Tibetan Royal Year of 2151 | Year of the Wood Dragon

བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་སྤྱི་མོས་ཐོག་གཏན་འབེབས།

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༧ པའི་ལས་ཉིན་གཉིས་པའི་ཐོག་བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་མུ་མཐུད་བགྲོ་གླེང་དང་སྦྲགས། རྒྱ་གཞུང་གིས་བོད་ནང་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་ལ་དམ་དྲག་དང་། མི་སེར་སྤེལ་ཡུལ་གྱི་བཅའ་སྡོད་སློབ་གྲྭ་ཆེད་འཛུགས་ཀྱིས་བོད་མིའི་ངོ་བོ་རྩ་མེད་གཏོང་བཞིན་པའི་སྲིད་བྱུས་འཕྲལ་མར་མཚམས་འཇོགས་དགོས་པ། ཉེ་ཆར་སྡེ་དགེ་ནང་གི་ཆུ་མཛོད་གསར་རྒྱག་གི་གནད་དོན་གཙོས་བོད་ནང་གི་ཛ་དྲག་གནས་སྟངས་སོགས་གྲོས་ཆོད་དོན་ཚན་ ༧ སྤྱི་མོས་ཐོག་གཏན་འབེབས་གནང་སོང་། 

Solidarity Inside Tibet

བགྲོ་གླེང་ཁྲོད་སྤྱི་འཐུས་རྣམ་པས་རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་པོའི་སྲིད་བྱུས་ཁག་ཐེར་འདོན་གྱིས་རྒྱ་གཞུང་གི་བྱེད་བབ་ལ་སྐྱོན་བརྗོད་ནན་པོ་དང་སྦྲགས། རྒྱ་གཞུང་གི་སྲིད་བྱུས་འོག་དཀའ་སྡུག་མྱོང་བཞིན་པའི་གཞིས་ལུས་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུས་ཡོད་པ་གསུངས་ཡོད།

མ་ཟད་སྤྱི་འཐུས་ཁག་ཅིག་གིས་བགྲོ་གླེང་ཁྲོད་ང་ཚོ་བོད་མི་ནང་ཁུལ་ལ་འགལ་ཟླའི་རིགས་མ་གནང་པར་བོད་དོན་བདེན་མཐའ་སེལ་ཐབས་ཐོག་ཚང་མས་ནུས་པ་མཉམ་སྤུངས་དང་རྡོག་རྩ་གཅིག་སྒྲིག་གནང་དགོས་གལ་དང་། གོ་སྐབས་དམ་འཛིན་ཐོག་རྒྱལ་སྤྱིའི་རྒྱལ་ཁབ་དང་སྒྲིག་འཛུགས་ཁག་ལ་བོད་དོན་ཞུ་གཏུག་སོགས་ཀྱི་ནུས་པ་རྒྱ་སྐྱེད་གཏོང་དགོས་པ། དེ་བཞིན་རྒྱ་གར་གཞུང་དམངས་ཀྱི་བོད་དོན་རྒྱབ་སྐྱོར་དང་ཞུ་གཏུག་གནང་ཕྱོགས་སྐོར་ལ་གསུང་མཁན་ཡང་བྱུང་སོང་།

Solidarity Inside Tibet

དེ་བཞིན་ཁག་ཅིག་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་བསྐྱར་ཞིབ་དགོས་གལ་དང་། གཞུང་འབྲེལ་གྱི་སྲིད་བྱུས་དེ་རང་བཙན་ཐོག་བསྐྱོད་དགོས་པ་སོགས་ཀྱི་དགོངས་ཚུལ་གསུངས་མཁན་བྱུང་ཡོད། 

སྐབས་དེའི་བགྲོ་གླེང་ཁྲོད་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་འདི་བོད་ནང་གི་བོད་མི་རྣམས་ལ་སེམས་ཤུགས་འཕར་གཞི་ཞིག་ཏུ་འགྲོ་ཐུབ་དགོས་གལ་ཡིན་པ་གསུངས་ཡོད། 

བགྲོ་གླེང་ཁྲོད་སྤྱི་འཐུས་མི་ཉུང་བ་ཞིག་གིས་དབུ་མ་དང་རང་བཙན་སྐོར་གསུངས་པ་དང་འབྲེལ་དབུ་མའི་ལམ་གྱི་སྲིད་བྱུས་གཏན་འབེབས་ཀྱི་བརྒྱུད་རིམ་འགྲེལ་བརྗོད་དང་སྦྲགས། སྲིད་བྱུས་བསྐྱར་བཅོས་དགོས་ཚེ་ཁྲིམས་ལུགས་དང་མཐུན་པའི་བརྒྱུད་རིམ་ཚད་ལྡན་ཞིག་གི་ཐོག་ལ་ཕེབས་དགོས་པ་གསུངས་ཡོད། 

དེ་བཞིན་སྲིད་སྐྱོང་མཆོག་གིས་བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་དང་སྦྲགས། རྒྱ་ནག་གཞུང་གིས་མི་རིགས་མཉམ་བསྲེས་གཏོང་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་ཤུགས་རྐྱེན་དང་། དེ་ལ་གདོང་ལེན་གང་འདྲ་བྱ་དགོས་མེད་སོགས་ཤེས་པའི་ཐོག་ནས་སྔོན་འགོག་གི་ལས་དོན་གང་བྱ་དགོས་མིན་ཐོག་བསམ་བློ་གཏང་དགོས་པ་གསུངས་ཡོད།  

Solidarity Inside Tibet

གཞན་ཡང་དེ་རིང་གི་གྲོས་ཚོགས་ཚོགས་དུས་ཐོག་སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༤ དང་ ༢༠༢༥ ལོའི་སྔོན་རྩིས་འགོད་འབུལ་གྱི་གསུངས་བཤད་ཐོག་སྤྱི་འཐུས་རྣམ་པས་བགྲོ་གླེང་དང་བཀའ་བློན་མཆོག་གི་ལན་འདེབས་གསལ་བཤད་གནང་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་གཏན་འབེབས་ཀྱི་ལས་རིམ་ཐོག་ཕེབས་ཡོད། 

སྐབས་དེར་ཚོགས་དྲུང་ལས་ཁུངས་ཀྱི་རྒྱུན་གྲོན་ཐོག་ཕེབས་སྐབས་སྤྱི་འཐུས་རྣམ་པ་ས་བགོས་ཐོག་བོད་མི་གནས་ཡུལ་གྱི་ས་གནས་ཁག་ཏུ་འཚམས་གཟིགས་ཕེབས་སྲོལ་ཡོད་པ་དེ་ཕན་ཐོགས་དེ་ཙམ་ཡོད་མེད་སྐོར་དགོངས་ཚུལ་གསུང་མཁན་བྱུང་ཡོད།  

དེ་བཞིན་བདེ་སྲུང་ལས་ཁུངས་ཀྱི་རྒྱུན་གྲོན་གཏན་འབེབས་གནང་སྐབས་སྤྱི་འཐུས་ཁག་ཅིག་གིས་བདེ་སྲུང་ལས་ཁུངས་ཀྱི་ལས་དོན་དང་འབྲེལ་ཨོ་སི་ཀྲོ་ལི་ཡ་བོད་མི་གཞིས་སྤོས་ཀྱི་ལས་གཞི་དང་། Return Visa སོགས་གནད་དོན་ཁག་ཅིག་གི་ཐོག་བཀའ་འདྲི་ཕེབས་སོང་། 

འབྲེལ་ཡོད་གསར་གནས།

གསར་གནས།