Tibetan Royal Year of 2151 | Year of the Wood Dragon

ཝུ་ཧན་གྱི་ནང་དུ་ཏོག་ནད་ཕོག་མཁན་སྲིད་གཞུང་གི་གྲངས་ཐོ་ལས་ལྡབ་ལྔ་ལྷག་གིས་མང་བ་མངོན་གསལ།

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

རྒྱ་ནག་གི་རིམས་ནད་དོ་དམ་དང་སྔོན་འགོག་ཁང་ཞིག་གིས་ཞིབ་འཇུག་བྱས་པ་ལྟར་ན། རྒྱ་ནག་གཞུང་འབྲེལ་གྱིས་ཏོག་དབྱིབས་རིམས་ནད་འགོས་ཁྱབ་གྲངས་ཚད་ཕྱིར་འདོན་བྱས་པ་ལས། དོན་དངོས་ཀྱི་རིམས་ནད་འགོས་ཁྱབ་ཀྱི་དོན་རྐྱེན་ལྡབ་བཅུ་ལས་མང་བ་ཡིན་པར་ར་སྤྲོད་བྱས་འདུགཁ་སང་ CDC ཞེས་པའི་རྒྱ་ནག་གི་རིམས་ནད་དོ་དམ་དང་སྔོན་འགོག་ལྟེ་གནས་ཁང་གིས་རིམས་ནས་ཐོག་མར་ཁྱབ་བརྡལ་བྱུང་སའི་གྲོང་ཁྱེར་ཝུ་ཧན་གྱི་གཙོ་བྱས་པའི་པེ་ཅིན་དང་ཧྲང་ཧེ། དེ་བཞིན་ཀོང་ཏུང་དང་ཟི་ཁྲོན་སོགས་ཀྱི་གྲོང་ཁྱེར་ཆེ་ཁག་གི་མི་གྲངས་༣༤༠༠༠ ལྷག་ལ་བརྟག་དཔྱད་བྱས་པའི་གྲུབ་དོན་དུ།  ཝུ་ཧན་ཁུལ་དུ་མི་གྲངས་ས་ཡ་བཅུ་གཅིག་ཡོད་པའི་ཁུལ་དེར་གནས་སྡོད་བྱེད་མཁན་གྱི་མི་མང་གི་ཁྲོད་དུ་རིམས་ནད་ཁྱབ་ཚད་དེ་བརྒྱ་ཆ་ ༤།༤༣ ལྷག་ཡིན་པ་དང་།   གནས་སྟངས་དེ་ནི་ཝུ་ཧན་ཁུལ་དུ་ཚོད་རྩིས་བྱས་པ་ལྟར་ན་རིམས་ནད་འགོས་ཁྱབ་ཀྱི་མི་གྲངས་འབུམ་ལྔ་ལྷག་བྱུང་ཡོད་པར་བརྟེན།  གྲངས་ཚད་དེ་ནི་སྲིད་གཞུང་གིས་ནད་པའི་གྲངས་ཐོ་ཕྱིར་བསྒྲགས་བྱས་པ་ལས་ལྡབ་ལྔ་ལྷག་བརྒལ་ཡོད་པར་ཡོངས་གྲགས་གནང་འདུག

རྒྱ་ནག་ནང་གི་རིམས་ནད་ཁྱབ་བརྡལ་དེ་དང་འབྲེལ་ནས། རྒྱ་ནག་གི་རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཁང་གི་ཕྱི་འབྲེལ་མི་སྣ། Yanzhong Huang ལགས་ཀྱིས་ཁ་ན་ཊའི་ CTV གསར་ཁང་ལ་གནས་ཚུལ་ངོ་སྤྲོད་བྱས་པའི་ནང་དུ། རིམས་ནད་ཐོག་མར་ཁྱབ་བརྡལ་གྱི་སྐབས་སུ་སྤྱི་ཚོགས་ཟང་ཟིང་གི་གནས་སུ་གྱུར་ཡོད་སྟབས་སྲིད་གཞུང་གིས་དུས་ཐོག་ཏུ་ནད་པའི་གྲངས་ཐོ་ཡར་འཇུག་བྱེད་རྒྱུར་དཀའ་ངལ་འཕྲད་ཡོད་སྐོར་དང་། དེ་བཞིན་ཟླ་བ་དང་པོ་དང་གཉིས་བའི་ནང་དུ། ཝུ་ཧན་ཁུལ་དུ་ཚ་བ་རྒྱས་པའི་ནད་པའི་གྲངས་ཚད་ལྟོས་བཅོས་ཀྱིས་འཕར་ཡོད་སྟབས་སྨན་ཁང་ཁག་ཏུ་མི་ཆ་དང་མཐུན་རྐྱེན་གྱི་ཐད་ནས་དཀའ་ངལ་འཕྲད་ཡོད་སྟབས། མི་མང་པོ་ཞིག་སྨན་ཁང་དུ་བསྟེན་གཏུག་བྱེད་རྒྱུ་ལས་རང་ཁྱིམ་དུ་ཟུར་བཀག་བྱས་ཏེ་འདས་གྲོངས་སུ་ཕྱིན་ཡོད་པ་སོགས་སྲིད་གཞུང་གིས་རིམས་ནད་འགོས་ཁྱབ་ཀྱི་གྲངས་ཐོའི་ནང་དུ་ཐོ་འགོད་བྱེད་ཐུབ་མེད་པར་བརྗོད་ཡོད་པ་འཁོད་འདུགགཞན་ཡང་ཁ་ན་ཊའི་ནང་གི་ CTV གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་དུ། རིམས་ནད་ཐོག་མར་ཁྱབ་བརྡལ་བྱུང་སྐབས་སུ་གནས་ཚུལ་འཚོལ་སྡུད་བྱེད་མཁན་རྣམས་བརྒྱུད་ནས་རྒྱ་ནག་ནང་གི་རིམས་ནད་དོ་དམ་དང་སྔོན་འགོག་ཁང་གི་ནད་པའི་གྲངས་ཐོ་ཕྱིར་གྱར་བྱུང་བའི་ཁྲོད་དུ།  རྒྱ་ནག་སྲིད་གཞུང་གིས་ཟླ་བ་ ༢ པའི་ཚེས་ ༡༠ དང་ཟླ་བ་ ༣ པའི་ཚེས་ ༧ ཉིན་ནད་པའི་གྲངས་ཐོ་ཕྱིར་བསྒྲགས་བྱས་པའི་ཁྲོད་དངོས་ཡོད་ཀྱི་ནད་པའི་གྲངས་ཐོ་ཇེ་ཉུང་དུ་བཏང་ནས་ཕྱིར་བསྒྲགས་བྱས་ཡོད་པ་ཤེས་རྟོག་བྱུང་ཡོད་ལུགས་གསལ་འདུག

དེ་བཞིན་གསར་ཁང་གིས་རིམས་ནད་ཁྱབ་བརྡལ་གྱི་དུས་སྐབས་སུ་རྒྱ་ནག་སྲིད་གཞུང་གིས་རང་དབང་གི་གསར་འགོད་པ་རྣམས་ཀྱིས་གྲོང་ཁྱེར་ཝུ་ཧན་ཁུལ་གྱི་དངོས་ཡོད་ཀྱི་རིམས་ནད་དར་ཁྱབ་དང་འབྲེལ་བའི་གནས་སྟངས་ལ་རྒྱུས་ལོན་གྱིས་གནས་ཚུལ་ཕྱིར་བསྒྲགས་བྱེད་མཁན་རྣམས་ལ་དམ་དྲག་ཤུགས་ཆེར་བྱས་ཡོད་པ་དང་འབྲེལ་ནས། བདུན་ཕྲག་འདིའི་རེས་གཟའ་ཟླ་བའི་ཉིན་སྐབས་དེར་རིམས་ནད་ཀྱི་གནས་ཚུལ་ཕྱིར་བསྒྲགས་བྱེད་མཁན་གྱི་གསར་འགོད་པ་ Zhang Zhan ལགས་ལ་ལོ་བཞི་་ཡི་ཁྲིམས་ཐག་བཅད་པ་དང་། དེ་མིན་གྱི་གསར་འགོད་པ་ Li Zehua དང་ Fang Bin གཉིས་འཛིན་བཟུང་བྱས་ཡོད་པ་སོགས་ཀྱི་གནད་དོན་འཁོད་འདུག

གཞི་རྩའི་ཏོག་དབྱིབས་ནད་དུག་ཐོག་མར་རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་ཁུལ་དུ་ཁྱབ་བརྡལ་བྱུང་སྐབས། སྲིད་གཞུང་གིས་མི་མང་ལ་དམ་དྲག་ཤུགས་ཆེར་བྱས་ཡོད་པ་དང་། སྐབས་དེར་སྨན་ཁང་ཁག་ཏུ་སྨན་བཅོས་ཀྱི་མཐུན་རྐྱེན་གྱིས་མ་འདང་བའི་དཀའ་ངལ་རིམ་པ་བྱུང་བའི་ཁྲོད། མི་རེ་འགའ་གསོན་པོར་དུར་འཇུག་བྱས་པ་སོགས་ཀྱི་གནད་དོན་རིམ་པ་ཐོན་ཡོད་ནའང་། རྒྱ་ནག་སྲིད་གཞུང་གིས་རིམས་ནད་དང་འབྲེལ་བའི་གནས་ཚུལ་སྤེལ་མཁན་གྱི་སྨན་པ་དང་གསར་འགོད་པ་སོགས་བཀག་སྡོམ་གྱིས་ཉེས་ཆད་བཅད་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།