Tibetan Royal Year of 2151 | Year of the Wood Dragon

ཆེས་མཐོའི་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཟགས་སོང་།

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་དགུ་པ་དེ་བཞིན་ཡོངས་རྫོགས་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་བཟོའི་ལས་དོན་ཐོག་ཕེབས་པའི་ཁྲོད། སྲིད་སྐྱོང་དང་ཚོགས་གཙོ་བགྲེས་གཞོན་གཉིས་ཀྱི་དམ་འབུལ་དང་འབྲེལ་བའི་ཁྲིམས་འཆར་གཏན་འབེབས་ཐུབ་ཀྱང་། ཆེས་མཐོའི་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཟགས་སོང་།

དེ་ཡང་གྲོས་ཚོགས་ཀྱི་ལས་ཉིན་ ༧ པའི་ཐོག་ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཙོས་པའི་ཁྲིམས་སྒྲིག་ཁག་ལ་དགོས་ངེས་ཀྱི་བསྐྱར་བཅོས་འཆར་ཟིན་ཁག་ཅིག་བསྣམས་ཕེབས་པ་ལྟར། དེ་རིང་བཅའ་ཁྲིམས་བསྐྱར་བཅོས་ཁག་གི་ཐོག་ལ་བརྗོད་པ་གཉིས་པའི་ཐོག་ཕེབས་སྐབས། བཅའ་ཁྲིམས་དོན་ཚན་དང་པོ་བོད་དང་བོད་མིའི་མགོན་སྐྱབས་དང་མཚོན་རྟགས་ཞེས་པའི་ནང་དུ་དེ་སྔ་༸གོང་ས་སྐུ་ཕྲེང་ ༡༤ པ་ཆེན་པོ་མཆོག་གི་རང་ཆས་སུ་ཡོད་པའི་སྐུ་དབང་སྐོར་བཀོད་ཡོད་པའི་ཐོག རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ནས་ཀྱང་རང་ཆས་སུ་ཡོད་པའི་སྐུ་དབང་རྣམས་བཞེས་སྐྱོང་མཛད་རྒྱུ་ཞེས་གསར་འཇུག་གིས་བསྐྱར་བཅོས་གནང་སོང་།

དེ་བཞིན་བཅའ་ཁྲིམས་ཀྱི་དོན་ཚན་ཉེར་ལྔ་པ། སྲིད་སྐྱོང་དང་། བཀའ་བློན་རྣམ་པའི་ལས་འཁུར་དམ་འཇོག་ཅེས་པར་ཁྲིམས་སྒྲིག་འཆར་ཟིན་ཚོགས་ཆུང་གིས་བསྐྱར་བཅོས་བསྣམས་པའི་ཐོག་ལ་བཀའ་ཤག་གིས་བཟོ་བཅོས་ཁྲིམས་འཆར་ཕེབས་པ་ལྟར། དེའི་ནང་དུ་འདེམས་ཐོན་སྲིད་སྐྱོང་དང་བཀའ་བློན་རྣམ་པ་བཅསལས་འཁུར་དུ་མ་ཞུགས་གོང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་ཆེ་བ་མེད་ཚེ། སྤྱི་འཐུས་ཚོགས་གཙོའི་མདུན་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་འཁུར་དང་གསང་རྒྱའི་དམ་བཅའམ། ཁས་ལེན་བྱ་དགོས་བཅས་འཁོད་པ་དེར་སྤྱི་མོས་ཀྱི་རྒྱབ་སྐྱོར་ཐོག་གཏན་འབེབས་གནང་ཡོད།

TPiE 2024 Charter Amendment

ཕྱོགས་མཚུངས་སྤྱི་འཐུས་ལྷན་ཚོགས་ཀྱིས་ཚོགས་གཙོ་དང་ཚོགས་གཙོ་གཞོན་པ་འོས་བསྡུ་ཟིན་འཕྲལ་ལས་འཁུར་དུ་མ་ཞུགས་གོང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་མདུན་ནམ། ཁྲིམས་ཞིབ་པ་ཆེ་བ་མེད་ཚེ་སྲིད་སྐྱོང་གི་མདུན་དུཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་འཁུར་དམ་བཅའམ་ཁས་ལེན་བྱེད་དགོས་ཞེས་པའི་བཟོ་བཅོས་ཁྲིམས་འཆར་ཡང་རྒྱབ་སྐྱོར་ཚད་མཐོན་པོའི་ཐོག་གཏན་འབེབས་གནང་སོང་ལ། བར་བརྒལ་ཚོགས་གཙོས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བའི་མདུན་ནམ་ཁྲིམས་ཞིབ་པ་ཆེ་བ་མེད་ཚེ་སྲིད་སྐྱོང་གྱི་མདུན་སྤྱི་འཐུས་ཀྱི་དམ་འབུལ་བྱ་དགོས་པའི་བཟོ་བཅོས་ཁྲིམས་འཆར་ཡང་གཏན་འབེབས་གནང་སོང་།

འོན་ཀྱང་བཅའ་ཁྲིམས་དོན་ཚན་རེ་གསུམ་པ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་དང་འབྲེལ་བའི་བསྐྱར་བཅོས་ཚིག་བརྗོད་ཁོངས་དེ་སྔ་ཡོད་བཞིན་པའི་ཁྲིམས་ཞིབ་པའི་འོས་ཆོས་དེ་བཞིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་ནས་ལོ་བཞི་བཅུའི་རིང་བསྟུན་མི་དགོས་པའི་ཐོག་ལ་བཀའ་ཤག་གི་བཟོ་བཅོས་ཚིག་བརྗོད་ཅིག་བསྣམས་ཕེབས་རྗེས། དེའི་ཐོག་སྤྱི་འཐུས་རྣམས་ཀྱིས་བགྲོ་གླེང་ཁྲོད་དེ་སྔའི་གྲོས་ཆོད་ཨང་ ༣༩ པའི་གནད་དོན་གླེང་སློང་དང་འབྲེལ་ཚོར་བ་ཆེན་པོའི་ཐོག་བགྲོ་གླེང་གནང་བའི་མཐར། འོས་ཤོག་འཕེན་སྐབས་རྒྱབ་སྐྱོར་གནང་མཁན་ ༢༦ བཅས་དགོས་ངེས་ཀྱི་རྒྱབ་སྐྱོར་མ་ཐོབ་པར། ཐེངས་འདིའི་གྲོས་ཚོགས་ཐོག་སླར་ཡང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་འོས་ཆོས་དང་འབྲེལ་བའི་ཁྲིམས་འཆར་གཏན་འབེབས་གནང་ཐུབ་མ་སོང་།

གཞན་ཡང་ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གིས་བོད་ཀྱི་ཡུལ་མིའི་ཁྲིམས་སྒྲིག་དང་འབྲེལ་བའི་བསྐྱར་བཅོས་ཁྲིམས་འཆར་བསྣམས་ཡོད་ཀྱང་དེར་དགོས་ངེས་ཀྱི་རྒྱབ་སྐྱོར་མ་ཐུབ་པ་དང་འབྲེལ་ནས་ཟགས་སོང་ལ། སྤྱི་འཐུས་རྒྱུན་ལས་ཀྱི་སྒྲུབ་ཆའི་ནང་དུ་ཕྱི་རྒྱལ་སྤྱི་འཐུས་ཀྱི་ས་དམིགས་གཅིག་དགོས་སྐོར་དང་།  སྤྱི་འཐུས་བྱེ་བྲག་པ་འཕོ་འགྱུར་དང་འབྲེལ་བའི་ཁྲིམས་སྒྲིག་བསྐྱར་བཅོས་སོགས་ལ་དགོས་ངེས་རྒྱབ་སྐྱོར་མ་ཐོབ་པ་དང་འབྲེལ་ནས་ཟགས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།