Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་ལ་དྭགས་མཁར་དཀྱིལ་རྫོང་ནང་ཆིབས་བསྒྱུར་ཡོང་བའི་གདན་ཞུ་གསོལ་འདེབས།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

ཁ་སང་ཕྱི་ཟླ་ ༤ ཚེས་ ༡༧ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ལ་དྭགས་མཁར་དཀྱིལ་རྫོང་གི་སྐུ་ཚབ་རུ་ཁག་གཅིག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་ཏེ་ཕྱི་ལོ་ ༢༠༢༥ ལོར་མཁར་དཀྱིལ་རྫོང་གི་བོད་མཁར་བུ་དང་ཀུན་རིག་ཁུལ་དུ་ཆིབས་བསྒྱུར་གསོལ་འདེབས་ཞུས་པར་ཐུགས་བརྩེ་བ་ཆེན་པོས་ཞལ་བཞེས་མཛད་འདུག

Kargil Visit HHDL

དེ་ཡང་ཁ་སང་བཞུགས་སྒར་དུ་ལ་དྭགས་མཁར་དཀྱིལ་རྫོང་གི་ས་གནས་སྤྱི་འཐུས་དབུས་པའི་བོད་མཁར་བུ་དགོན་པའི་མཁན་པོ་དང་ཚོགས་གཙོ། དེ་བཞིན་ས་གནས་བོད་མཁར་བུ་དང་ཀུན་རིག་གྱི་འགོ་བ་བཅས་བཞུགས་སྒར་དུ་ཆེད་ཕེབས་ཀྱིས་དེ་སྔ་ཕྱི་ལོ་ ༢༠༡༠ ལོར་ཁུལ་དེར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེངས་གསུམ་པར་ཆིབས་བསྒྱུར་བསྐྱངས་སྐབས་༸མགོན་པོ་གང་ཉིད་མཆོག་ནས་སླར་ཡང་ཆིབས་བསྒྱུར་མཛད་རྒྱུའི་བཀའ་བཞེས་གཙོས། གནའ་སྔ་མོ་ལོ་ཙྭ་བ་རིན་ཆེན་བཟང་པོའི་སྐུ་དུས་སུ་བཞེངས་ནས་དུས་ནམ་ཞིག་ལ་ས་འོག་ཏུ་རྡིབ་པ་ཤེས་རྟོགས་མི་ཐུབ་པའི་ཀུན་རིག་སྣང་པར་སྣང་མཛེས་ཀྱི་ལྷ་ཁང་ཞིག་ལོ་བཅོ་ལྔའི་རིང་ལ་ཞིག་བཟོ་མཛད་ནས་ལེགས་གྲུབ་བྱུང་བ། དེ་བཞིན་ཁུལ་དེར་གནས་སྡོད་ནང་པ་དང་ཕྱི་པ་གཉིས་ནས་༸གོང་ས་མཆོག་གི་སྐུ་མདུན་ནས་ཆོས་ཞུ་རྒྱུ་ཡུན་རིང་ནས་ངང་སྒུག་བྱས་པ་སོགས་ཀྱི་གནད་དོན་ལ་གཞིགས་ནས་སང་ལོ་ཕྱི་ལོ་ ༢༠༢༥ ལོར་བོད་མཁར་བུ་དང་ཀུན་རིག་གི་ས་གནས་སུ་ཆིབས་བསྒྱུར་བསྐྱངས་གནང་ཡོང་བར་གསོལ་འདེབས་ཞུས་པ་བཞིན་༸གོང་ས་མཆོག་ནས་ཐུགས་བརྩེ་བ་ཆེན་པོས་ཞལ་བཞེས་མཛད་ཡོད་འདུག

Kargil Visit HHDL

གཞི་རྩའི་༸གོང་ས་མཆོག་གདན་འདྲེན་གསོལ་འདེབས་ཞུ་ཡུལ་གྱི་ས་ཚིགས་གཉིས་པོའི་ནང་ནས་བོད་མཁར་བུ་ཞེས་པའི་ས་ཚིགས་དེ་ནི་གླེ་དང་ཤྲི་ནཱགར་གྱི་ལམ་ཆེན་གྱི་ཟུར་དང་ལ་དྭགས་གླེ་ནས་སྤྱེ་ལེ་ ༡༤༠ ཙམ་གྱི་སར་ཆགས་ཡོད།  ཁུལ་དེར་འབྲི་གུང་བཀའ་བརྒྱུད་ཀྱི་ཆོས་བརྒྱུད་འཛིན་མཁན་གྱི་ཁྱིམ་ཚང་གསུམ་བརྒྱ་མ་ཟིན་ཙམ་དང་བོད་མཁར་བུའི་དགོན་པ་ཞིག་ཡོད་པ་མ་ཟད། དགོན་པ་དེའི་མ་དགོན་བླ་མ་གཡུ་རུའི་དགོན་པ་དེ་ཆགས་ཀྱི་འདུག བོད་མཁར་བུ་དང་ཉེ་བའི་ཀུན་རིག་ཅེས་པའི་ས་ཚིགས་དེར་ཁྱིམ་ཚང་དྲུག་བཅུ་ཙམ་ཡོད་པའི་ཁོངས་སུ་ནང་པའི་ཁྱིམ་ཚང་ཉིན་ཤུ་རྩ་གྲངས་ཤིག་དང་ལྷག་ལུས་རྣམས་ཕྱི་པའི་ཁྱིམ་ཚང་ཡིན་ནའང་ཁྱིམ་ཚང་དེ་དག་གིས་རྒྱུན་དུ་སྤྱོད་རྒྱུའི་སྐད་ཡིག་དེ་བོད་སྐད་དང་ལྷག་པར་དུ་བོད་ཀྱི་བརྡ་རྙིང་སྤྱོད་མཁན་གྱི་ཁྱིམ་ཚང་ཤ་སྟག་ཡིན་པ་མ་ཟད་དུས་དང་རྣམ་པ་ཀུན་དུ་༸གོང་ས་མཆོག་ལ་གུས་བརྩི་ཆེན་པོ་གནང་མཁན་ཞིག་ཡིན་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།