Tibetan Royal Year of 2151 | Year of the Wood Dragon

ཨོ་ཌི་ཤ་མངའ་སྡེའི་ནང་མེ་འཁོར་བརྡབ་སྐྱོན་གོད་ཆགས་བྱུང་བར་ཐུགས་གསོ་མཛད་འདུག

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

དེ་རིང་ཕྱི་ཚེས་ ༣ ཉིན་གྱི་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་ཌི་ཤའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Naveen Patnaik མཆོག་གི་མཚན་ཐོག་ཏུ་ཁ་སང་ཕྱི་དྲོ་མངའ་སྡེ་དེའི་ Balasore ཞེས་པའི་ཁུལ་དུ་གློ་བུར་མེ་འཁོར་རྡུང་ཁ་ཐེབས་རྐྱེན་མི་མང་མང་པོ་རྨས་སྐྱོན་དང་འདས་གྲོངས་སུ་གྱུར་བར་གདུང་སེམས་མཉམ་བསྐྱེད་ཀྱི་ཐུགས་གསོའི་གསུང་འཕྲིན་སྩལ་འདུག

དེ་ཡང་༸གོང་ས་མཆོག་གིས་ཐུགས་གསོའི་གསུང་འཕྲིན་དེའི་ཐོག་མར་ཨོ་ཌའི་ཤ་མངའ་སྡེའི་ Balasore ཞེས་པའི་ཁུལ་དུ་གློ་བུར་མེ་འཁོར་རྡུང་ཁ་ཐེབས་ཏེ་མི་མང་པོ་རྨས་སྐྱོན་དང་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོས་མ་ཐག་ཐུགས་ཕམ་ཆེན་པོ་བྱུང་ཞེས་བཀའ་སྩལ་དང་སྦྲགས། དོན་རྐྱེན་དེའི་ཁྲོད་འདས་གྲོངས་སུ་གྱུར་བའི་ནང་མི་ལྟོས་བཅས་ཡོངས་ལ་ཐུགས་གསོ་དང་། རྨས་སྐྱོན་ཕོག་མཁན་རྣམས་མྱུར་དུ་དྲག་སྐྱེད་ཡོང་བའི་ཐུགས་སྨོན་མཚམས་སྦྱོར་མཛད་འདུག

དེ་བཞིན་༸གོང་ས་མཆོག་གིས་རྒྱ་གར་དབུས་གཞུང་དང་མངའ་སྡེའི་གཞུང་གིས་གཙོས་པའི་ཚོགས་པ་ཁག་འདྲ་མིན་ནས་དོན་རྐྱེན་དེའི་ཁྲོད་དཀའ་སྡུག་མྱོང་མཁན་རྣམས་ལ་སྨན་བཅོས་སོགས་ཀྱི་མཐུན་འགྱུར་གང་ལེགས་གནང་བཞིན་ཡོད་པར་རྗེས་སུ་ཡི་རང་ཡོད་ཅེས་བཀའ་སྩལ་མཛད་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་དུང་མགོན་པོ་༸གང་ཉིད་མཆོག་དེ་སྔོན་ཁུལ་དེར་ལེན་མང་ཆིབས་བསྒྱུར་མཛད་ཡོད་པ་དང་། ལྷག་པར་དུ་ཕྱི་ལོ་ ༢༠༡༧ ལོར་སྐུ་ཞབས་ཁོང་དང་མཇལ་མོལ་བྱུང་ཡོད་སྐོར་ཐུགས་དྲན་གསོ་མཛད་དེ། ཨོ་ཌི་ཤ་མངའ་སྡེའི་མི་མང་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པ་ནས་སྨན་བཅོས་མཐུན་འགྱུར་དང་ཉེན་སྐྱོབ་ཆེད་ཞལ་འདེབས་སྩལ་རྒྱུར་བཀའ་སྩལ་དང་སྦྲགས། ཐུགས་སྨོན་མཚམས་སྦྱོར་མཛད་འདུག

གཞི་རྩའི་ཨོ་ཌི་ཤའི་ཁུལ་དུ་གློ་བུར་མེ་འཁོར་རྡུང་ཁའི་དོན་རྐྱེན་དེ་ཁ་སང་ཕྱི་དྲོ་ཆུ་ཚོད་ ༧ ཡས་མས་སུ་བྱུང་བ་ཞིག་ཡིན་འདུག་ཅིང་། བརྒྱུད་ལམ་ཁག་གི་ནང་གནས་ཚུལ་སྤེལ་བ་ལྟར་ན་ Balasore ཞེས་པའི་ཁུལ་དུ་མེ་འཁོར་གསུམ་བར་རྡུང་ཁ་བྱུང་རྐྱེན་དེའི་ཁྲོད་ད་བར་ཤེས་རྟོགས་ཐུབ་པའི་ནང་མི་གྲངས་ ༢༣༠ ལྷག་འདས་གྲོངས་སུ་གྱུར་ཡོད་པ་མ་ཟད། མི་གྲངས་ ༩༠༠ ལྷག་རྨས་སྐྱོན་ཕོག་ཡོད་པ་རེད་འདུག དེ་བཞིན་དོན་རྐྱེན་དེ་བྱུང་འཕྲལ་རྒྱ་གར་གྱི་སྲིད་བློན་མཆོག་དང་སྲིད་འཛིན་མཆོག་གིས་གཙོས་པའི་གནད་ཡོད་མི་སྣ་མང་པོས་དེ་འབྲེལ་ཐུགས་གསོ་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།