Tibetan Royal Year of 2151 | Year of the Wood Dragon

སྲིད་སྐྱོང་མཆོག་གིས་ཨ་རིའི་གནད་ཡོད་དཔོན་རིགས་རྣམས་ལ་བོད་དོན་ཁྲིམས་འཆར་ལ་རྒྱབ་སྐྱོར་དགོས་པའི་ཞུ་སྐུལ།

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་རྒྱལ་ས་ Washington DC ནང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གཙོས་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཁག་གཅིག་མཇལ་འཕྲད་གནང་སྟེ།  བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་རྒྱབ་སྐྱོར་དགོས་པ་སོགས་ཀྱི་བོད་དོན་ཞུ་སྐུལ་རིམ་པ་གནང་འདུག

སྲིད་སྐྱོང་མཆོག་ Washington DC ནང་དུ་ཁ་ཉིན་ཚེས་ ༡༦ ནས་ཉིན་གྲངས་ལྔའི་རིང་བཞུགས་བཞག་གནང་གི་ཡོད་པའི་ཁྲོད། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ Richard Gere ལགས། འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་གནད་ཡོད་དཔོན་རིགས། དེ་བཞིན་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་གཅིག་དང་། རོགས་ཚོགས་ཁག་གི་དཔོན་རིགས་ལྷན་དུ་མཇལ་འཕྲད་གནང་ཡོད་ཅིང་། ཁ་སང་ཚེས་ ༡༧ ཕྱི་དྲོར་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་ནང་། ༸གོང་ས་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༡༦ འཁོར་བའི་མཛད་སྒོའི་ཐོག་མཉམ་བཞུགས་གནང་བ་ཡོད་པ་མ་ཟད། དེ་རིང་ཚེས་ ༡༨ ཉིན་རྒྱབ་ཕྱག་ཚོད་ ༢ ཐོག་ཁུལ་དེར་རྟེན་གཞི་བྱས་པའི་ཨ་རིའི་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་ཀྱི་ལས་རིམ་ཞིག་གི་ཐོག་བོད་དོན་གསུང་བཤད་གནང་རྒྱུ་རེད་འདུག

སྲིད་སྐྱོང་མཆོག་གིས་ཁ་སང་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་གཅིག་དང་ལྷན་མཇལ་འཕྲད་གྲུབ་རྗེས། ས་གནས་ཀྱི་བོད་སྐད་རླུང་འཕྲིན་ཁང་ཁག་གི་གསར་འགོད་པའི་དྲི་བར་བཀའ་ལན་གནང་སྐབས། ཐེངས་འདིའི་མཇལ་མོལ་ཁྲོད་གཙོ་བོ་གྲོས་ཚོགས་འཐུས་མི་རྣམས་ལ་ Promoting a Resolution to the Tibet-China Conflict Act ཞེས་པའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་བསྐྱར་ནན་དང་། གྲོས་ཚོགས་ཚོགས་གཙོ་ཟུར་པ་ལྕམ་སྐུ་ Pelosi མཆོག་གིས་དབུས་པའི་གྲོས་ཚོགས་འཐུས་མི་ཁག་གཅིག་བཞུགས་སྒར་དུ་གདན་ཞུ་གནང་ཡོད་ཅིང་། ལྷག་པར་རིང་མིན་༸གོང་ས་མཆོག་དགུང་ལོ་ ༩༠ ལ་ཕེབས་པའི་སྐུའི་དགུ་སྟོན་དང་བསྟུན། ལོ་གཅིག་ཧྲིལ་པོ་རྒྱལ་སྤྱིའི་འཚེ་མེད་ཞི་བདེའི་ལོ་སྲུང་བརྩི་ཞུ་རྒྱུ་དང་འབྲེལ་བའི་གནད་དོན་ཁག་གཅིག་གི་ཐོག་ཞུ་གཏུགས་གནང་ཡོད་པ་གསུངས་འདུག

ཨ་རིའི་གྲོས་ཚོགས་འཐུས་མི་རྣམ་ལ་པ་མཇལ་མོལ་ཁྲོད། གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Mitt Romney ལགས་ཀྱིས་རང་ཉིད་ཀྱི་ Twitter དྲ་གནས་ཐོག སྲིད་སྐྱོང་མཆོག་དང་ལྷན་མཇལ་འཕྲད་བྱུང་བའི་གནད་དོན་གསལ་བཀོད་དང་སྦྲགས། རྒྱ་ནག་དམར་ཤོག་ཚོགས་པས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་སུ་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པ་མ་ཟད། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་རྩ་མེད་གཏོང་ཐབས་བྱེད་བཞིན་ཡོད་པར་སྐྱོན་བརྗོད་ཤུགས་ཆེ་གནང་འདུག

རྩ་བའི་སྲིད་སྐྱོང་མཆོག་གིས་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཁག་གཅིག་གི་གཞུང་འབྲེལ་ཕྱོགས་བསྐྱོད་གྲུབ་རྗེས། ཟླ་བ་འདིའི་ཚེས་ ༡༢ ཉིན་ལྷོ་ California ནང་དུ་ཕེབས་འབྱོར་དང་འབྲེལ། བྱང་ཨ་རིར་འཚམས་གཟིགས་ཀྱི་མཛད་རིམ་ཁག་དབུ་འཛུགས་ཀྱིས། ཚེས་ ༡༢ ཉིན་ལྷོ་ California དང་ཚེས་ ༡༣ ཉིན་ New Mexico མངའ་ཁུལ་གྱི་ Albuquerque དང་ Santa Fe དེ་བཞིན་ཚེས་ ༡༤ ཉིན་ Georgia མངའ་ཁུལ་གྱི་ Atlanta ནང་དུ་འཚམས་གཟིགས་གྲུབ་རྗེས་ཚེས་ ༡༥ རེས་གཟའ་ཉི་མའི་ཉིན་ Virginia མངའ་ཁུལ་གྱི་ Charlottesville གྲོང་ཁྱེར་དུ་ཆེད་ཕེབས་གནང་ཡོད་པ་རེད།

སྲིད་སྐྱོང་མཆོག་གིས་སྐབས་དེར་ཁུལ་དེ་དག་གི་ས་གནས་བོད་མི་མང་ཚོགས་དང་ལྷག་པར་བོད་རིགས་གཞོན་སྐྱེས་དང་ཐུག་འཕྲད་ཀྱིས་སྐབས་བཅུ་དྲུག་པའི་བཀའ་ཤག་གི་ལས་དོན་གནང་ཕྱོགས་སྤྱི་དང་། ད་བར་གྱི་ལས་དོན་ལེགས་གྲུབ་ཁག་དང་མ་འོངས་ལས་གཞི་ཇི་ཡོད་བཅས་ཀྱི་སྐོར་བཀའ་མོལ་གནང་སྟེ། ཐེངས་འདིའི་བྱང་ཨ་མི་རི་ཀའི་སྐོར་བསྐྱོད་ཁྲོད་དུ་ས་གནས་ཆབ་སྲིད་མི་སྣ་དང་། གྲོས་ཚོགས་འཐུས་མི། མཐོ་སློབ་ཀྱི་སློབ་གཉེར་བ་སོགས་མཇལ་འཕྲད་ཀྱིས་བོད་དོན་དྲིལ་བསྒྲགས་གང་ལེགས་བྱུང་ཡོད་པ་དང་། སླད་མར་ལྷོ་དབུས་ཨ་མི་རི་ཀར་བོད་དོན་དྲིལ་བསྒྲགས་དང་ཞུ་གཏུག་སྔར་ལྷག་ཤུགས་ཆེར་གཏོང་འཆར་ཡོད་པ་གསུངས་འདུག

སྲིད་སྐྱོང་མཆོག་གིས་རྒྱལ་སྤྱིའི་ས་བབ་ཆབ་སྲིད་དང་གོ་ལའི་ཁོར་ཡུག་སོགས་ཀྱི་ཐད་ནས་བོད་ཀྱི་གལ་གནད། དེ་བཞིན་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་སྲིད་བྱུས་དེ་དབུ་མའི་ལམ་ཡིན་པ་དྲན་སྐུལ་དང་འབྲེལ། ད་ལྟའི་བཀའ་ཤག་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་ཐབས་བྱུས་ལ་འགྱུར་བ་ཕྲན་བུ་བཏང་སྟེ་ལོ་རྒྱུས་ཐོག་བོད་དེ་རང་བཙན་རྒྱལ་ཁབ་ཅིག་ཡིན་པ་ནན་བརྗོད་གནང་གི་ཡོད་པ་དང་། དེ་ལྟར་གནང་དོན་ཡང་དབུ་མའི་ལམ་གྱི་སྲིད་བྱུས་ལ་གདེང་འཇོག་ཐོབ་ཐབས་ཙམ་མ་ཟད། རྒྱ་གཞུང་གིས་བོད་ཀྱི་ལོ་རྒྱུས་འཁྱོག་བཤད་ཤུགས་ཆེར་བྱེད་བཞིན་པ་དེར་གདོང་ལེན་གནང་ཆེད་ཡིན་པ་གསུངས་འདུག

སྲིད་སྐྱོང་མཆོག་གི་ད་དུང་། བོད་མི་གཞོན་སྐྱེས་རྣམས་ནས་བོད་ཀྱི་ལོ་རྒྱུས་ལ་དོ་སྣང་དང་སློབ་གཉེར་གནང་གལ་ཆེ་བའི་ལམ་སྟོན་གནང་བ་མ་ཟད། བོད་ལ་རང་དབང་མ་ཐོབ་བར་དུ་བོད་ཀྱི་འཐབ་རྩོད་གསོན་པོར་གནས་དགོས་ཤིང་། དེའི་ཆེད་བོད་རིགས་གཞོན་སྐྱེས་རྣམས་ནས་མ་འོངས་བོད་དོན་འཐབ་རྩོད་ཀྱི་འགན་ཁུར་དགོས་པའི་ལམ་སྟོན་ཡང་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།