Tibetan Royal Year of 2151 | Year of the Wood Dragon

བསྟན་འཛིན་པདྨས་བོད་ཀྱི་རྒྱལ་དར་ཕྱར་ཏེ་བོད་མིའི་ངོ་ཚབ་མཚོན་ཐུབ་པ་སྤོབས་སེམས་ལྡན་ཡོད་ཅེས་གསུངས་སོང་།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

ཁ་སང་ཕྱི་དྲོ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཉེ་འགྲམ་ཡུ་པི་མངའ་སྡེའི་ Noida Indoor Stadium རྩེད་རའི་ནང་བོད་པའི་བུད་མེད་བསྟན་འཛིན་པདྨ་ལགས་དང་རྒྱ་གར་བུད་མེད་ Puja Tomar གཉིས་དབར་ Mixed Martial Art (MMA)འམ་རང་སྲུང་དྲག་རྩལ་གྱི་འགྲན་རྩོད་གནང་ཡོད་པ་དང་། སྐབས་དེར་རྒྱ་གར་བ་ Puja Tomar གིས་བསྟན་འཛིན་པདྨ་ལགས་ཕམ་ཉེས་སུ་བཏང་ཡོད་པ་རེད།   འོན་ཀྱང་ཁ་སང་རང་སྲུང་དྲག་རྩལ་གྱི་འགྲན་བསྡུར་དེའི་སྐབས་རྩེད་ཐང་ར་བའི་གཡས་གཡོན་ཚང་མར་བོད་ཀྱི་རྒྱལ་དར་ཕྱར་ཏེ། བོད་མི་དང་རྒྱ་གར་བ་མང་པོས་བསྟན་འཛིན་པདྨར་རྒྱབ་སྐྱོར་གནང་ཡོད་པ་མ་ཟད། བསྟན་འཛིན་པདྨས་དྲག་རྩལ་གྱི་རྩེད་འགྲན་དེའི་རྒྱལ་ཕམ་ལ་ལྟོས་མེད་འཛམ་གླིང་མི་མང་ཁྲོད་བོད་ཀྱི་རྒྱལ་དར་ཕྱར་རྒྱུ་བྱུང་བ་དེ་སྤོབས་པ་ཆེན་པོ་བྱུང་ཡོད་ཅིང་། དེ་ནི་བོད་རྒྱལ་ཁབ་དང་མི་རིགས་ལ་རྒྱལ་ཁ་ཞིག་ཡིན་པ་སོགས་གསུངས་སོང་།

རྩ་བའི་ཁ་སང་རང་སྲུང་དྲག་རྩལ་རྩེད་འགྲན་དེ་ནི་རྒྱ་གར་ནང་ Matrix Fight Night ཞེས་པའི་མིང་ཐོག་ནས་ཧིན་རྡི་གློག་བརྙན་འཁྲབ་སྟོན་པ་  Tiger Shroff ནང་མིའི་ཚོང་ལས་མཉམ་འདུས་ཁང་གིས་གོ་སྒྲིག་བྱེད་པའི་རྕེད་འགྲན་ཞིག་ཡིན་པ་དང་།   རྩེད་འགྲན་དེ་ནི་ཆེད་ལས་པའི་འཚོ་ཐབས་ཀྱི་འགྲན་རྩོད་ཅིག་ཡིན་པ་རེད།

བསྟན་འཛིན་པདྨ་ལགས་དང་རྒྱ་གར་བུད་མེད་དེའི་དབར་དངོས་སུ་སྐར་ཆ་ ༡༤ ལྷག་ཙམ་ལས་རྩེད་འགྲན་གནང་མེད་པ་དང་། ལྷག་པར་ལྟད་མོ་བ་བརྒྱ་ཆ་ ༦༠ ལྷག་བོད་མི་ཡིན་འདུག་པ་མ་ཟད།    གཡས་གཡོན་ཚང་མ་ནས་བོད་ཀྱི་རྒྱལ་དར་ཕྱར་བ་དང་སྦྲགས། བསྟན་འཛིན་པདྨ་ལགས་སུ་རྒྱབ་སྐྱོར་གྱི་འབོད་སྒྲ་ཆེ་ཆེར་གནང་ཡོད།

བསྟན་འཛིན་པདྨ་ལགས་སུ་རྒྱབ་སྐྱོར་བྱེད་མཁན་རྒྱལ་ས་ལྡི་ལི་ཁུལ་གྱི་ས་གནས་གང་ས་ནས་བོད་མི་རྒན་གཞོན་ཕོ་མོ་བརྒྱ་ཕྲག་འགའ་ཤས་སླེབས་ཡོད་པ་དང་། རྒྱབ་སྐྱོར་བ་ཚོས་བསྟན་འཛིན་པདྨ་ལགས་རྒྱལ་ཁ་མ་ཐོབ་པ་དེར་བློ་ཕམ་བྱེད་ཀྱི་འདུག་ཀྱང་།  ཕྱོགས་གཞན་ནས་རྩེད་འགྲན་དེ་ Disney Hotstarབརྒྱུད་ཐད་གཏོང་བྱེད་ཀྱི་ཡོད་སྟབས། འཛམ་གླིང་ས་ཕྱོགས་གང་ས་ནས་བོད་ཀྱི་རྒྱལ་དར་དང་བོད་མིའི་ངོ་ཚབ་ཅིག་གི་འགྲན་རྩོད་ནང་མཉམ་ཞུགས་ཐུབ་པ་དེས་བོད་དང་བོད་མིར་རྒྱལ་ཁ་ཞིག་ལ་ངོས་འཛིན་གནང་གི་འདུག

འབྲེལ་ཡོད་གསར་གནས།

གསར་གནས།