Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གིས་བོད་ནང་མི་རིགས་སྡེབས་གསོད་ཀྱི་བྱ་སྤྱོད་སྤེལ་བཞིན་པར་སྐྱོན་བརྗོད་དང་འབྲེལ་བོད་དོན་སླད་མུ་མཐུད་ཕྱག་ལས་གནང་རྒྱུའི་ཞལ་བཞེས་གནང་སོང་།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

དེ་རིང་ཕྱི་ཟླ་ ༣ ཚེས་ ༡༠ སྟེ་བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོར། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་མགྲོན་དུ་ཕེབས་པའི་ཨོསྟྲེ་ལི་ཡ་དང་ཇར་མ་ནི་གྱི་གྲོས་ཚོགས་འཐུས་མི་བཅས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་པ་མ་ཟད། གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་བརྒྱུད་རྒྱ་ནག་གིས་བོད་ནང་མི་རིགས་སྡེབས་གསོད་ཀྱི་བྱ་སྤྱོད་སྤེལ་བཞིན་པར་སྐྱོན་བརྗོད་དང་འབྲེལ་བོད་དོན་སླད་མུ་མཐུད་ཕྱག་ལས་གནང་རྒྱུའི་ཞལ་བཞེས་གནང་སོང་།

Press Conference

དེ་ཡང་ཨོསྟྲེ་ལི་ཡའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་ Francis McCormack ལགས་དང་། Deborah Mary O’Neill ལགས། Dean Anthony Smith ལགས། David Smith ལགས། དེ་བཞིན་ཇར་མ་ནིའི་གྲོས་ཚོགས་འཐུས་མི་ Michael Karl Brand ལགས། ཨོསྟྲེ་ལི་ཡའི་བོད་དོན་ལྷན་ཁང་གི་འབྲེལ་མཐུད་པ་ Zoe Bedford ལགས། ཇར་མ་ནི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངེས་སྟོན་པ་ Kai Mueller ལགས། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གཙོས་པའི་ཕྱི་དྲིལ་བཀའ་བློན་མཆོག སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས། ཨོ་གླིང་བོད་ཀྱི་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་བཅས་ཀྱིས་དེ་རིང་སྔ་དྲོ་བོད་ཀྱི་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་བའི་གཞུང་འབྲེལ་མཛད་སྒོར་མ་བཅར་གོང་། བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གཟིམ་ཆུང་དུ་༸མགོན་པོ་གང་ཉིད་ཀྱི་དམིགས་བསལ་མཇལ་ཁ་ཞུས་ཡོད།

HHDL Audience

སྐབས་དེར་༸གོང་ས་མཆོག་ནས་གྲོས་ཚོགས་འཐུས་མི་རྣམས་ལ་འགྲོ་བ་མི་རྣམས་ནི་སྐྱེས་མ་ཐག་ནས་མའི་བྱམས་བརྩེའི་འོག་འཚར་ལོང་བྱུང་བ་ལས། རྒྱལ་ཁབ་དང་ཆབ་སྲིད་ཀྱི་ལྟ་ཕྱོགས་སོགས་ཀྱི་དབྱེ་བའི་ཐོག་སླེབས་མེད་སྐོར་བཀའ་བསྩལ་པ་དང་འབྲེལ།  འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་གོང་འཕེལ་ཐོག་རྒྱུན་དུ་སེམས་བཟང་པོ་བྱ་དགོས་གལ་སྐོར་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་འདུག སྐབས་དེར་གྲོས་ཚོགས་འཐུས་མི་རྣམས་ནས་དེང་སྐབས་འཛམ་གླིང་དེའི་ཐོག་རྒྱ་ནག་དང་ཨུ་རུ་སུ་སོགས་དབང་ཆ་གཅིག་བསྡུས་ཀྱི་གཞུང་ཤུགས་ཆེ་རུ་སོང་སྟེ་མང་གཙོ་ཉམས་རྒུད་དུ་འགྲོ་བཞིན་ཡོད་སྟབས་དེར་གཉེན་པོ་བསྟེན་སྟངས་སྐོར་ལམ་སྟོན་ཞུས་ཀྱང་། ༸གོང་ས་མཆོག་གིས་དེའི་བཀའ་ལན་དུའང་། གཙོ་བོ་འགྲོ་མིའི་གཅིག་འགྱུར་གྱི་བསམ་བློ་གོང་འཕེལ་བྱ་རྒྱུ་གལ་ཆེ་ཡིན་པ་བཀའ་སློབ་བཀའ་དྲིན་སྩལ་འདུག

HHDL Audience

ཡུལ་གཉིས་ཀྱི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་རྣམས་ཀྱིས་དེའི་རྗེས་བོད་ཀྱི་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་བའི་གཞུང་འབྲེལ་མཛད་སྒོར་དབུ་བཞུགས་གནང་རྗེས། ཉིན་རྒྱབ་ཕྱི་དྲིལ་ལས་ཁང་གི་ལྷག་པ་ཚེ་རིང་ཚོགས་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་བ་ལྟར། སྐབས་དེར་ཇར་མ་ནིའི་གྲོས་ཚོགས་འཐུས་མི་ Michael Karl Brand ལགས་ཀྱིས་རྒྱ་ནག་གིས་ཤིན་ཅང་ཙམ་མ་ཟད་བོད་ནང་ genocide ཞེས་མི་རིགས་སྡེབས་གསོད་ཀྱི་བྱ་སྤྱོད་སྤེལ་བཞིན་པ་འགྲེལ་བརྗོད་དང་འབྲེལ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་བོད་དང་ཤིན་ཅང་གཉིས་ཀྱི་གནས་བབ་སྔར་ལྷག་ཇེ་སྡུག་ཏུ་སོང་ཡོད་པ་མངོན་གསལ་གྱིས། རྒྱ་གར་ལྟ་བུའི་རྒྱལ་སྤྱིའི་གཞུང་ཁག་ནས་རྒྱ་ནག་འོག་མགོ་རྩ་བ་ནས་སྒུར་རྒྱུ་མེད་སྐོར་གསུངས་སོང་།

HHDL Audience

དེ་བཞིན་གྲོས་ཚོགས་འཐུས་མི་སྐུ་ཞབས་ Dean Smith ལགས་ཀྱིས་ཁོང་རྣམས་ཡུལ་དེའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོ་བོའི་ཐོག་ནས་བཞུགས་སྒར་དུ་ཆེད་ཕེབས་ཀྱིས་༸གོང་ས་མཆོག་དང་མཇལ་འཕྲད་བྱུང་བར་ཧ་ཅང་དགའ་པོ་བྱུང་ཞེས་དང་། རྒྱ་གཞུང་གིས་འདས་པའི་ལོ་བཅུ་ཕྲག་མང་པོའི་རིང་བོད་ནང་གི་བོད་མིའི་ཐོག་དྲག་གནོན་ཅན་གྱི་སྲིད་བྱུས་འདྲ་མིན་ལག་བསྟར་གྱིས་བོད་རིགས་རྣམས་རྒྱ་རིགས་སུ་བསྒྱུར་ཐབས་དང་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལ་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་ཡོད་པར་སྐྱོན་བརྗོད་ནན་པོ་དང་འབྲེལ། ཨོསྟྲེ་ལི་ཡའི་ངོས་ནས་རྒྱལ་སྤྱིའི་སྟེང་རྒྱ་གཞུང་གིས་ངན་སྤྱོད་ཁག་ལ་ཐེར་བཏོན་གྱིས་སྐྱོན་བརྗོད་བྱ་རྒྱུའི་འགན་ཡོད་པ་དེ་ལྟར་གནང་རྒྱུ་དང་། བོད་མིའི་འཐབ་རྩོད་ལ་ཕྱག་རོགས་གང་ཐུབ་གནང་རྒྱུའི་ཐད་ཆོད་སེམས་བརྟན་པོ་ཡོད་པ་གསུངས་སོང་།

ཨོསྟྲེ་ལི་ཡའི་གྲོས་ཚོགས་གོང་མའི་འཐུས་མི་ Deborah Mary O’Neill ལགས་ཀྱིས་ཐེངས་འདིའི་འཚམས་གཟིགས་བརྒྱུད་རྒྱ་གཞུང་གིས་བོད་ནང་ཆེད་འཛུགས་བྱས་པའི་བཅའ་སྡོད་སློབ་གྲྭ་གཙོས་པའི་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་། ལྷག་པར་ད་ལྟའི་སྡེ་དགེ་ཁུལ་གྱི་གནས་སྟངས་ཐད་ཤེས་རྟོགས་གང་ཐུབ་གནང་སྟེ་ཕྱིར་རང་ཡུལ་དུ་ལོག་རྗེས་གྲོས་ཚོགས་འཐུས་མི་གཞན་ལ་དེ་དག་སྐོར་གོ་རྟོགས་སྤེལ་རྒྱུ་དང་། ལྷག་དོན་བོད་མིར་དྲང་བདེན་ཡོང་བར་མུ་མཐུད་ནས་ངལ་བ་འཛེམས་མེད་ཀྱིས་ཕྱག་ལས་གནང་རྒྱུ་ཡིན་པར་གསུངས་སོང་།

གསར་འགོད་ལྷན་ཚོགས་ཐོག་ད་དུང་གྲོས་ཚོགས་འཐུས་མི་རྣམས་ཀྱིས་གསར་འགོད་པའི་དྲི་བ་ཁག་ལ་བཀའ་ལན་གནང་ཡོད་པ་བཞིན། སྐབས་དེར་ ༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐད་རྒྱ་ནག་གཞུང་གིས་བདག་དབང་ཤུགས་ཆེ་རྩོད་བཞིན་པའི་སྐོར་གྱི་དྲི་བར་ལན་འདེབས་ཁྲོད། ཨོསྟྲེ་ལི་ཡ་དང་ཇར་མ་ནིའི་གྲོས་ཚོགས་འཐུས་མི་རྣམས་ནས་ཞལ་གཅིག་བསྒྲགས་ཐོག་ནས་ ༸རྒྱལ་བའི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་རྒྱ་ནག་ལ་ཐེ་གཏོགས་བྱ་དབང་མེད་པར་མངོན་གསལ་གནང་སོང་།

དེ་བཞིན་ཉེ་ལམ་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱིས་ཁྲིམས་འཆར་གཏན་འབེབས་བྱུང་བ་བཞིན་ཨོ་གླིང་དང་ཇར་མ་ནིའི་གྲོས་ཚོགས་ནང་དེ་ལྟར་གནང་འཆར་སྐོར་ལ་དྲི་བ་བཏང་སྐབས། ཨོ་གླིང་གྲོས་ཚོགས་འཐུས་མིའི་ངོས་ནས་སྤྱིར་ཨོ་གླིང་དང་ཨ་རི་གཉིས་ཀྱི་ཆབ་སྲིད་ཀྱི་སྒྲོམ་གཞི་མི་འདྲ་བ་ཡིན་ནའང། གྲོས་ཚོགས་འཐུས་མི་རྣམས་ཀྱིས་དེ་ལྟ་བུའི་ཁྲིམས་འཆར་གཏན་འབེབས་སླད་ཐུགས་སྣང་དང་འབད་བརྩོན་གནང་བཞིན་སྐོར་གསུངས་པ་མ་ཟད། ཇར་མ་ནི་གྲོས་ཚོགས་འཐུས་མིའི་ངོས་ནས་གཙོ་བོ་དཔལ་འབྱོར་ཐོག་རྒྱ་ནག་ལ་རྟེན་རྒྱུ་ཉུང་དུ་གཏོང་རྒྱུ་སོགས་ཀྱི་ཐབས་ལམ་གལ་ཆེ་བ་གཟིགས་ཀྱི་ཡོད་སྐོར་གསུངས་སོང་།

March 10

བོད་ནང་གི་གཞིས་བཞུགས་མང་ཚོགས་ལ་ཁོང་རྣམས་དུས་རྟག་ཏུ་བོད་མི་རྣམས་དང་ལྷན་དུ་ཡོད་སྐོར་གསུངས་པ་དང་འབྲེལ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ག་ཚོད་སྟོབས་ཤུགས་ཆེ་ནའང་བོད་མི་རྣམས་ཀྱི་སྙིང་སྟོབས་དེ་བས་ཀྱང་ཆེ་བ་ཡོད་པ་གསུངས་སོང་།

གཞི་རྩའི་ཨོ་གླིང་དང་ཇར་མན་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོ་ཁག་གིས་ཐེངས་འདིར་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམས་དང་ལྷན་མཇལ་མོལ་སོགས་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།