Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་འཛམ་གླིང་ཁྱོན་ཡོངས་སུ་སེམས་ཀྱི་ཞི་བདེ་བསྐྲུན་ཐབས་ཞེས་པའི་མཁས་པའི་བགྲོ་གླེང་ཐོག་དབུ་བཞུགས་མཛད་པ།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ཚེས་ ༩ ཉིན་ཨ་རིའི་ Madison གྲོང་ཁྱེར་དུ་མཛད་འཆར་མཐའ་མ་བསྐྱངས་པ་དང་འབྲེལ།  ཁུལ་དེར་བསྐོང་ཚོགས་གནང་པའི་འཛམ་གླིང་ཁྱོན་ཡོངས་སུ་སེམས་ཀྱི་ཞི་བདེ་བསྐྲུན་ཐབས་ཞེས་པའི་མཁས་པའི་བགྲོ་གླེང་ཐོག་དབུ་བཞུགས་མཛད་འདུག

དེ་ཡང་ཁ་སང་ཟླ་ ༣ ཚེས་ ༩ ཉིན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ Wisconsin གཙུག་ལག་སློབ་གཉེར་ཁང་དུ་ཆིབས་སྒྱུར་བཀྲིན་བསྐྱངས་འདུག  གཙུག་ལག་སློབ་གཉེར་ཁང་དེའི་ཀླད་རྩ་དང་སེམས་ཁམས་རིག་པའི་མཁས་དབང་སྐུ་ཞབས་ Richard Davidson ལགས་གཙོས་པའི་མཉམ་ཞུགས་བ་རྒྱལ་ཁབ་འདྲ་མིན་ནས་ཚན་རིག་པ་དང་སེམས་ཁམས་རིག་པའི་མཁས་དབང་། དེ་བཞིན་གསར་འགོད་པ་བཅས་ཁྱོན་མི་གྲངས་ ༢༠༠༠ ཙམ་ལ་ད་ལྟའི་དུས་རབས་ཉེར་གཅིག་པ་དེའི་ནང་འགྲོ་བ་མིའི་བདེ་སྡུག་ཡར་རྒྱས་གཏང་རྒྱུ་དང་། ལྷག་དོན་འཚེ་བའི་བྱ་སྤྱོད་ཁག་ཉུང་དུ་གཏོང་བར་རང་རྒྱུད་ལ་བྱམས་བརྩེ་དང་གཞན་ཕན་གྱི་བསམ་པ།  སྙིང་རྗེ་གསུམ་པོ་ནི་མེད་དུ་མི་རུང་བའི་དགོས་ངེས་ཀྱི་ཆ་རྐྱེན་ཡིན་པ་བཀའ་སྩལ་གནང་འདུག

ལྷན་ཚོགས་དེའི་ཁྲོད་མགོན་པོ་༸གང་ཉིད་མཆོག་གིས་ཞི་བདེ་དང་འཚེ་བའི་སྐོར་བཀའ་འདྲིར་བཀའ་ལན་གནང་བའི་ནང་། སྤྱིར་རྩོད་རྙོག་ཡོང་གཞི་ནི་ང་ཚོའི་ཁྲོད་དུ་ང་ཚོ་དང་རྟག་ཏུ་འདྲེས་ནས་ཡོད་པ་གང་ཞིག་དེར་གྲོས་མོལ་གྱི་ཐབས་ལམ་ཐོག་ནས་སེལ་ཐུབ་རྒྱུ་ཡོད་པ་བཀའ་སྩལ་གནང་པ་མ་ཟད།  འཛམ་གླིང་འདིའི་ནང་འཚེ་བའི་རྒྱུ་ཆུང་ངུར་བརྟེན་ནས་དཀའ་རྙོག་དུ་མ་ཞིག་བཟོ་བཞིན་ཡོད་སྟབས། ད་ལྟའི་དུས་རབས་ཉེར་གཅིག་འདི་གྲོས་མོལ་གྱི་དུས་རབས་ཤིག་ཏུ་འགྱུར་ཐབས་འབད་དགོས་གལ་ཡིན་པའི་སྐུལ་ལྕག་གནང་འདུག

རྩ་བའི་༸གོང་ས་མཆོག་ཨ་རིའི་མཱ་ཡོ་སྨན་ཁང་དུ་༸སྐུའི་འཕྲོད་བཞེས་བརྟག་དཔྱད་ལེགས་གྲུབ་ཟིན་རྗེས། ཨ་རིའི་མེ་ཌི་སོན་ གྲོང་ཁྱེར་དུ་ཟླ་བ་འདིའི་ཚེས་ ༦ ནས་དབུ་འཛུགས་ཀྱིས་ཁ་སང་ཚེས་ ༩ བར་ཁུལ་དེར་བླང་དོར་བཀའ་སློབ་དང་ཆོས་འབྲེལ་མཛད་ཡོད་པ་རེད། ལྷག་དོན་ཨ་རིའི་ Wisconsin གཙུག་ལག་སློབ་གཉེར་ཁང་དུ་མཁས་པའི་བགྲོ་གླེང་ཐོག་དབུ་བཞུགས་མཛད་པ་སོགས་ཀྱི་མཛད་འཆར་ལེགས་གྲུབ་ཀྱིས་ཁ་སང་ཚེས་ ༩ ཉིན་ཁུལ་དེ་ནས་ཆིབས་ཐོན་གྱིས་དེ་རིང་ཕྱི་དྲོ་སུད་སི་ཇི་ནེ་ཝ་གྲོང་ཁྱེར་དུ་ཞབས་སོར་འཁོད་ཀྱི་ཡོད་པ་རེད།

༸གང་ཉིད་མཆོག་ཁུལ་དེར་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཟུར་ཚོགས་ཐོག་དབུ་བཞུགས་ཀྱིས་བཀའ་སློབ་བསྩལ་རྒྱུ་རེད་འདུག

 

འབྲེལ་ཡོད་གསར་གནས།

གསར་གནས།