Tibetan Royal Year of 2151 | Year of the Wood Dragon

རྩིས་ལོ་ ༢༠༢༢་༢༣ ལོའི་སྔོན་རྩིས་ནང་འགྲོ་གྲོན་སྒོར་ས་ཡ་ ༢༥༣༥་༡༤ འགོད་འབུལ་ཞུས་སོང་།

Tibetan News Headlines

  • ༸གོང་ས་མཆོག་གིས་སོག་པོའི་དད་ལྡན་པ་རྣམས་ལ་ཉིན་གཉིས་ཀྱི་ཆོས་འབྲེལ་དབུ་འཛུགས།
  • ༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་ལགས་སུ་ Pearl S. Buck ཆེ་བསྟོད་གཟེངས་རྟགས་འབུལ་བཞེས།
  • བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༤ པ་དབུ་འཛུགས།
  • རྒྱ་གཞུང་གིས་བོད་དང་ཤིན་ཅང་ནང་སྤེལ་བཞིན་པའི་བྱ་སྤྱོད་ནི་འཆར་གཞི་ལྡན་པའི་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ཡིན་པ་ཐེར་འདོན།
  • མོན་གྷོ་འདོད་རྒུ་གླིང་དུ་དྲག་ཆར་རླུང་ཚུབ་བྱུང་ཡང་མི་ཤི་སྐྱོན་ཆག་རིགས་བྱུང་མིན་འདུག

Friday 19/04/2024

  • Dalai Lama begins two-day teaching on ‘Gaden Lhagyama’ to Mongolian devotees
  • Jetsun Pema receives Randolph’s Pearl S. Buck award
  • 14th Tibetan Women Association General Body Meeting begins in Dharamshala
  • China spearheading systematic elimination of civilization and people, says UN expert
  • Mundgod Tibetan settlement hit with severe thunderstorm

དེ་རིང་སྐབས་ ༡༧ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པ་དབུ་འཛུགས་དང་སྦྲགས། ཉིན་རྒྱབ་ཚོགས་དུས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོག་སྐུ་ཞབས་སྤེན་པ་ཚེ་རིང་མཆོག་ནས་བཀའ་ཤག་སྐབས་ ༡༦ པའི་སྔོན་རྩིས་ཐོག་མ་དེ་གྲོས་ཚོགས་སུ་སྙན་སྒྲོན་ཞུས་སོང་བ་དང་། སྔོན་རྩིས་དེའི་ནང་ལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༢༢་་༢༠༢༣ ལོའི་ཕྱོགས་བསྡོམས་འགྲོ་གྲོན་གྱི་དགོས་དངུལ་སྒོར་ས་ཡ་ ༢༥༣༥་༡༤ འགོད་འབུལ་ཞུས་སོང་། རྩིས་ལོ་ ༢༠༢༢་་༢༠༢༣ ལོའི་ཕྱོགས་བསྡོམས་འགྲོ་གྲོན་གྱི་དགོས་དངུལ་སྒོར་ས་ཡ་ ༢༥༣༥་༡༤ འགོད་འབུལ་ཞུས་པ་དེ་དག་ལས་དོན་གི་ངོ་བོའི་ཐོག་ནས་འཆར་འགོད་གནང་ན་སྤྱི་ཚོགས་བདེ་དོན་སླད་བརྒྱ་ཆ་ ༦༨་༡༩ དང་། ཆབ་སྲིད་ལས་དོན་སླད་བརྒྱ་ཆ་ ༢༠་༤༨། འཛིན་སྐྱོང་དང་འབྲེལ་བའི་ལས་དོན་སླད་བརྒྱ་ཆ་༨་༣༧ སོགས་ཆགས་ཀྱི་འདུག་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་སོ་སོའི་ངོ་བོའི་ཐོག་འཆར་འགོད་གནང་ན་ཤེས་རིག་ལ་བརྒྱ་ཆ་ ༣༣་༨༩ དང་། ནང་སྲིད་ལ་བརྒྱ་ཆ་ ༡༩་༩༨ ཕྱི་དྲིལ་ལ་བརྒྱ་ཆ་ ༡༤་༢ དེ་བཞིན་འཕྲོད་བསྟེན་ལ་བརྒྱ་ཆ་ ༡༠་༧༤ སོགས་ཆགས་ཀྱི་འདུགརྩ་བའི་ད་རེས་གྲོས་ཚོགས་སུ་འགོད་འབུལ་ཞུས་པའི་རྩིས་ལོ་ ༢༠༢༢་་༢༠༢༣ ལོའི་ཕྱོགས་བསྡོམས་འགྲོ་གྲོན་གྱི་དགོས་དངུལ་སྒོར་ས་ཡ་ ༢༥༣༥་༡༤ དེ་ནི་དེ་སྔ་ཕྱི་ལོ་ ༢༠༢༡་་་༢༠༢༢ ལོའི་སྔོན་རྩིས་ཕྱོགས་བསྡོམས་འགྲོ་གྲོན་གྱི་དགོས་དངུལ་ལས་སྒོར་ས་ཡ་ ༡༦༢་༩༩ ཉུང་བ་ཆགས་ཀྱི་འདུག་ཀྱང་། དཔལ་འབྱོར་བཀའ་བློན་མཆོག་ནས་ཉུང་བ་ཆགས་དགོས་པའི་རྒྱུ་མཚན་ནི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་དང་། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་། དེ་བཞིན་ནང་སྲིད་བཅས་ཀྱི་བུན་གཏོང་ལས་གཞིའི་ཆེད་ཧིན་སྒོར་ས་ཡ་ ༣༢༨་༥ དེ་དག་ཕྱོགས་བསྡོམས་སྔོན་རྩིས་ནས་གཅོག་འཐེན་གནང་ཡོད་པ་དང་། དོན་དུ་འདས་ལོའི་ཐོག་མའི་བཀའ་འཁྲོལ་ལས་བརྒྱ་ཆ་ ༦་༡༣ ཙམ་འཕར་ཡོད་པ་གསུངས་ཡོད།དེ་བཞིན་འདི་ལོའི་སྔོན་རྩིས་ཁྲོད་གསལ་བའི་བཀའ་ཤག་གི་ལས་གཞི་གསར་པ་ཁག་ཅིག་ནི་བོད་པའི་སུད་ཚོང་བའི་དཀའ་ངལ་སེལ་ཐབས་སུ་ལྡི་ལི་འཕགས་བོད་འབྲེལ་མཐུད་ལས་ཁང་དུ་ལས་བྱེད་གཉིས་བསྐོ་གཞག་གནང་རྒྱུ་དང་། བོད་དོན་ཞུ་གཏུགས་དང་ཆབ་སྲིད་ཀྱི་ལས་གཞི་རྒྱ་ཆེ་རུ་གཏོང་ཐབས་སུ་བྱང་ཨ་རི་དང་ཡོ་རོབ་ཁུལ་དུ་ལས་བྱེད་འཕར་མ་རེ་བསྐོ་གཞག་གནང་རྒྱུ། དེ་བཞིན་བོད་ནས་ཕེབས་ཏེ་ཁང་གླའི་ངོ་བོའི་ཐོག་གནས་བཞིན་པའི་རྒྱ་བལ་འབྲུག་གསུམ་གྱི་བོད་མི་ཁྱིམ་ཚང་ ༡༩༥༢ ལྷག་ལ་སྡོད་ཁང་སླད་ས་ཆ་མཁོ་སྒྲུབ་ཀྱི་ལས་གཞི། རང་ཁ་རང་གསོ་ཡོང་ཐབས་ལ་དམིགས་ཏེ་དེ་སྔའི་བཀའ་ཤག་གི་སྤུན་སྲིང་གཞིས་ཆགས་ཀྱི་ལས་གཞི་ལ་ཕྲན་བུའི་འགྱུར་བ་བཏང་སྟེ་གཞིས་ཟུར་གྱི་གཞིས་ཆགས་ལ་རོགས་ཕན་དང་། དཔལ་འབྱོར་བསྡུ་རུབ་སོགས་ཆགས་ཀྱི་འདུགད་རེས་དཔལ་འབྱོར་བཀའ་བློན་མཆོག་ནས་གྲོས་ཚོགས་སུ་སྔོན་རྩིས་འགོད་འབུལ་གྱི་གསུང་བཤད་གནང་སྐབས་འདས་པའི་ལོ་ངོ་ ༢༠ རིང་བོད་མིའི་སྒྲིག་འཛུགས་ཀྱི་ཡོངས་འབབ་སྤྱི་སྙོམས་བརྒྱ་ཆ་ ༩༡་༡༩ གཞན་ལ་བརྟེན་དགོས་པ་དང་། བོད་མི་རང་གིས་དཔྱ་ཁྲལ་དང་འབུལ་འབབ་གཞན་གྱི་ཐོག་ནས་བརྒྱ་ཆ་ ༨་༨༡ ཙམ་ལས་ལོན་གྱི་མེད་པར་གསུངས་པ་དང་སྦྲགས། མ་འོངས་ཕུགས་རྒྱང་རིང་པོ་ལ་བསམ་དགོས་ན་འགྲོ་གྲོན་ཆ་ཚང་བ་བོད་མི་རང་གིས་གཏོང་ཐུབ་རྒྱུ་དཀའ་ཡང་། གང་ཐུབ་ཅི་ཐུབ་ཀྱིས་རིམ་བཞིན་དཔལ་འབྱོར་རང་ཁ་རང་གསོའི་ཕྱོགས་སུ་འགྲོ་དགོས་པ་ནི་འདོར་དུ་མེད་པའི་དམིགས་ཡུལ་ཞིག་ཡིན་པ་གསུངས་ཡོད།

མ་ཟད་གསུང་བཤད་དེའི་ནང་ལ་འདས་ལོ་ཕྱི་ལོ་ ༢༠༢༡་་༢༠༢༢ ལོའི་སྔོན་རྩིས་བཀའ་འཁྲོལ་བྱུང་སོང་གི་གནས་སྟངས་དང་། ཕྱོགས་བསྡོམས་མ་དངུལ་ཁོངས་སུ་ཚུད་པའི་འདས་ལོ་ལྔའི་བོད་མིའི་སྒྲིག་འཛུགས་ཀྱི་མ་དངུལ་གནས་སྟངས་བཀོད་འདུག་པ་མ་ཟད། ཐེངས་འདིའི་གྲོས་ཚོགས་ཚོགས་དུས་གསུམ་པའི་ཐོག་ལ་བོད་མིའི་སྒྲིག་འཛུགས་ཀྱི་འདས་ལོ་ ༢༠ རིང་གི་མ་དངུལ་གནས་བབ་དང་འབྲེལ་བའི་སྙན་ཐོ་ཞིག་གྲོས་ཚོགས་སུ་འབུལ་རྒྱུ་ཡིན་པ་གསུངས་འདུག

 

འབྲེལ་ཡོད་གསར་གནས།

གསར་གནས།