས་ཉིན་ ༤ ནས་གྲོས་ཚོགས་ཚོགས་མ་ཐུབ་པའི་གནས་སྟངས་ཆགས་ཡོད་པ་རེད།

གཞན་ཡང་། དེ་རིང་ཚོགས་དྲུང་ལས་ཁུངས་ཀྱིས་དེ་སྔ་ཕྱི་ཟླ་ ༡༡ ནང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༧ དེ་བཞིན་ཕྱི་ཟླ་ ༣ ཚེས་ ༡༤ ནས་ ༣༠ བར་ཁྱོན་ལས་ཉིན་ ༡༥ ཚོགས་རྒྱུའི་ཚོགས་བརྡ་གནང་བ་དེ་ཕྱིར་འཐེན་གནང་སྟེ། ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༡༨ ནས་ ༣༠ བར་ལས་ཉིན་ ༡༢ རིང་བཞུགས་སྒར་དྷརྨ་སཱ་ལཱའི་སྤྱི་ལྷན་གྲོས་ཚོགས་ཚོགས་ཁང་དུ་ཚུགས་གཏན་ཁེལ་བར་ཚོགས་བརྡའི་གསལ་བསྒྲགས་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།