Tibetan Royal Year of 2151 | Year of the Wood Dragon

བོད་མིའི་ཆབ་སྲིད་བཙོན་པ་གྲྭ་ཆོས་དབྱིངས་མཁས་གྲུབ་ལགས་འཕྲལ་མར་གློད་བཀྲོལ་དགོས་པ་གསུངས་འདུག

Tibetan News Headlines

  • སེམས་བཟང་པོ་བྱ་རྒྱུ་ནི་ངོས་ལ་སྒྲུབ་པའི་ཆོས་ཡག་ཤོས་དེ་ཆགས་ཀྱི་ཡོད་ཅེས་བཀའ་སྩལ་བ།
  • རྒྱ་ནག་གིས་ཨ་རུ་ནཱ་ཅལ་གྱི་ས་ཁུལ་ཁག་ལ་མིང་གསར་པ་བཏགས་པའི་ལས་གཞིར་དཔྱད་ཞིབ།

Saturday 20/04/2024

  • Dalai Lama Calls for greater Compassion, Deems Kindness the Best Religious Practice
  • Thread of beads: Analysis of China’s renaming of places in Arunachal

ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་རྒྱ་གཞུང་ནས་རྒྱ་ནག་སྤྱི་དང་སྒོས་སུ་བོད་དང་ཤིན་ཅང་སོགས་གྲངས་ཉུང་མི་རིགས་ཀྱི་ས་གནས་ཁག་ཏུ་འགྲོ་བ་མིའི་ཐོབ་ཐང་ཙམ་མ་ཟད་མང་ཚོགས་ཀྱི་ཆོས་དད་རང་དབང་ཐོག་དམ་དྲག་རིགས་མུ་མཐུད་བྱེད་བཞིན་ཡོད་པར་ཐུགས་འཚབ་དང་སྦྲགས། རྒྱ་གཞུང་གིས་འཛིན་བཟུང་བཙོན་འཇུག་འོག་ཡོད་པའི་བོད་མིའི་ཆབ་སྲིད་བཙོན་པ་གྲྭ་ཆོས་དབྱིངས་མཁས་གྲུབ་ལགས་དང་རྒྱ་རིགས་བཙོན་པ་ཁག་གཅིག་མཚན་འདོན་གནང་ཐོག་ཁོང་རྣམས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་འཕྲལ་མར་གློད་བཀྲོལ་དགོས་པ་གསུངས་འདུག

US Ambassador 1

དེ་ཡང་ཁ་སང་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་གཞུང་ཚབ་ཆེན་མོ་སྐུ་ཞབས་ Rashad Hussain ལགས་ཀྱིས་  Twitter དྲ་གནས་ཐོག་བོད་མིའི་ཆབ་སྲིད་བཙོན་པ་གྲྭ་ཆོས་དབྱིངས་མཁས་གྲུབ་ལགས་ནི་བོད་རང་བཙན་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱབ་སྐྱོར་གྱི་བསྒྲགས་ཡིག་ཕོན་ཆེ་བཀྲམས་པའི་ཉེས་མིང་འོག་ཚེ་བཙོན་གྱི་ཁྲིམས་ཆད་བཅད་དེ་ད་བར་མི་ལོ ༢༤ ཙམ་རྒྱ་ནག་གིས་བཙོན་འཇུག་བྱས་པ་སོགས་ལུང་འདྲེན་དང་འབྲེལ།  རྒྱ་གཞུང་ལ་ཁོང་ཆ་རྐྱེན་གང་ཡང་མེད་པར་འཕྲལ་མར་གློད་བཀྲོལ་དགོས་པ་དང་ཁོང་གི་ད་ལྟའི་གནས་སྟངས་སྐོར་བདེན་པ་ཁུངས་སྐྱེལ་གནང་དགོས་པ་བཀོད་འདུག

གཞི་རྩའི་ད་བར་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་རྒྱ་གཞུང་གིས་བཀག་ཉར་འོག་ཡོད་པའི་མི་སྣ་ཁག་གཅིག་མཚན་འདོན་གནང་ཡོད་པ་དང་། དེ་དག་གི་ཁོངས་སུ་༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་དབུས་པའི་བོད་མིའི་ཆབ་སྲིད་བརྩོན་པ་གྲྭ་ཆོས་དབྱིངས་མཁས་གྲུབ་ལགས། ཧོང་ཀོང་གི་ Jimmy Lai ལགས། ཡུ་གུར་མི་རིགས་ཀྱི་རང་དབང་རྩོད་ལེན་པ་སྐུ་ཞབས་ Ilham Tohti ལགས་དང་ Rashan Abbas ལགས། དེ་བཞིན་རྒྱ་ནག་ནང་འགྲོ་བ་མིའི་རིགས་ལ་ཕན་བདེ་སྒྲུབ་པའི་ལས་དོན་སྤེལ་བར་ལོ་བདུན་གྱི་བཙོན་འཇུག་ཁྲིམས་བཅད་མྱོང་མཁན་ཨ་རིའི་མི་སེར་ཡིན་པ་ཆོས་དཔོན་  John Cao ལགས་སོགས་ཀྱང་ཡོད་པ་རེད་འདུག

US Ambassador 1

ཟླ་བ་འདིའི་ཕྱི་ཚེས་ ༢ ཉིན་ཚོགས་ཆུང་དེ་ཉིད་ཀྱིས་ཁམས་སྡེ་དགེ་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ཐད་ཆེས་ཐུགས་འཚབ་དང་སྦྲགས། རྒྱ་གཞུང་གིས་སྡེ་དགེའི་ནང་ཆུ་མཛོད་གསར་རྒྱག་གི་ལས་གཞིའི་ཁྲོད་ལོ་རྒྱུས་རང་བཞིན་ལྡན་པའི་བོད་པའི་དགོན་སྡེ་ཁག་དྲུག་དང་གྲོང་ཚོ་གཉིས་གཏོར་སྐྱོན་བྱེད་ཉེན་ལ་བརྟེན། ལས་གཞི་དེར་ངོ་རྒོལ་གནང་མཁན་ས་གནས་བོད་མི་རྣམས་འཛིན་བཟུང་བཀག་ཉར་བྱས་པར་སྐྱོན་བརྗོད་ཀྱིས་བཀག་ཉར་འོག་ཡོད་པའི་བོད་མི་རྣམས་འཕྲལ་མར་གློད་བཀྲོལ་དགོས་པ་དང་། གནད་དོན་དེས་རྒྱ་གཞུང་གིས་བོད་ནང་གི་བོད་མི་རྣམས་བཙན་གྱིས་རྒྱ་མི་རིགས་དང་མཉམ་བསྲེས་དང་། བོད་ཀྱི་ཐུན་མིན་ཆོས་རིག་དང་སྐད་ཡིག་སོགས་རྩ་མེད་བཟོ་རྒྱུའི་དམིགས་ཡུལ་འཛིན་གྱི་ཡོད་པ་སོགས་མཚོན་གྱི་ཡོད་པ་གསུངས་འདུག

དེ་བཞིན་འདི་ལོའི་ཕྱི་ཟླ་ ༡ ནང་སུད་སི་ཇི་ནི་ཝར་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་རྒྱ་ནག་ཐོག་དུས་བཀག་བསྐྱར་ཞིབ་ཐེངས་ ༤ འཚོགས་ཡོད་པ་དང་བསྟུན། CECC ཞེས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་དང་འཛིན་སྐྱོང་གི་སྐུ་ཚབ་བཅས་ལས་གྲུབ་པའི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་ Twitter དྲ་གནས་ཐོག་རྒྱ་གཞུང་གིས་རྒྱ་ནག་སྤྱི་དང་། ཡང་སྒོས་སུ་ཤིན་ཅང་དང་ཧོང་ཀོང་། བོད་བཅས་སུ་ལྟ་སྲུང་དང་འཇིགས་སྐུལ། དེ་བཞིན་འཛིན་བཟུང་དོ་དམ་སོགས་ཀྱི་ལས་དོན་རྒྱ་ཆེར་སྤེལ་ཏེ་ས་ཁུལ་དེ་དག་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཆེས་ཇེ་སྡུག་ཏུ་སོང་ཡོད་པ་འགྲེལ་བརྗོད་དང་འབྲེལ། རྒྱ་གཞུང་གིས་འཛིན་བཟུང་བཙོན་འཇུག་འོག་ཡོད་པའི་ཆབ་སྲིད་བཙོན་པ་དེ་དག་རེ་རེ་ངོ་སྤྲོད་ཀྱིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་ངོས་ནས་མཐུན་ཕྱོགས་རྒྱལ་ཁབ་ཚོ་དང་ལྷན་བཙོན་པ་དེ་དག་རེ་རེའི་གནད་དོན་ཐད་རྒྱ་ནག་ལ་འདྲི་རྩད་གནང་རོགས་ཞེས་ཞུ་སྐུལ་གནང་ཡོད་པ་རེད།

US Ambassador 1

ཆབ་སྲིད་བཙོན་པ་གི་མིང་གཞུང་དེའི་ཁོངས་སུ་བོད་ཀྱི་རྩོམ་པ་པོ་ཐུབ་བསྟན་བློ་གྲོས་ལགས་དང་།  གྲྭ་བློ་བཟང་འཕྲིན་ལས་ལགས། གངས་སྐྱེས་སྒྲུབ་པ་སྐྱབས་ལགས། དབང་མོ་ལགས། བློ་བཟང་སྐལ་བཟང་ལགས། བཀྲ་ཤིས་སྐྱིད་ལགས། དེ་བཞིན་རོང་བོ་གངས་དཀར་ལགས་བཅས་ཁྱོན་བོད་མིའི་ཆབ་སྲིད་བརྩོན་པ་ ༤༠ ལྷག་བཀོད་པ་ཡོད་པ་དང་། ཁོང་རྣམ་པ་ནི་རང་ཉིད་ཀྱི་སྨྲ་བརྗོད་རང་དབང་ལོངས་སུ་སྤྱད་པར་ཆབ་སྲིད་ཀྱི་ཉེས་མིང་འོག་འཛིན་བཟུང་བཀག་ཉར་གྱི་ཁྲིམས་ཐག་བཅད་པ་སོགས་མངོན་གསལ་གྱིས། ཨ་རིའི་ངོས་ནས་རྒྱ་ནག་ལ་བོད་མི་ཐེ་བའི་ཆབ་སྲིད་བཙོན་པ་དེ་དག་གི་གནད་དོན་ཐོག་འདྲི་རྩད་ནན་པོ་གནང་དགོས་པའི་ཞུ་སྐུལ་གནང་ཡོད།

རྩ་བའི་ཚོགས་ཆུང་ངོས་ནས་དྲ་གནས་ཐོག་རྒྱ་གཞུང་གིས་ད་དབར་ཆབ་སྲིད་དང་ཆོས་ལུགས་ཀྱི་གནས་སྟངས་ལ་གཞིགས་ནས་རྒྱ་ནག་སྤྱི་དང་ལྷག་པར་བོད་དང་ཤིན་ཅང་སོགས་ནས་བཙོན་འཇུག་བྱས་པའི་བཙོན་པ་ཚོའི་གྲངས་ཐོ་ཁག་ཅིག་འདོན་སྤེལ་གནང་ཡོད་པ་དང་།  ཕྱི་ལོ་ ༢༠༡༩ ལོའི་ཕྱི་ཟླ ༡༠ ནང་ཐོན་པའི་གྲངས་ཐོར་གཞིག་ན། རྒྱ་ནག་ནང་ཆབ་སྲིད་དང་ཆོས་ཕྱོགས་ཀྱི་བཙོན་འཇུག་བྱས་པའི་བཙོན་པ་ཁྱོན་ ༩༨༧༥ ཡོད་པ་དང་། དེ་དག་ཁྲོད་བོད་མི་ཆབ་སྲོད་བརྩོན་པ་ཁྱོན་ ༦༨༠ ལྷག་ཡོད་པ་བཀོད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།