Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་རྣམས་འཕྲལ་དུ་མཚམས་འཇོག་དགོས་པ་ནན་བརྗོད།

Tibetan News Headlines

  • NED honors Sikyong Penpa Tsering and Tibet Action Institute with Democracy awards
  • Dalai Lama congratulates Mexico’s President-Elect Claudia Sheinbaum
  • US lawmakers to meet Dalai Lama on India trip next week
  • Tibetans protest Chinese premiere visit to New Zealand
  • US expands Russia sanctions, targeting entities in China
  • DIASPORA: Geshe Lobsang Gyaltsen, Former TCV Staff and Registrar of Dalai Lama College

རེས་གཟའ་པ་སངས། ༢༠༢༤།༠༦།༡༤

  • སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བོད་དོན་ལས་འགུལ་ལྟེ་གནས་ཁང་ལ་ཨ་རིའི་མང་གཙོའི་གཟེངས་རྟགས་འབུལ་བཞེས་གནང་བ།
  • ༸གོང་ས་མཆོག་གིས་མེཀ་སི་ཀོའི་བདམས་ཐོན་སྲིད་འཛིན་མཆོག་ལ་འཚམས་འདྲི་མཛད་པ།
  • ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དུ་ཆེད་ཕེབས་ཀྱིས་༸གོང་ས་མཆོག་མཇལ་འཕྲད་གནང་རྒྱུ།
  • རྒྱ་ནག་གི་སྲིད་བློན་ལ་ནིའུ་ཛི་ལེནྜ་བོད་མིས་ཞི་རྒོལ་དང་གྲོས་ཚོགས་འཐུས་མི་གཙོས་གསར་འགོད་པས་དྲི་རྩད།
  • ཨ་རིས་རྒྱ་ནག་དམིགས་འབེན་དུ་བཟུང་ནས་ཨུ་རུ་སུར་བཀག་སྡོམ་བྱེད་ཤུགས་ཆེ་རུ་བཏང་བ།
  • བཙན་བྱོལ་བོད་མིའི་གནས་སྟངས། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་འཛིན་སྐྱོང་འགན་འཛིན་ཟུར་པ་དགེ་བཤེས་བློ་བཟང་རྒྱལ་མཚན་ལགས་སུ་བཅར་འདྲི།

དེ་རིང་གི་ཉིན་མོ་འདི་ནི་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་སེར་སྐྱ་ཁྲི་ཕྲག་མང་པོས་རྒྱ་གཞུང་གི་བཙན་འཛུལ་ལ་ཞི་བའི་སྒེར་ལངས་གནང་སྟེ་མི་ལོ་ ༦༥ ཧྲིལ་པོར་འཁོར་བའི་དུས་དྲན་གྱི་ཉིན་མོ་ཞིག་ཆགས་ཡོད། དེ་རིང་གི་ཉིན་མོ་འདི་དང་བསྟུན། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐུ་མགྲོན་གཙོ་བོར་འཇར་མན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ Michael Brand ལགས་དང་། ཨོ་སྟྲེ་ལི་ཡའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་འབྲེལ་ཚོགས་གཙོ་ Dean Smith ལགས། དམིགས་བསལ་སྐུ་མགྲོན་ཨོ་སྟྲེ་ལི་ཡའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་ཁག་ཅིག དེ་བཞིན་བོད་མིའི་སྒྲིག་འཛུགས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་མི་མང་བཅས་འདུ་འཛོམས་གནང་བའི་སྒོ་ནས་གཞུང་འབྲེལ་གྱི་མཛད་སྒོ་ཚོགས་སོང་།

མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། རྒྱ་གཞུང་གིས་བོད་དུ་བཙན་འཛུལ་བྱས་འགོ་ཚུགས་པ་ནས་བཟུང་བོད་ས་ཁྱོན་ཡོངས་ལ་མི་རིགས་ཀྱི་ངོ་བོ་དང་དེ་མཚོན་ཆེད་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པར་རྩ་མེད་དུ་གཏོང་རྒྱུའི་སྲིད་བྱུས་འདྲ་མིན་ལག་བསྟར་བྱས་དང་བྱེད་མུས་རྣམས་མངོན་གསལ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཀྱང་རྒྱ་ནག་གཞུང་གི་བོད་ནང་སྡུག་སྦྱོང་མནར་གཅོད་ཆེ་ཆེར་གཏོང་བཞིན་པའི་གནད་དོན་དང་འབྲེལ། རྒྱལ་ཚོགས་གཙོས་རང་དབང་ཁང་པ་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱལ་ལྟེ་གནས་ཁང་། དེ་བཞིན་བོད་གནས་ལྟ་ཞིབ་ཁང་བཅས་ནས་རྒྱ་གཞུང་གིས་བོད་ནང་ཆེས་སྡུག་རྩུབ་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་སྐོར་གྱི་སྙན་ཐོ་རྣམས་གསལ་འདོན་གནང་སོང་། བཀའ་སྤྱི་གཉིས་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འོག་ནས་གྲོས་མོལ་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་ཆོད་སེམས་བརྟན་པོ་ཡོད་ཅེས་གསུངས་ཏེ། རྒྱ་གཞུང་གིས་བོད་མི་རིགས་དང་རིག་གཞུང་རྩ་མེད་བཏང་བའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་དེ་དག་འཕྲལ་མར་མཚམས་འཇོག་དགོས་པ་ནན་བརྗོད་གནང་སོང་།

བཀའ་སྤྱི་གཉིས་ཀྱི་ད་དུང་བོད་སྡེ་དགེའི་ཁུལ་གྱི་ཛ་དྲག་གནད་དོན་དང་འབྲེལ་ནས་རྒྱ་གཞུང་གིས་བོད་ཀྱི་རང་འབྱུང་ཁོར་ཡུག་ལ་སྣང་མེད་ཀྱིས་དཔལ་འབྱོར་ཁེ་ཕན་ཁོ་ནར་དམིགས་ཏེ་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་དང་། ལྷག་པར་བྱེད་སྟངས་དེ་ནི་མིག་རྒྱང་ཐུང་ངུའི་བྱ་སྤྱོད་ཞིག་ཡིན་པ་འགྲེལ་བརྗོད་དང་ཆབས་ཅིག སྡེ་དགེའི་ནང་དུ་འཛིན་བཟུང་བྱས་པའི་མི་མང་ཡོངས་རྫོགས་འཕྲལ་མར་གློད་བཀྲོལ་གཏོང་དགོས་པ་མ་ཟད། མི་མང་གི་རེ་མདུན་དང་མངོན་འདོད་ལ་གུས་བརྩི་བྱ་དགོས་པ་ནན་བརྗོད་གནང་སོང་།

གཞན་ཡང་ཤིང་འབྲུག་ལོའི་ལོ་གསར་ཚེས་པ་ ༦ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་ཅིག་ཚད་མཐོའི་མང་མོས་ཐོག་གཏན་འབེབས་ཐུབ་པར་བདེན་པ་དང་དྲང་བདེན་ལ་རྒྱབ་སྐྱོར་གནང་མཁན་ཨ་རི་གྲོས་ཚོགས་འཐུས་མི་རྣམས་ལ་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག ཁྲིམས་ཡིག་དེ་གྲོས་ཚོགས་གོང་མའི་ནང་གང་མྱུར་གཏན་འབེབས་ཡོང་རྒྱུའི་རེ་བ་དང་། རྒྱལ་ཁབ་གཞན་ལའང་དེ་ལུགས་ཀྱི་འབད་བརྩོན་མུ་མཐུད་ཞུ་རྒྱུ་ཡིན་ཞེས་གསུངས་སོང་།

བོད་མིའི་རང་དབང་སྒེར་ལངས་ཐེངས་ ༦༥ པའི་གཞུང་འབྲེལ་མཛད་སྒོའི་སྐུ་མགྲོན་གཙོ་བོ་འཇར་མ་ནི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ Michael Brand ལགས་དང་ཨོ་སྟྲེ་ལི་ཡའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་འབྲེལ་ཚོགས་གཙོ་ Dean Smith ལགས་རྣམ་གཉིས་ཀྱིས། བོད་ནང་རྒྱ་ནག་གཞུང་གི་ཆེད་འཛུགས་བྱས་པའི་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་བཅའ་སྡོད་སློབ་གྲྭར་བོད་ཀྱི་བྱིས་པ་ཚོར་རང་གི་ཕ་མ་དང་བཙན་གྱི་ཁ་བྲལ་དུ་གཏང་རྒྱུ་གཙོས་ངལ་རྩོལ་བསྒྱུར་བཀོད་དང་། བོད་མིའི་ཆབ་སྲིད་དང་ཆོས་དད་རང་དབང་བཅས་ལ་རྡོག་རོལ་ཚབས་ཆེན་གཏོང་བཞིན་པ་རྣམས་འཕྲལ་མར་མཚམས་འཇོག་དགོས་པ་མ་ཟད། ང་ཚོའི་དུས་ནམ་ཡང་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་བའི་གནད་དོན་གཙོས་ཁམས་སྡེ་དགེའི་ནང་གི་ད་ལྟའིི་ཛ་དྲག་གནད་དོན་རྣམས་དྲན་པ་བརྗེད་མེད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་ཀྱང་བོད་ནང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཐད་མཉམ་རུབ་ཐོག་སྐད་ཤུགས་ཆེན་པོས་འབོད་སྒྲ་སྒྲོག་དགོས་པ་གསུངས་སོང་།

བོད་མིའི་རང་དབང་སྒེར་ལངས་ཐེངས་ ༦༥ གཞུང་འབྲེལ་མཛད་སྒོ་གྲུབ་མཚམས་སུ་བཞུགས་སྒར་ཁུལ་གྱི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གིས་གོ་སྒྲིག་འོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་ཀ་ཅ་རིའི་བར་དུ་ཞི་བའི་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།