Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་ནང་སྨན་ཁང་དུ་འདས་གྲོངས་སུ་ཕྱིན་པ་རྣམས་ཀྱི་འདས་ཡིག་ཐོག་འཆི་རྐྱེན་ཏོག་ནད་ཡིན་པ་བཀོད་རྒྱུར་བཀག་འགོག

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

རྒྱ་ནག་ནང་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཁྲོད་ཏོག་ནད་ཕོག་མཁན་དང་དེའི་རྐྱེན་པས་མི་འདས་གྲོངས་སུ་གྱུར་བའི་གྲངས་འབོར་ཧ་ཅང་ཆེན་པོ་ཡོད་ཀྱང་འཛམ་གླིང་ཕྱི་ལ་དེ་འབྲེལ་དངོས་ཡོད་གྲངས་ཐོ་ཕྱི་གསལ་བཟོ་ཡི་མེད་པ་མ་ཟད། ད་ཆ་རྒྱ་ནག་གཞུང་གིས་ཁུལ་དེའི་སྨན་པ་ཚོར་སྨན་ཁང་དུ་འདས་གྲོངས་ཕྱིན་པའི་འདས་པོ་དག་གི་འདས་ཡིག་ཐོག་འཆི་རྐྱེན་ཏོག་ནད་ཡིན་པ་བཀོད་རྒྱུར་བཀག་འགོག་བྱེད་བཞིན་ཡོད་པ་རེད་འདུགདེ་རིང་ཕྱི་ཚེས་ ༡༨ ཉིན་ Reuter གསར་ཤོག་ཐོག་སྤེལ་བའི་གནས་ཚུལ་ལ་གཞིགས་ན། རྒྱ་ནག་སྒེར་པ་སྨན་ཁང་གི་སྨན་པ་ཞིག་སྨན་ཁང་གི་ཛ་དྲག་སྡེ་ཚན་ནང་བསྐྱོད་སྐབས་གསལ་བསྒྲགས་ཤིག་མཐོང་ཡོད་པ་དང་། གསལ་བསྒྲགས་དེའི་འདྲ་བཤུས་དེ་འབྲེལ་གསར་ཁང་ལ་རག་སོན་བྱུང་ཡོད་པར་དེའི་ནང་སྨན་པ་ཚོས་སྨན་ཁང་ནང་དུ་འདས་གྲོངས་ཕྱིན་པ་དག་གི་འདས་ཡིག་ཐོག་ཏོག་ནད་རྐྱེན་པས་དབུགས་འབྱིན་རྔུབ་ཀྱི་དཀའ་ངལ་འོག་འདས་གྲོངས་སུ་གྱུར་བ་རེད་ཅེས་བྲི་རྒྱུ་མེད་པ་དང་། དེའི་ཚབ་ཏུ་འདས་པོ་དེ་དག་ལ་ཏོག་ནད་མིན་པའི་ནད་གཞི་གཞན་གང་ཡོད་པ་དེས་རྐྱེན་འདས་གྲོངས་སུ་གྱུར་བ་རེད་ཅེས་བྲི་དགོས་སྐོར་གསལ་ཡོད་པ་མངོན་གསལ་གནང་འདུག

དེ་བཞིན་གལ་ཏེ་སྨན་པ་ཚོས་ནད་པ་དེ་དག་གི་འཆི་རྐྱེན་ཏོག་ནད་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ཚེ། གོང་རིམ་ལ་སྙན་སེང་གིས་གཏན་ཁེལ་མ་བྱུང་བར་ཏོག་ནད་ཆེད་ལས་པར་གོ་སྡུར་རིམ་པ་ཐེངས་གཉིས་བྱ་རྒྱུ་ཡིན་ཞེས་གསལ་ཡོད་པ་འཁོད་འདུགརྩ་བའི་རྒྱ་ནག་ཁྱོན་ཡོངས་ནས་སྨན་པ་དྲུག་གིས་དེ་འབྲེལ་གནས་ཚུལ་གཅིག་མཚུངས་ Reuter གསར་ཁང་ལ་འབྲེལ་བརྗོད་གནང་འདུག་པ་དང་ཆབས་ཅིག སྨན་ཁང་ནང་ཏོག་ནད་རྐྱེན་པས་འདས་གྲོངས་ཕྱིན་པ་དག་གི་ནང་མི་ཉེ་འབྲེལ་རྣམས་ཀྱིས་འདས་པོའི་འདས་ཡིག་ཐོག་ཏོག་ནད་ཀྱི་ཚིག་ཙམ་ཡང་གསལ་མེད་སྐོར་གསུངས་བ་མ་ཟད། ནད་པ་ཁག་ཅིག་སྨན་ཁང་ནང་དབུགས་འབྱིན་རྔུབ་གྱི་དཀའ་ངལ་ཡོད་པར་བསྟེན་གཏུག་ཆེད་བསྐྱོད་པ་དེ་ལྟར་ཡང་། སྨན་ཁང་ནས་ནད་པ་དེ་ཚོར་ཏོག་དབྱིབས་ནད་གཞི་ཡོད་མེད་བརྟག་དཔྱད་བྱེད་ཀྱི་མེད་པ་རེད་འདུགརྒྱ་ནག་ཤང་ཧ་ཡེ་ Shanghai གྲོང་ཁྱེར་ནང་གི་མི་མང་སྨན་ཁང་གི་སྨན་པ་ཞིག་གིས་ཉེ་ཆར་གྱི་ཏོག་དབྱིབས་ནད་ཡམས་ཁྲོད་རྐྱེན་འདས་སུ་སོང་བ་དེའི་གྲངས་འབོར་ནི་ལོ་འཁོར་མོའི་ནང་གི་སྤྱིར་བཏང་འདས་གྲོངས་སུ་གྱུར་བའི་གྲངས་ཚད་ལ་ལྡབ་གཉིས་གསུམ་གྱི་མང་བ་ཡོད་སྐོར་དང་། ནད་པ་མང་ཆེ་བར་ནད་གཞི་གཅིག་ལས་མང་བ་ཡོད་པ་དེ་ལྟར་ཡང་། ཏོག་དབྱིབས་ནད་གཞི་དེས་ནད་གཞི་གཞན་རྣམས་ཚབས་ཆེ་རུ་གཏོང་གི་ཡོད་པ་གསུངས་འདུགཁོང་གིས་ད་དུང་འདས་པོ་དེ་དག་གི་འདས་ཡིག་ཐོག་འཆི་རྐྱེན་རྒྱུ་མཚན་གཙོ་བོ་གཅིག་དང་། གཞན་རྒྱུ་མཚན་ཁག་གཉིས་གསུམ་བཀོད་ཀྱི་ཡོད་ཀྱང་ནང་ཏོག་དབྱིབས་ནད་གཞི་རྒྱུ་མཚན་དུ་བཀོད་ཀྱི་མེད་སྐོར་གསུངས་བ་དང་འབྲེལ། ང་ཚོས་གཞུང་གི་བཀའ་རྒྱའི་འོག་སྨན་ཁང་གོང་རིམ་གྱི་བཀའ་ལ་ཉན་རྒྱུ་ལས་ཐབས་ཤེས་གཞན་མེད་པ་མ་ཟད། ང་རང་སྨན་པ་ཡིན་པའི་ཆ་ནས་ཐག་གཅོད་ཀྱི་རང་དབང་མི་འདུག་ཅེས་གསུངས་འདུགགཞི་རྩའི་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་གཙོས་པའི་རྒྱལ་སྤྱིའི་གཞུང་ཚོགས་ཁག་གིས་རྒྱ་ནག་ནས་ཏོག་དབྱིབས་གཉན་རིམས་ཁྲོད་ནད་གཞི་ཕོག་མཁན་དང་འདས་གྲོངས་སུ་གྱུར་པ་དེ་དག་གི་དངོས་ཡོད་གྲངས་ཐོ་འཛམ་གླིང་ཕྱི་ལ་ཕྱི་གསལ་བྱེད་ཀྱི་མེད་པར་སྐྱོན་བརྗོད་ལེན་གནང་རྗེས་འདི་ཚེས་ ༡༤ ཉིན་རྒྱ་ནག་དབུས་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཟླ་བ་སྔོན་མའི་ཚེས་ ༨ ནས་འདི་ཚེས་ ༡༢ བར་རྒྱ་ནག་ཏུ་གཉན་རིམས་འོག་མི་ཁྲི་དྲུག་ཙམ་འདས་གྲོངས་སུ་གྱུར་ཡོད་སྐོར་བཤད་ཡོད་པ་མ་ཟད། ཟླ་བ་སྔོན་མའི་ཕྱི་ཚེས་ ༢༣ ནས་སྨན་ཁང་དུ་ཚ་བའི་གནད་གཞི་སོགས་བསྟེན་གཏུག་བྱེད་མཁན་བརྒྱ་ཆ་ ༨༣ ལྷག་ཉུང་དུ་ཕྱིན་ཡོད་སྐོར་སོགས་བཤད་ཡོད། གནད་དོན་དེ་དང་འབྲེལ་ནས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་སྤྱི་ཁྱབ་ངེས་སྟོན་པ་ Tedros Adhanom ལགས་ཀྱིས་རྒྱ་ནག་གཞུང་གིས་གྲངས་ཐོ་ཕྱི་གསལ་བྱས་པར་དགའ་བསུ་གནང་བ་དེ་ལྟར་ཡང་། ད་དུང་གནས་ཚུལ་ཁ་གསལ་མཁོ་སྤྲོད་གནང་དགོས་ཞེས་ནན་བརྗོད་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།