Tibetan Royal Year of 2151 | Year of the Wood Dragon

༢༠༢༣ ལོའི་ལྷོ་ཁུལ་རྐང་སྤོལ་རྩེད་འགྲན་གྱི་རྒྱལ་ཁ་དོན་ལྡན་གླིང་རུ་ཁག་ལ་ཐོབ་པ།  

Tibetan News Headlines

  • Gongma Rinpoche at 80: An in-depth interview with Sakya Gongma Trichen Rinpoche uncovering his life journey and biography

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • དམིགས་བསལ་ལས་རིམ། ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་༧སྐུ་ཚེའི་མཛད་རྣམ་སྙིང་བསྡུས།

ཟླ་བ་འདིའི་ཕྱི་ཚེས་ ༢༠ ནས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་མིའི་གཞིས་ཆགས་ཆེ་གྲས་མོན་གྷོ་འདོད་རྒུ་གླིང་དུ་ལྷོ་ཕྱོགས་ཁུལ་གྱི་ཕྱི་ལོ་ ༢༠༢༣ ལོའི་རྐང་རྩེད་སྤོ་ལོའི་རྩེད་འགྲན་གནང་བཞིན་ཡོད་པ་ལྟར། ཁ་སང་རྐང་སྤོལ་རྩེད་འགྲན་མཐའ་མའི་འགྲན་བསྡུར་ཁྲོད་ཀོ་ལེ་གྷལ་དོན་ལྡན་གླིང་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད་པ་རེད།  

ཁ་སང་དགོང་དྲོ་ཆུ་ཚོད་ ༧ ཐོག་དབུ་འཛུགས་གནང་བའི་ ༢༠༢༣ ལོའི་ལྷོ་ཕྱོགས་ཁུལ་གྱི་རྐང་རྩེད་སྤོ་ལོའི་རྩེད་འགྲན་མཐའ་མ་ཀོ་ལེ་གྷལ་དོན་ལྡན་གླིང་རྐང་སྤོལ་རུ་ཁག་དང་སྦེལ་ཀོབ་བདེ་སྐྱིད་སླར་གསོའི་རྐང་སྤོལ་རུ་ཁག་གཉིས་དབར་གནང་ཡོད་པ་དང་། རྩེད་འགྲན་གྱི་དུས་ཡུན་སྐར་མ་ ༩༠ ནང་ལ་ཀོ་ལེ་གྷལ་དོན་ལྡན་གླིང་རྐང་སྤོལ་རུ་ཁག་ལ་སྤོ་ལོ་གཅིག་དང་སྦེལ་ཀོབ་བདེ་སྐྱིད་སླར་གསོའི་རྐང་སྤོལ་རུ་ཁག་ལ་སྤོ་ལོ་ཀླད་ཀོར་བཅས་ ༢༠༢༣ ལོའི་རྒྱ་གར་ལྷོ་ཕྱོགས་རྐང་སྤོལ་རྩེད་འགྲན་མཐའ་མའི་རྒྱལ་ཁ་བདེ་ཀོ་ལེ་གྷལ་དོན་ལྡན་གླིང་རུ་ཁག་ལ་ཐོབ་སྟེ་གཟེངས་ཐོན་གྱི་ཕོར་པ་དང་ཧིན་སྒོར་འབུམ་གཅིག་བཅས་ཀྱི་བྱ་དགའ་གནང་ཡོད།

དེ་བཞིན་ཐེངས་འདིའི་རྩེད་འགྲན་ཁྲོད་ཨང་གཉིས་པ་སོན་པ་སྦེལ་ཀོབ་བདེ་སྐྱིད་སླར་གསོའི་རྐང་སྤོལ་རུ་ཁག་ལ་ལེགས་གསོའི་ཕོར་པ་དང་ཧིན་སྒོར་ཁྲི་ལྔ། ཨང་གསུམ་སོན་པ་མོན་གྷོ་འདོད་རྒུ་གླིང་རྐང་སྤོལ་རུ་ཁག་ལ་ལེགས་གསོའི་བྱ་དགའ་སོགས་གནང་ཡོད།

 གཞི་རྩའི་ཐེངས་འདིའི་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་རྐང་རྩེད་སྤོ་ལོའི་རྩེད་འགྲན་དེ་ཉིད་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་ཡོད་པའི་འདོད་རྒུ་གླིང་ན་གཞོན་རྩེད་རིགས་མཐུན་ཚོགས་ཀྱིས་གོ་སྒྲིག་ཞུས་ཡོད་པ་དང་། རྩེད་འགྲན་ནང་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་མིའི་གཞིས་ཁག་ལྔ་དང་གྷོ་ཝ་བཅས་ནས་རྐང་སྤོར་རུ་ཁག་བདུན་མཉམ་ཞུགས་གནང་ཡོད་པ་དང་། ལོ་རྗེས་མའི་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་རྐང་སྤོལ་རྩེད་འགྲན་དེ་ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་ཆགས་ནང་གོ་སྒྲིག་ཞུ་རྒྱུ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།