Tibetan Royal Year of 2151 | Year of the Wood Dragon

སྤྱི་འཐུས་ས་བགོས་དང་འབྲེལ་བའི་གྲོས་ཆོད་ཕྱིར་འཐེན་ཡོང་བའི་སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར།

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

དེ་རིང་གྲོས་ཚོགས་སུ་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་ཀྱིས་བོད་མི་མང་སྤྱི་འཐུས་རྣམ་པའི་ས་བགོས་ཕྱོགས་བསྐྱོད་དང་འབྲེལ་བའི་གྲོས་ཆོད་ཕྱིར་འཐེན་དགོས་པའི་སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་ཞིག་ཆེད་བཏོན་གནང་ཡང་། དེར་རྒྱབ་སྐྱོར་གནང་མཁན་ ༣ དང་དགག་བྱ་གནང་མཁན་ ༣༤ བཅས་མང་མོས་ཀྱི་ཐོག་ནས་གཏན་འབེབས་བྱུང་ཐུབ་མ་སོང་།

དེའང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་བགྲེས་གཞོན་གཉིས་ཕུད་དེ་མིན་སྤྱི་འཐུས་རྣམས་ཚོགས་གཙོ་བགྲེས་གཞོན་གཉིས་ཀྱི་ས་ཆ་ཆ་བགོས་ལྟར། སྤྱི་འཐུས་ཀྱི་དུས་ཡུན་རིང་དུས་ནས་དུས་སུ་བཙན་བྱོལ་བོད་མི་གནས་སྡོད་ས་གནས་ཁག་ཏུ་ཆེད་ཕེབས་ཀྱིས་བོད་མི་རྣམས་ལ་གཏམ་བཤད་དང་མང་ཚོགས་ཀྱི་དཀའ་སྡུག་རྒྱུས་ལོན་སོགས་གནང་སྲོལ་ཡོད་ཀྱང་། ཉེ་བའི་ལོ་ཤས་ནས་བཙན་བྱོལ་བོད་མི་གནས་སྡོད་ས་གནས་ཁག་གཅིག་ཏུ་སྤྱི་འཐུས་རྣམ་པ་ཕེབས་སྐབས། མང་ཚོགས་ནས་ངོ་རྒོལ་དང་ཚོགས་ཁང་ནས་ཕྱིར་ཐོན་སོགས་ཀྱི་གནས་ཚུལ་རིམ་པར་བྱུང་བཞིན་པའི་ཁྲོད། སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་ཀྱིས་གྲོས་ཚོགས་སུ་སྤྱི་འཐུས་རྣམས་ཀྱི་ས་བགོས་ཕྱོགས་བསྐྱོད་ལ་གཞུང་དངུལ་མང་པོའི་འགྲོ་གྲོན་གཏོང་དགོས་དོན་མེད་པ་འགྲེལ་བརྗོད་དང་འབྲེལ། དེ་རིང་གྲོས་ཚོགས་སུ་སྤྱི་འཐུས་ས་བགོས་ཕྱོགས་བསྐྱོད་དང་འབྲེལ་བའི་གྲོས་ཚོགས་ནང་གི་ཡིག་ཆ་ཨང་ ༤༠ པ་དང་གྲོས་ཆོད་ཨང་ ༢༠༠༣།༡༣།༥།༥༣ པ་དེ་ཉིད་ཕྱིར་འཐེན་ཡོང་བའི་སྤྱི་འཐུས་སྒེར་གྱིས་གྲོས་ཆོད་གྲོས་འཆར་ཞིག་བཏོན་གནང་བ་དང་། དེར་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་རྒྱབ་སྐྱོར་གནང་ཡོད།

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་དེའི་སྔོན་གླེང་ནང་དེ་སྔོན་ཕྱི་ལོ་ ༢༠༠༣ ཟླ་ ༤ ཚེས་ ༡ འཁོད་སྐབས་ ༡༣ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་ ༥ པའི་ཡིག་ཆ་ཨང་ ༤༠ པ་དང་སྤྱི་འཐུས་སྒེར་གྱི་གྲོས་ཆོད་ཨང་ ༢༠༠༣།༡༣།༥།༥༣ པར་ཚོགས་གཙོ་བགྲེས་གཞོན་གཉིས་ཕུད་དེ་མིན་སྤྱི་འཐུས་རྣམས་ཚོགས་གཙོ་བགྲེས་གཞོན་གཉིས་ཀྱི་ས་ཆ་ཆ་བགོས་རེའུ་མིག་གཏན་འབེབས་གནང་བ་ལྟར་འགན་འཁུར་ཞུ་རྒྱུ་ཞེས་འཁོད་པ་མང་མོས་ཀྱི་གཏན་འབེབས་གནང་བ་དེ་ད་བར་ལག་བསྟར་ཚུལ་བཞིན་བྱུང་གི་མེད་པ་དང་། ད་ལྟའི་ཆར་དུས་ཀྱི་འགྱུར་འགྲོས་དང་མང་ཚོགས་ཀྱི་དགོས་མཁོ། སྤྱི་ཚོགས་ཀྱི་གནས་སྟངས་གང་ལ་ལྟོས་ཀྱང་གྲོས་ཆོད་དེ་ཉིད་དགོས་གལ་མ་མཐོང་བས་གྲོས་ཆོད་དེ་ཕྱིར་འཐེན་གྱི་དགོས་གལ་མཐོང་ཞེས་འཁོད་ཡོད་པ་དང་། གནད་དོན་དེའི་ཐོག་བགྲོ་གླེང་སྐབས་སྤྱི་འཐུས་ ༢༠ ཙམ་གྱིས་ཆ་ཤས་བཞེས་ཡོད།

བགྲོ་གླེང་སྐབས་སྤྱི་འཐུས་མང་པོས་གྲོས་འཆར་དེར་དགག་བྱ་དང་འབྲེལ། སྤྱི་འཐུས་རྣམས་པས་མང་ཚོགས་ལ་འགན་འཁུར་ཐུབ་ཐབས་སུ་མང་ཚོགས་ཁྲོད་འགྲོ་དགོས་གལ་ཡིན་པ་དང་། སྤྱི་འཐུས་རྣམས་མི་མང་གི་སྐུ་ཚབ་ཡིན་སྟབས། ས་གནས་མི་མང་གི་བདེ་སྡུག་ཇི་བཞིན་མ་རྟོགས་ན་མི་མང་གི་སྐུ་ཚབ་མཚོན་ཐུབ་ཐབས་མེད་པ་སོགས་འགྲེལ་བརྗོད་གནང་མཁན་བྱུང་སོང་།

དེ་བཞིན་སྤྱི་འཐུས་གཞན་ཁག་གཅིག་གིས་གྲོས་འཆར་དེར་དགག་པ་གནང་ཡང་། མི་མང་གི་ངོས་ནས་མི་མང་གི་འཐུས་མི་རྣམས་ལ་དགག་པ་དང་འདྲི་བ་གནང་ཆོག་གི་ཡོད་ཀྱང་། མི་མང་གིས་འགྲོ་ལུགས་འགྲོ་སྟངས་དང་མཐུན་པའི་ཐོག་ནས་འགན་འཁུར་བཞེས་དགོས་པ་དང་། མི་མང་གི་འཐུས་མིར་ངོས་འཛིན་གྱིས་གུས་བརྩི་ཞུ་དགོས་གལ། དེ་བཞིན་འཚམས་གཟིགས་སྐབས་མི་མང་གི་ངོ་རྒོལ་རིགས་མི་ཡིང་བའི་ཆེད་དུ་འབྲེལ་ཡོད་ཚང་མས་འགན་བཞེས་རྒྱུ་གལ་ཆེན་པོ་ཡིན་པ་སོགས་ཀྱི་དགོངས་ཚུལ་གསུངས་མཁན་བྱུང་སོང་།

གཞི་རྩའི་དེ་རིང་སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་བཏོན་མཁན་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་ཀྱིས་གྲོས་ཆོད་དེ་བསྣམས་དགོས་པའི་རྒྱབ་ལྗོངས་ནི་ཁ་སྔོན་དམིགས་བསལ་རྒྱུན་གྲོན་གཏན་འབེབས་སྐབས་བྱུང་བའི་གནད་དོན་ཞིག་ཡིན་པ་དང་འབྲེལ། སྐབས་དེར་སྤྱི་འཐུས་ཚོགས་གཙོ་མཆོག་གི་ལམ་སྟོན་གཞིར་བཟུང་དེ་རིང་བསྣམས་ཕེབས་པ་ཞིག་ཆགས་ཀྱི་ཡོད་པ་མ་ཟད། སྤྱི་འཐུས་ཁག་གཅིག་ས་བགོས་ཕྱོགས་བསྐྱོད་སྐབས་མི་མང་རྣམས་ཚོགས་ཁང་ནས་མར་ཐོན་ཕྱིན་པའི་གནད་དོན་དང་། ལྷག་པར་གནད་དོན་དེའི་ཐོག་སྤྱི་འཐུས་རྣམ་པའི་དགོངས་ཚུལ་ག་རེ་ཡོད་མེད་གསལ་ཁ་ཐུབ་དགོས་གལ་ཡིན་པར་བརྟེན་གྲོས་ཆོད་དེ་བསྣམས་ཕེབས་ཡིན་པ་གསུངས་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།