Tibetan Royal Year of 2151 | Year of the Wood Dragon

༧གོང་ས་མཆོག་གིས་ཉི་ཧོང་གི་སྲིད་བློན་གྱི་འཕྲོད་བསྟེན་གྱི་གནས་བབ་ལ་ཐུགས་འཚབ་ཡོད་པའི་གསུང་འཕྲིན་བསྩལ་བ།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གི་སྲིད་བློན་སྐུ་ཞབས་ Shinzo Abe མཆོག་གི་འཕྲོད་བསྟེན་གྱི་གནས་བབ་ཀྱི་རྐྱེན་གྱིས་སྲིད་བློན་གྱི་ལས་གནས་ལས་དགོངས་པ་ཞུས་ཏེ་སྨན་བཅོས་གནང་རྒྱུ་ཡིན་སྐོར་ལ་ཐུགས་གསོའི་འཚམས་འདྲི་ཞིག་བསྩལ་ཏེ། མགོན་པོ་གང་ཉིད་མཆོག་གིས་སྲིད་འཛིན་མཆོག་གི.སྨན་བཅོས་ལམ་ལྷོངས་ཡོང་བར་ཐུགས་སྨོན་གསོལ་འདེབས་ཞུ་རྒྱུ་ཡིན་པར་བཀའ ་གནང་འདུག དེ་བཞིན་༧གོང་ས་མཆོག་གིས་སྲིད་བློན་མཆོག་གིས་རྒྱལ་ཁབ་ཀྱི་བདེ་དོན་གྱི་ཆེད་དུ་སྲིད་བློན་ལས་གནས་ལས་དགོངས་ཞུ་གནང་སྟེ་སྨན་བཅོས་བསྟེན་གཏུགས་བྱེད་རྒྱུར་ཐག་བཅད་གནང་བར་བསྔགས་བརྗོད་མཛད་འདུག ད་དུང་མགོན་པོ་གང་གི་ཕྱག་ཡིག་དེའི་ནང་དུ། སྲིད་བློན་མཆོག་གི་རླབས་ཆེན་གྱི་དབུ་ཁྲིད་དང་གཞན་སེམས་ཀྱི་ཞབས་ཞུ་ལ་གུས་བརྩི་ཆེན་པོ་ཡོད་པར་གསུངས་བ་མ་ཟད། སྲིད་བློན་མཆོག་ནི་ལོ་མང་གི་རིང་ལ་ཞབས་ཞུ་ཞུས་ཏེ་ཉི་ཧོང་གི་རྒྱལ་ཁབ་དེ་རྒྱལ་སྤྱིའི་ཐོག་ཆེ་མཐོང་ལྡན་པར་བཟོས་ཡོད་པར་བཀའ་གནང་འདུག རྩ་བའི་དགུང་ལོ་༦༥ ཡིན་པའི་སྲིད་བློན་ Shinzo Abe མཆོག་ནི་ཉི་ཧོང་གི་ནང་དུ་སྐབས་བཞིའི་རིང་ལ་སྲིད་བློན་གནང་མྱོང་མཁན་གྱི་རྒྱུན་རིང་ཤོས་ཀྱི་སྲིད་བློན་ཞིག་ཆགས་ཀྱི་ཡོད་པ་དང་། ཁོང་གི་སྐབས་འདིའི་སྲིད་བློན་གྱི་དུས་ཡུན་ནི་༢༠༡༧ ལོ་ནས་སྤྱི་ལོ་༢༠༢༡ གི་ཟླ་བ་༩ བར་ཆགས་ཀྱི་ཡོད་པ་རེད། ཐེངས་འདིར་ཁོང་གི་སྐུའི་འཕྲོད་བསྟེན་གྱི་གནས་བབ་ཀྱི་རྐྱེན་གྱིས་ལས་གནས་ལས་དགོངས་ཞུ་གནང་རྒྱུ་ཡིན་སྐོར་གསལ་བསྒྲགས་གནང་ཡོད་ནའང་། ཁོང་གི་ལས་ཚབ་ཀྱི་སྲིད་འཛིན་གཅིག་མ་བདམས་བར་དུ་ལས་གནས་སུ་བཞུགས་རྒྱུ་ཡིན་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།