Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གི་མཛད་རྣམ་དང་འབྲེལ་བའི་པར་རིས་ཀྱི་ཕྱག་དེབ་གསར་ཐོན།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

བཀའ་ཟུར་བཀྲས་མཐོང་བསྟན་འཛིན་དགེ་བྱེད་མཆོག་གིས་ལོ་ངོ་བཞི་བཅུ་ལྷག་ལ་སྐུ་སྒེར་ཡིག་ཚང་དུ་ཕྱག་ལས་གནང་བའི་ཉམས་མྱོང་གཞི་ལ་བཞག་པའི་ཐོག་ནས།  པར་རིས་མང་པོ་ཕྱོགས་བསྒྲིགས་བྱས་ཡོད་པའི་༸གོང་ས་མཆོག་གི་མཛད་རྣམ་དང་འབྲེལ་བའི་ཕྱག་དེབ་གསར་བ་ཞིག་བྲིས་ཏེ། ཁ་སང་ཟླ་བ་ ༡༡ པའི་ཚེས་ ༡༦ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Roli Books དཔེ་སྐྲུན་ཁང་བརྒྱུད་ནས་དཔེ་དེབ་དེ་དབུ་འབྱེད་གནང་འདུག

གཞི་རྩའི་ཁོང་གིས་ལྗག་རྩོམ་གནང་བའི་པར་རིས་ཀྱི་ཕྱག་དེབ་དེ་ས་བཅད་ཆེན་པོ་དྲུག་ཏུ་དབྱེ་ཡོད་པ་ནི་རྩོམ་པ་པོས་རྒྱུས་མངའ་ཡོད་པའི་༧གོང་ས་མཆོག་དང་། བྱང་ཆུབ་སེམས་དཔའི་སྙིང་རྗེའི་སྐོར། དེ་བཞིན་རིན་ཐང་ཆེ་བའི་ཁ་བའི་ལྗོངས་ཀྱི་མགོན་སྐྱབས། གཞན་ཡང་རྒྱ་གར་གྱི་ཁྱིམ་གཞི་གསར་པ་དང་རྒྱལ་སྤྱིའི་སྟེང་འབྲེལ་ལམ་ཚུགས་པ་སོགས་འཁོད་ཡོད་པ་ལྟར། པར་རིས་ཀྱི་དཔེ་དེབ་དེ་པར་རིས་སྟོང་ཕྲག་ལས་གདམ་གསེས་ཀྱིས་རྩོམ་སྒྲིག་གནང་ཤིང་ཤོག་གྲངས་༣༥༠ ལྷག་གིས་གྲུབ་པ་ཞིག་རེད་འདུག

སྐུ་མདུན་གྱི་མཛད་རྣམ་དང་འབྲེལ་བའི་པར་རིས་ཀྱི་ཕྱག་དེབ་དེ་དང་འབྲེལ་ནས། འདི་གའི་གསར་འགོད་པའི་ཕྱག་དེབ་རྩོམ་པ་པོ། བཀའ་ཟུར་བཀྲས་མཐོང་བསྟན་འཛིན་དགེ་བྱེད་མཆོག་ལ་ཞལ་པར་བརྒྱུད་ནས་པར་རིས་ཀྱི་དཔེ་དེབ་དེ་མགོན་པོ་གང་གི་མཛད་རྣམ་གཞན་དང་མི་འདྲ་བའི་ཁྱད་ཆོས་ག་རེ་ཡོད་མེད་ཀྱི་ཐད་ནས་བཀའ་འདྲི་ཞུས་པར་ཁོང་གིས།   གཅིག་ནས་དེང་སང་གི་དུས་སྐབས་སུ་མི་མང་པོ་ལས་ཀའི་བྲེལ་འཚབ་ཆེ་བའི་སྟབས་ཀྱིས་དཔེ་ཀློག་ལ་འཇུག་རྒྱུ་ཁག་པོ་ཡིན་པར་བརྟེན་ཁོང་གི་ཕྱག་དེབ་དེར་པར་མང་པོ་ཡོད་པར་བརྟེན་གཅིག་ནས་བལྟ་བདེ་བ་དང་། དེ་བཞིན་ཁོང་དངོས་སུ་སྐུ་སྒེར་ཡིག་ཚང་དུ་ཕྱག་ལས་གནང་བའི་ཉམས་མྱོང་གཞི་ལ་བཞག་ནས་བྲིས་ཡོད་པ་ཞིག་ཡི་པར་བརྟེན། གང་ཟག་གསུམ་པ་ཞིག་གི་བྲིས་བ་དང་བསྡུར་ན་ཅུང་མ་འདྲ་བ་ཞིག་ཡིན་པར་གསུངས་སོང་།

དེ་བཞིན་པར་རིས་དཔེ་དེབ་ཀྱི་གླེང་བརྗོད་ཀྱི་ནང་དུ་རྩོམ་པ་པོ་ཁོང་སྐུ་སྒེར་ཡིག་ཚང་དུ་ཕྱག་ལས་གནང་འགོ་ཚུགས་དུས་སུ་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ཕྱི་རྒྱལ་ཡུལ་ཕྱོགས་གང་སའི་དབུ་ཁྲིད་རྣམས་ལ་ཕྱག་ཡིག་མང་པོ་ཞིག་བྲིས་གནང་གི་ཡོད་པར་འཁོད་པ་དེ་དག་གི་ནང་དོན་ག་རེ་ཡིན་མིན་གྱི་ཐད་ནས་བཀའ་འདྲི་ཞུས་པར་ཁོང་གིས། གཙོ་བོ་རྒྱལ་སྤྱིའི་དབུ་ཁྲིད་རྣམས་ལ་བོད་དོན་རྒྱབ་སྐྱོར་ཡོང་ཐབས་དང་དེ་བཞིན་བཙན་བྱོལ་ནང་གི་གཞིས་ཆགས་སྲ་བརྟན་གྱི་གཙོ་བྱས་པའི་དགོན་སྡེ་དང་སློབ་གྲྭ་སོགས་གསར་རྒྱག་གནང་རྒྱུར་རོགས་སྐྱོར་ཡོང་ཐབས་ཀྱི་སྐོར་ནས་ཕྱག་ཡིག་མང་པོ་བྲིས་གནང་གི་ཡོད་པར་ངོ་སྤྲོད་གནང་སོང་།

དེ་བཞིན་ཁཁོང་གིས་མི་ལོ་བཞི་བཅུ་ལྷག་ལ་སྐུ་སྒེར་ཡིག་ཚང་དུ་ཞབས་ཞུས་པའི་སྐབས་ཀྱི་ཉམས་མྱོང་ཁག་གཞིར་བཟུང་དཔེ་དེབ་དེ་བྲིས་གནང་བ་ཞིག་ཡིན་པ་དང་། ཁོང་ཉིད་སྐྱེ་བ་འདིར་སྐུ་མདུན་ལ་ཞབས་ཞུ་གནང་རྒྱུའི་སྐལ་བ་ཐོབ་པ་དེ་ནི་ཁོང་གིས་འཇོན་དྲག་ནས་གོ་སྐབས་ཐོབ་པ་ཞིག་མིན་པར། བོད་མི་རྣམས་བཙན་བྱོལ་དུ་ཐོག་མར་ཕེབས་པའི་མཚམས་སུ་དབྱིན་སྐད་དངཧིན་སྐད་ཤེས་མཁན་ཞིག་སྒུ་སྒེར་ཡིག་ཚང་དུ་ཕེབས་དགོས་བའི་བཀའ་གནང་བ་ལྟར་སྐུ་མདུན་ལ་ཞབས་ཞུ་སྒྲུབ་རྒྱུའི་གོ་སྐབས་ཐོབ་པ་ཞིག་ཡིན་སྐོར་འགྲེལ་བརྗོད་དང་སྦྲགས།  ཕྱི་ལོ་ ༡༩༨༠ ནང་རྒྱ་ནག་གི་སྲིད་བྱུས་གོད་ཡངས་ཀྱི་དུས་སྐབས་དང་འབྲེལ་ནས་བོད་མི་མང་པོ་རྒྱ་གར་དུ་སྐུ་མདུན་ལ་མཇལ་བཅར་ཞུ་རྒྱུའི་གོ་སྐབས་ཐོབ་སྐབས། མི་མང་པོ་ཞིག་གིས་དད་འདུན་ཆེན་པོའི་མིག་ཆུ་ཤོར་བཞིན་པ་མཐོང་དུས། རང་ཉིད་དངོས་སུ་སྐུ་མདུན་ལ་ཞབས་ཞུ་ཞུ་རྒྱུའི་གོ་སྐབས་ཐོབ་པ་དེ་ནི་བསོད་ནམས་ཆེན་པོ་ཡིན་པའི་ངེས་ཤེས་རྙེད་ཡོད་སྐོར་ངོ་སྤྲོད་གནང་སོང་།

གཞི་རྩའི་བཀྲས་མཐོང་བསྟན་འཛིན་དགེ་བྱེད་མཆོག་ནི། བོད་ས་མ་ཤོར་སྔོན་ནས་རྒྱ་གར་དུ་ཕེབས་ཏེ་སློབ་སྦྱོང་གནང་མྱོང་མཁན་ཞིག་ཡིན་པ་དང་། བོད་མི་རྣམས་བཙན་བྱོལ་དུ་གྱར་ནས་ཅུང་མ་འགོར་བར་ཕྱི་ལོ་༡༩༦༣ ནས་༢༠༠༧ བར་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་སྐུ་སྒེར་གྱི་ལས་ཁུངས་སུ་ཕྱག་ལས་གནང་ཡོད་པ་མ་ཟད། ཁོ་ནི་ཕྱི་ལོ་ ༡༩༧༠ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་འཛུགས་མཁན་ཁོངས་ཀྱི་མི་སྣ་ཞིག་ཀྱང་དང་། དེ་བཞིན་ཕྱི་ལོ་ ༡༩༨༣ ནས་ ༡༩༨༥ བར་དུ་བཀའ་བློན་གྱི་འགན་ཁུར་བཞེས་མྱོང་མཁན་ཞིག་ཀྱང་ཆགས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།