Tibetan Royal Year of 2151 | Year of the Wood Dragon

རྒྱ་དཀར་ནག་གཉིས་དབར་གྱི་ས་མཚམས་གྲོས་མོལ་ཐེངས་ ༢༡ པ་ཚོགས་ཀྱང་འདུན་སྐྱོད་མེད་པ།

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

ཉེ་ཆར་ལ་དྭགས་ཀྱི་ Chushul-Moldo འཕགས་བོད་ས་མཚམས་ཁུལ་གྱི་རྒྱ་ནག་ས་ཕྱོགས་ནང་དུ་རྒྱ་གར་གྱི་དམག་དཔོན་སྐུ་ཞབས་ Rashim Bali དང་རྒྱ་ནག་གི་ལྷོ་ཤིན་བྱང་དམག་དོན་རུ་ཁག་གི་དམག་དཔོན་གཉིས་ཀྱི་སྣེ་ཁྲིད་འོག་རྒྱ་དཀར་ནག་གཉིས་ཀྱི་དམག་དཔོན་རིམ་པའི་དབར་ས་མཚམས་གྲོལ་མོལ་ཐེངས་ ༢༡ པ་དེ་ཚོགས་འདུག་ཀྱང་དེབ་སང་ (Depsang) དང་དེམ་ཆོག་ (Demchok) བཅས་ཀྱི་ས་ཁུལ་ནས་དམག་མི་ཕྱིར་འཐེན་བྱེད་རྒྱུ་སོགས་ཀྱི་གནད་དོན་ཐོག་འདུན་སྐྱོད་གང་ཡང་བྱུང་མེད་པ་རེད་འདུག

India China Border Dispute
Image Source: NDTV

དེ་ཡང་ཁ་ས་ NDTV སོགས་རྒྱ་གར་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་གཞིག་ན། ཁ་ས་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་གསར་འགོད་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་བའི་ནང་དུ་ཟླ་བ་འདིའི་ཚེས་༡༩ ཉིན་རྒྱ་དཀར་ནག་གཉིས་དབར་གྱི་ས་མཚམས་གྲོས་མོལ་རིམ་པ་ ༢༡ པ་དེ་ཚོགས་ཡོད་པ་དང་། དེའི་ཐོག་ས་མཚམས་ས་ཁུལ་ཁག་ཏུ་ཞི་བདེ་བག་ཕེབས་ཡོང་སླད་ཕྱོགས་གཉིས་ཀའི་ས་མཚམས་ས་ཁུལ་ཁག་ནས་དམག་མི་ཕྱིར་འཐེན་བྱ་རྒྱུ་གཙོ་བོར་འགྱུར་བའི་དེ་སྔ་གྲོས་མོལ་རིམ་པ་ ༢༠ པའི་གྲོས་བསྡུར་གནང་བའི་གནད་དོན་ཁག་གི་ཐོག་ལ་གྲོས་བསྡུར་མུ་མཐུད་གནང་སྟེ། ཕྱོགས་གཉིས་ཀའི་ངོས་ནས་གནད་དོན་དེ་དག་ཐོག་འདུན་སྐྱོད་བྱ་རྒྱུའི་ཐད་དམག་དོན་དང་ཆབ་སྲིད་ཀྱི་བརྒྱུད་རིམ་ཐོག་ནས་འབྲེལ་བ་མུ་མཐུད་གནང་རྒྱུ་དང་། ཐག་གཅོད་གསལ་པོ་མ་བྱུང་བའི་བར་དུ་ཕྱོགས་གཉིས་ཀའི་ངོས་ནས་ས་གནས་ས་ཐོག་ཏུ་ཞི་བདེ་ལྷིང་འཇགས་ངང་གནས་རྒྱུའི་གྲོས་མཐུན་བྱུང་ཡོད་པ་གསུངས་འདུག ཡིན་ནའང་འབྲེལ་ཡོད་མི་སྣས་གསུངས་པར་གཞིག་ན། ཐེངས་འདིའི་གྲོས་མོལ་ཐོག་ས་མཚམས་ཀྱི་ད་ཡོད་རྙོག་གླེང་ཐོག་འདུན་སྐྱོད་ཀྱི་རྣམ་པ་གང་ཡང་མངོན་རྒྱུ་མེད་པ་གསུངས་འདུག

རྩ་བའི་ཕྱི་ལོ་ ༢༠༢༠ ལོའི་ Galwan གདོང་ཐུག་གི་གནད་དོན་རྗེས་སུ་རྒྱ་དཀར་ནག་གཉིས་དབར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་པའི་ཁྲོད། རྒྱལ་ཁབ་ཕྱོགས་གཉིས་དབར་གྱི་དམག་དཔོན་རིམ་པའི་ས་མཚམས་གྲོས་མོལ་ཡང་མགོ་བཙུག་པའི་རྗེས་སུ། ལ་དྭགས་དཔང་མགོན་མཚོ་ (Pangong Lake) དང་ Gogra ཁུལ་གྱི་འཕགས་བོད་ས་མཚམས་ནས་དམག་མི་ཕྱིར་འཐེན་བྱེད་ཐུབ་པ་བྱུང་ཡོད་ཀྱང་། ད་བར་ Depsang དང་ Demchok ས་མཚམས་ནས་དམག་མི་ཕྱིར་འཐེན་མ་བྱས་པར་ལུས་ཡོད་པ་རེད། དེའི་བར་ན་ཁ་ས་ PTI གསར་ཁང་གི་གནས་ཚུལ་སྤེལ་བར་གཞིག་ན། རྒྱ་གར་རྒྱལ་ས་ལྡི་ལིའི་ནང་དུ་རྒྱ་གར་དང་ཨ་རི་གཉིས་དབར་གྱི་རྒྱལ་སྲུང་ཐབས་བྱུས་གསར་གཏོད་དང་འབྲེལ་བའི་ Indus X ཞེས་པའི་ལྷན་ཚོགས་ཞིག་ཚོགས་པའི་ཐོག རྒྱ་གར་གྱི་རྒྱལ་སྲུང་དྲུང་ཆེ་ Giridhar Aramane ལགས་ཀྱིས། དེང་སྐབས་རྒྱ་གར་གྱི་དེ་གའི་ས་མཚམས་སྲུང་སྐྱོབ་ཐད་དཀའ་ངལ་འཕྲད་བཞིན་པ་དང་། གནད་དོན་དེ་དག་ཐོག་ཨ་རི་ནས་རེ་བ་རྒྱག་མིན་གྱི་དྲི་བར་ལན་འདེབས་ཁྲོད། ཁོང་གིས་རྒྱ་གར་ལ་དེ་སྔ་ཕྱི་ལོ་ ༢༠༢༠ ལྟ་བུའི་ས་མཚམས་ཀྱི་རྩོད་རྙོག་བྱུང་སྲིད་པ་དང་འབྲེལ་ནས་ང་ཚོ་དུས་རྟག་ཏུ་གྲ་སྒྲིག་ངང་གནས་ཡོད་པ་དང་། རྒྱ་གར་གྱི་ངོས་ནས་དེ་གའི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་ལྷན་དུ་ས་མཚམས་ཡོད་སའི་ཁུལ་གྱི་ལ་དང་རྒྱ་ལམ་ཚང་མའི་ཐོག་འགག་མགོ་དང་ལྟ་སྲུང་ཁང་བཙུག་སྟེ། དབང་ཡོད་ཅན་གྱི་ཁྱིམ་མཚེས་ལ་ཆོས་སེམས་བརྟན་པོའི་ཐོག་གདོང་ལེན་གནང་བཞིན་ཡོད་སྐོར་དང་འབྲེལ། དུས་ཚོད་དེ་ལྟ་བུའི་ནང་དུ་རྒྱ་གར་གྱི་ངོས་ནས་ཨ་རི་ལྟ་བུའི་མཐུན་གྲོགས་རྒྱལ་ཁབ་རྣམས་ཀྱི་རྒྱབ་སྐྱོར་གནང་རྒྱུའི་རེ་བ་བསྐྱོན་བཞིན་ཡོད་པ་དང་། ལྷག་པར་དུ་གསང་བའི་གནས་ཚུལ་མཁོ་སྒྲུབ་དང་དམག་གི་གོ་མཚོན་སོགས་ཀྱི་རྒྱབ་སྐྱོར་རྣམས་ཧ་ཅང་གི་ཕན་ཐོག་པོ་ཡོང་རྒྱུ་ཡིན་པ་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།