Tibetan Royal Year of 2151 | Year of the Wood Dragon

Thermo Fisher ནས་རྒྱ་ནག་སྲིད་གཞུང་ལ་རིགས་རྫས་བསྡུ་ལེན་གྱི་ཡོ་ཆས་བཙོང་རྒྱུ་མཚམས་འཇོག་དགོས་པའི་དགོས་འདུན་འོག་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་རྒྱུ།

Tibetan News Headlines

  • Dalai Lama meets with Estonian parliamentarians and Tibet support group delegation
  • International community calls China to provide evidence of Panchen Lama’s whereabouts and wellbeing
  • Its solely a pilgrimage and religious visit: Sakya Gongma Trichen rinpoche on recent visit to Bhutan
  • Tibetan spiritual leader grants an audience to 200 devotees from Nepal
  • Xi Jinping tells Antony Blinken US should avoid ‘vicious competition’ with China
  • US jails Chinese man who threatened student activist
  • Diaspora feature: Yeshi Thaye, hairdresser in Odisha Phuntsokling Settlement

རེས་གཟའ་པ་སངས། ༢༠༢༤།༠༤།༢༦

  • ༸གོང་ས་མཆོག་གིས་ཨི་སི་ཏོ་ནི་ཡའི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་མཇལ་ཁ་སྩལ་བ།
  • རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་གཞུང་ལ་༸པཎ་ཆེན་རིན་པོ་ཆེ་གར་ཡོད་ཕྱིར་བསྒྲགས་དགོས་པའི་ནན་སྐུལ་གནང་འདུག
  • འབྲུག་ཡུལ་དུ་ཆིབས་བསྒྱུར་མཛད་པ་ནི་ཆོས་ཕྱོགས་ཀྱི་ལས་དོན་ཁོ་ནའི་ཆེད་དུ་ཡིན་པ་བཀའ་བསྩལ་སོང་།
  • ༸གོང་ས་མཆོག་གིས་བལ་པོའི་མི་སེར་༢༠༠ བརྒལ་བ་ལ་མཇལ་ཁ་སྩལ་བ།
  • ཞི་ཅིན་ཕིང་གིས་ཨ་རྒྱ་གཉིས་མཐུན་གྲོགས་ལས་ཁ་གཏད་བྱ་མི་རུང་ཞེས་བརྗོད་འདུག
  • མང་གཙོའི་ལས་འགུལ་བ་ཞིག་ལ་འཇིགས་སྐུལ་བྱས་རྐྱེན་རྒྱའི་སློབ་མ་ཞིག་ལ་ཁྲིམས་ཐག་བཅད་པ།
  • བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད། ཨོ་རི་ས་ཕུན་ཚོགས་གླིང་དུ་གནས་སྡོད་སྐྲ་བཟོ་བ་ཡེ་ཤེས་མཐའ་ཡས།

ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་དང་།  ཁེ་ན་ཌའི་ Citizenlab གཉིས་ཀྱིས་འདས་ལོར་རྒྱ་ནག་སྲིད་གཞུང་གིས་བོད་མིར་སྟངས་འཛིན་སྔར་ལྷག་བྱ་ཕྱིར་བཙན་གྱིས་ DNA འམ་རིགས་རྫས་བསྡུ་ལེན་བྱེད་ཀྱི་ཡོད་པའི་སྙན་ཐོ་བཏོན་ཡོད་པ་དང་།  དེ་འབྲེལ་གྱི་རིགས་རྫས་བསྡུ་ལེན་གྱི་ཡོ་ཆས་དེ་བཞིན་རྒྱ་ནག་སྲིད་གཞུང་ལ་ཨ་རིའི་ Thermofisher ཞེས་པའི་བཟོ་ཚོང་ཁང་ནས་བཙོང་གི་ཡོད་པ་ར་སྤྲོད་བྱུང་ཡོད་པ་ལྟར།  རིགས་རྫས་བསྡུ་ལེན་གྱི་ཡོ་ཆས་བཙོང་རྒྱུ་མཚམས་འཇོག་དགོས་པའི་དགོས་འདུན་འོག་ཚོགས་སྡེ་ཁག་ཅིག་ནས་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་གནང་རྒྱུ་རེད་འདུགརྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གིས་ཁ་སང་ཕྱི་དྲོ་རྒྱ་གར་གྱི་ཕྱག་ཚོད་ ༥།༣༠ ཐོག་དྲ་ཐོག་བརྒྱུད་དེ་འབྲེལ་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་བའི་ནང་།   རིང་མིན་ཟླ་བ་འདིའི་ཕྱི་ཚེས་ ༣༠ ནས་ཕྱི་ཟླ་ ༢ པའི་ཚེས་ ༥ བར་གཟའ་འཁོར་གཅིག་རིང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གཙོས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་།  དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་ Free Tibet འམ་བོད་རང་དབང་ཚོགས་པ་སོགས་ཚོགས་སྡེ་ཁག་ཅིག་ནས་མཉམ་རུབ་ཀྱིས་ Global Week of Action ཞེས་རྒྱ་གར་གཙོས་རྒྱལ་སྤྱིའི་ཡུལ་གྲུ་ཁག་ནང་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་གནང་རྒྱུ་ཡིན་འདུག་པ་དང་།  ལས་འགུལ་དེ་ཡང་དྲ་ཐོག་བརྒྱུད་དང་དེ་བཞིན་ཨ་རིའི་ Massachusetts ནང་ཡོད་པའི་ Thermofisher བཟོ་ཚོང་ཁང་གི་ལས་ཁུངས་དང་།   རྒྱ་ནག་གཞུང་ཚབ་ལས་ཁང་སོ་སོར་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་ཡིན་པ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་བསྟན་འཛིན་དབྱངས་འཛོམས་ལགས་ཀྱིས་གསུངས་སོང་།སྐབས་དེར་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ལས་འཆར་དང་ཁོར་ཡུག་འབྲེལ་མཐུད་པ་བློ་བཟང་གཡང་མཚོ་ལགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་དང་ Citizenlab གཉིས་ཀྱིས་བོད་མིའི་རིགས་རྫས་བསྡུ་ལེན་ཐད་སྙན་ཐོ་འདོན་སྤེལ་གནང ཡོད་པ་དང་སྦྲགས་ཏེ་རྒྱབ་ལྗོངས་འགྲེལ་བརྗོད་ཀྱིས།   བོད་ནང་རྒྱ་ནག་སྲིད་གཞུང་གིས་བོད་ཕྲུག་བྱིས་པ་ལོ་ན་ལྔ་ཡན་ཆད་རྣམས་ལ་བཙན་གྱིས་རིགས་རྫས་བསྡུ་ལེན་བྱེད་ཀྱི་ཡོད་པ་དང་རིགས་རྫས་བསྡུ་ལེན་ཐད་དོ་བདག་ལ་ཆོག་མཆན་ཞུ་ཡི་མེད་པ་མ་ཟད་རྒྱུ་མཚན་ཅི་ཕྱིར་རིགས་རྫས་བསྡུ་ལེན་བྱེད་པའི་ཐད་འགྲེལ་བརྗོད་གང་ཡང་བྱེད་ཀྱི་མེད་པའི་གནད་དོན་དེ་ཧ་ཅང་གི་བློ་འཚབ་གནང་དགོས་པ་ཞིག་ཡིན་པ་གསུངས་སོང་།ཁོང་གིས་ད་དུང་རིགས་རྫས་བསྡུ་ལེན་དེ་ནི་རྒྱ་ནག་སྲིད་གཞུང་གིས་སྤྱི་ཚོགས་བདེ་འཇགས་དང་ནག་ཉེས་ཕོག་མཁན་སོགས་འཛིན་བཟུང་སླད་ལས་གཞི་དེ་ལག་བསྟར་བྱེད་ཀྱི་ཡོད་པ་འགྲེལ་བརྗོད་བྱེད་ཀྱི་ཡོད་ཀྱང་། ལས་གཞི་དེའི་བརྒྱུད་བོད་མི་རྣམས་ལ་སྔར་ལྷག་དམ་བསྒྲགས་བྱེད་འཆར་ཡིན་པ་མ་ཟད་རང་ཉིད་ཀྱི་འདོད་མོས་དང་གོ་རྟོགས་ཅི་ཡང་མེད་པའི་ཐོག་ནས་རིགས་རྫས་བསྡུ་ལེན་བྱེད་པ་ནི་རྒྱལ་སྤྱིའི་ཁྲིམས་ཐོག་ནས་བྱིས་པའི་འགྲོ་བ་མིའི་ཐོབ་ཐང་དང་ཆབ་སྲིད། སྤྱི་དམངས་ཀྱི་ཐོབ་ཐང་བཅས་ལ་རྡོག་རོལ་བཏང་བ་ཞིག་ཆགས་ཀྱི་ཡོད་སྐོར་གསུངས་སོང་།གསར་འགོད་ལྷན་ཚོགས་མཇུག་སྒྲིལ་བའི་རྗེས་འདི་གའི་གསར་འགོད་པས་རིགས་རྫས་བསྡུ་ལེན་གྱི་གནད་དོན་དེ་ནི་སེམས་འཚབ་བྱ་ཡུལ་གྱི་གནད་དོན་ཞིག་ཆགས་ཀྱི་ཡོད་སྟབས་གནད་དོན་འདིའི་ཐད་གཞུང་འབྲེལ་མིན་པའི་ཚོགས་པ་ཕུད་པའི་གཞན་སྒྲིག་འཛུགས་སོ་སོ་ནས་གང་གནང་དགོས་གལ་གཟིགས་ཀྱི་ཡོད་མེད་བཀའ་འདྲི་ཞུས་སྐབས།  བློ་བཟང་གཡང་མཚོ་ལགས་གཙོས་གསར་འགོད་ལྷན་ཚོགས་ཐོག་ཡོད་པའི་ US Tibet Committee ཞེས་ཨ་རི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་ངག་དབང་བཀྲ་ཤིས་ལགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་ཁུངས་ཨ་མའི་ལས་འཆར་གྱི་འབྲེལ་མཐུད་པ་བློ་བཟང་ཚེ་བརྟན་ལགས་བཅས་ཁོང་རྣམ་པ་གསུམ་གྱིས།   གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ནས་བོད་དོན་དང་འབྲེལ་བའི་ལས་འགུལ་སྤེལ་སྐབས་ས་གནས་མང་ཚོགས་ནས་མཉམ་ཞུགས་གནང་ཐུབ་ན་དགེ་མཚན་ཆེ་བ་ཡོང་ངེས་ཡིན་པ་དང་། ལྷག་པར་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་རྣམ་པས་རྒྱལ་སྤྱིའི་དབུ་ཁྲིད་དང་མཇལ་མོལ་སྐབས་བོད་དོན་གྱི་གནད་དོན་མང་དག་ཡོད་པའི་ཐོག་བོད་མིའི་རིགས་རྫས་བསྡུ་ལེན་ཐད་འགྲེལ་བརྗོད་གནང་བ་དང་ཞུ་གཏུག་གནང་ཐུབ་ན་ཕན་ནུས་ཧ་ཅང་ཡོང་ངེས་ཡིན་སྐོར་སོགས་གསུངས་སོང་།

 

འབྲེལ་ཡོད་གསར་གནས།

གསར་གནས།