Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་མི་ལོ་ཧྲིལ་པོ་ ༣༤ འཁོར་བའི་དུས་སྟོན་སྲུང་བརྩི།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

དེ་རིང་ཟླ་ ༡༢ ཚེས་ ༡༠ ཉིན་གྱི་སྔ་དྲོ་ཚོུད་ ༡༠ ཐོག་༸རྒྱལ་བའི་བཞུགས་སྒར་དྷརྨ་སཱ་ལཱའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༤ འཁོར་བ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་གནང་བའི་དུས་སྟོན་མཉམ་འཛོམས་ཁེལ་བའི་ཉིན་མོར་གཞུང་འབྲེལ་གྱི་དུས་སྟོན་སྲུང་བརྩི་བརྒྱུད་བཀའ་སྤྱི་གཉིས་ཀྱིས་རྒྱ་གཞུང་ནས་ཉེ་ཆར་བཏོན་པའི་རྒྱབ་ཤ་དཀར་པོའི་ཡིག་ཆར་སྐྱོན་བརྗོད་དང་འབྲེལ་ཏེ། རྒྱ་གཞུང་ནས་༸རྒྱལ་བ་ཡབ་སྲས་ཀྱི་ཡང་སྲིད་ངོས་འཛིན་གྱི་ལས་དོན་ལ་ཐེ་གཏོགས་བྱེད་བཞིན་པ་ནི་ཆབ་སྲིད་ཀྱི་འཁྲུལ་སྣང་གིས་བསླུས་པའི་སྐྱུག་བྲོ་བའི་སྨྱོ་རྟགས་བསྟན་པ་ཙམ་ཞིག་དང་དེར་བོད་མི་དང་བོད་བརྒྱུད་ནང་བསྟན་རྗེས་འབྲངས་པ་སུས་ཀྱང་ཡིད་ཆེས་དང་བརྩི་བཀུར་ཡོང་གི་མ་རེད་ཅེས་ཚིག་ཐག་ཆོད་པོས་ནན་བརྗོད་གནང་ཡོད།

དེ་རིང་གི་མཛད་སྒོ་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ཀྱིས་དབུས་པའི་ཕྱག་སྦྲེལ་བཀའ་བློན་ལྷན་རྒྱས་དང་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་མཆོག དེ་བཞིན་སྤྱི་འཐུས་རྒྱུན་ལས་རྣམས་དང་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། སྲི་ཞུ་བ་སོགས་ཆེད་ཕེབས་གནང་ཡོད་པ་དང་སྐབས་དེར་སྲིད་སྐྱོང་མཆོག་གིས་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་སུམ་བཅུ་སོ་བཞི་འཁོར་བའི་དུས་ཚིགས་ཁྱད་པར་ཅན་འདིར་བཀའ་ཤག་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༸གོང་མཆོག་གི་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་མགོན་པོ་༸གང་ཉིད་མཆོག་གི་མཛད་འཕྲིན་ལ་ཆེ་བསྟོད་ཞུས་པ་དང་མགོན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པ་དེས་མགོན་པོ་༸གང་ཉིད་མཆོག་གི་བཀའ་དགོངས་བཞིན་བོད་མི་ཚོས་འཚེ་མེད་ཞི་བའི་ལམ་ནས་རང་དབང་རྩོད་ལེན་གནང་བའི་ཆོད་སེམས་ལ་ངོས་འཛིན་གནང་བ་ཞིག་ཀྱང་མཚོན་གྱི་ཡོད་ཅེས་གསུངས་སོང་།

ལྷག་དོན་དེ་རིང་གི་ཉིན་མོ་དང་བསྟུན་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་ནས་ཟླ་བ་སྔོན་མར་དུས་རབས་གསར་པའི་ཏང་གི་བོད་སྐྱོང་སྲིད་བྱུས་ཀྱི་ལག་ལེན་དང་དེའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཟེར་བའི་རྒྱབ་ཤ་དཀར་པོའི་ཡིག་ཞིག་འགྲེམས་སྒྲོག་བྱས་པར་སྐྱོན་བརྗོད་དང་སྦྲགས་ཏེ། ཡིག་ཆ་དེའི་ནང་ཏཱ་ལའི་བླ་མ་དང་༸པཎ་ཆེན་རིན་པོ་ཆེ་སོགས་སྤྲུལ་སྐུ་ཆེ་ཁག་གི་ཡང་སྲིད་ངོས་འཛིན་རྒྱལ་ནང་ནས་འཚོལ་ཞིབ་དང་གསེར་འབུམ་དཀྲུག་འདོན། ཀྲུག་དབྱངས་ནས་བཀའ་འཁྲོལ་གྱི་རྩ་དོན་ངེས་པར་བརྩི་སྲུང་དགོས་ཟེར་བ་ནི་ཆབ་སྲིད་ཀྱི་འཁྲུལ་སྣང་གིས་བསླུས་པའི་སྐྱུག་བྲོ་བའི་སྨྱོ་རྟགས་བསྟན་པ་ཙམ་ཞིག་དང་ནང་ཆོས་ཀྱི་ལྟ་གྲུབ་རྒྱབ་བསྐྲུར། དེ་བཞིན་སྤྲུལ་སྐུ་བསྟན་དོན་ལ་བྱོན་པའི་དགོས་དམིགས་རྡོག་བརྫིས་བཏང་སྟེ་བོད་བརྒྱུད་ནང་བསྟན་གྱི་གནས་བབ་རྒྱུས་ལོན་མེད་པའི་ཧམ་བཤད་ཁོ་ན་ཡིན་པ་མ་ཟད། རྒྱ་གཞུང་གིས་མི་ལོ་ཆིག་སྟོང་བཞི་བརྒྱ་ཙམ་གྱི་ལོ་རྒྱུས་ལྡན་པའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་། ཆོས་བཅས་པ་རྩ་མེད་བཟོ་བ་དང་བོད་མི་རིགས་འདི་རྒྱ་རིགས་སུ་སྒྱུར་འདོད་མཁན་དེ་ཚོའི་བསམ་ཚོད་ནི་རང་གཞན་གཉིས་ཕུང་གི་རྩིས་ནོར་འབའ་ཞིག་ཡིན་པ་གསུངས་སོང་།

སྲིད་སྐྱོང་མཆོག་གིས་ཐེངས་འདིའི་རྒྱབ་ཤ་དཀར་པོར་ལན་འདེབས་དང་སྦྲགས་མའོ་ཙེ་ཏུང་གིས་དྲག་གནོན་དང་བཙན་དབང་གིས་བོད་མི་རིགས་རྩ་མེད་གཏོང་བའི་སྲིད་བྱུས་དེས་བོད་ནང་སྔར་མ་གྲགས་པའི་མུན་ནག་གི་དུས་རབས་ཤིག་བྱུང་ཡོད་ཀྱང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནས་སྐུལ་འདེད་དང་གཞིས་ལུས་བོད་མིས་སེམས་ཤུགས་ཆེན་པོས་དཀའ་སྤྱད་ལ་བརྟེན་ནས་དུས་ཡུན་ཐུང་ངུའི་ནང་བོད་ཀྱི་ཆོས་རིག་ཉམས་པ་སོར་ཆུད་དང་མི་ཉམས་གོང་སྤེལ་བྱུང་ཐུབ་པ་མ་ཟད། འཛམ་གླིང་རང་དབང་ཡུལ་གྲུ་དང་ཧི་མཱ་ལ་ཡའི་རི་རྒྱུད་དུ་གསོན་ཤུགས་ལྡན་པའི་ངང་འཚོ་གནས་དང་དེང་རབས་ཅན་གྱི་འཕེལ་འགྲོས་དང་མཐུན་པའི་ཐོག་ཡར་རྒྱས་འགྲོ་བཞིན་ཡོད་སྟབས་གུང་ཁྲན་ཏང་གི་དུས་རབས་གསར་པའི་བོད་སྐྱོང་སྲིད་བྱུས་ཟེར་བ་འདི་རིགས་ཀྱིས་རྩ་གཏོར་གཏོང་ཐབས་མེད་པ་ནི་ཁ་ཚོན་གཅོད་ཆོག་ཅེས་གསུངས་ཏེ། རྒྱ་གཞུང་ནས་མི་རིགས་རྩ་མེད་ཀྱི་གདུག་རྩུབ་ཆེ་བའི་སྲིད་བྱུས་འདི་ཉིད་འཕྲལ་དུ་མཚམས་འཇོག་མ་བྱས་ཚེ་བོད་རྒྱ་བོད་མི་རིགས་དབར་གསོ་ཐབས་མེད་པའི་རྨ་ཁ་བཟོ་ཉེན་ཡོད་པས་རྒྱ་གཞུང་གི་ངོས་ནས་རྒྱལ་སྤྱིའི་ཁྲིམས་ལ་སྡིག་པ་མིག་བཙུམ་བྱེད་པའི་ནག་ཉེས་ལ་འགན་ཁུར་ལེན་དགོས་པ་སྨོས་མེད་ཡིན་ཅེས་གསུངས་སོང་།

དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོག་སྦྱང་གནང་སྟེ་༸གོང་ས་མཆོག་གི་ཀུན་ཁྱབ་འགན་འཁུར་གྱི་མཛད་འཕྲིན་བསམ་གྱིས་མི་ཁྱབ་པ་བསྐྱངས་དང་སྐྱོང་བཞིན་པར་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་མགོན་པོ་༸གང་ཉིད་མཆོག་གི་མཛད་འཕྲིན་ལ་ཆེ་བསྟོད་ཞུས་པ་དང་འབྲེལ། དེ་རིང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཡིན་པས་སྟབས་ཅིག་སྲུང་བརྩི་གནང་བཞིན་ཡོད་ཀྱང་གཞིས་བཞུགས་བོད་མི་ཚོར་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཙམ་ཡང་མེད་པའི་ཁྲོད་ཉེ་ཆར་རྒྱ་གཞུང་གིས་རྒྱབ་ཤ་དཀར་པོ་ཟེར་བའི་ཡིག་ཆ་འགྲེམས་སྤེལ་གྱིས་མེད་པ་ཞིག་ཡོད་པར་སྒྲུབ་པ་དང་མིན་པ་ཞིག་ཡིན་པར་སྒྲུབ་ཏེ་དོན་དངོས་ཀྱི་སྲིད་བྱུས་སོགས་མུན་ནག་འདྲ་པོ་ཡོད་པ་དེ་དག་རྒྱབ་ཤ་དཀར་པོའི་ངོ་བོའི་ཐོག་ནས་དཀར་པོར་བསྒྱུར་ཐབས་བྱེད་པ་དེ་ཁོ་ན་ཡིན་པ་གསུངས་སོང་།

དེ་བཞིན་ཚོགས་གཙོ་མཆོག་གིས་རྒྱ་གཞུང་ནས་ཉེ་ཆར་ཡང་༸རྒྱལ་བ་ཡབ་སྲས་ཀྱི་ཡང་སྲིད་ངོས་འཛིན་གྱི་ལས་དོན་ལ་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་དང་སྦྲགས། རྒྱ་གཞུང་ལ་བོད་མིའི་མངོན་འདོད་ལ་བརྩི་འཇོག་དང་༸སྐུའི་ཡང་སྲིད་ཀྱི་གནད་དོན་ནི་མགོན་པོ་༸གང་ཉིད་མཆོག་༸སྐུ་སྒེར་གྱི་ཐག་གཅོད་གང་གནང་དང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་འགན་འཛིན་ལྷན་ཚོགས་ཀྱི་ཐག་གཅོད་ལ་རྒྱལ་ཁབ་བམ་ཚོགས་སྡེ་གང་རུང་ཞིག་གིས་ཐེ་གཏོགས་བྱ་རྒྱུའི་དབང་ཚད་མེད་ལ་དེ་བས་ཆབ་སྲིད་ཀྱི་དགོས་མཁོའི་ལག་ཆར་བེད་སྤྱོད་བྱས་ནས་སུས་ཀྱང་ཡིད་ཆེས་དང་བརྩི་བཀུར་ཡོང་གི་མ་རེད་ཅེས་ཚིག་ཐག་ཆོད་པོས་གསུངས་ཐུབ་པར་འགྲེལ་བརྗོད་གནང་བ་དང་ཆབས་ཅིག དེ་རིང་གི་གོ་སྐབས་འདི་བརྒྱུད་རྒྱ་གཞུང་ལ་དོན་དངོས་ཐོག་བོད་ཀྱི་གནད་དོན་ལ་བསྐྱར་ཞིབ་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་འགན་ཁུར་དང་བོད་ནང་གི་བོད་མི་ཚོའི་དགོངས་ཚུལ་ངོ་མ་གསན་རྒྱུ། བོད་རྒྱའི་དཀར་རྙོག་རྣམས་འབྲེལ་མོལ་གྱི་ལམ་ནས་སེལ་ཐབས་སུ་བོད་རྒྱ་མི་རིགས་གཉིས་ཀྱི་དབར་དུས་ཚོད་དམ་འཛིན་གནང་དགོས་གལ་ཡིན་པར་གསུངས་སོང་།

གཞན་ཡང་། མཛད་སྒོ་ཐོག་བོད་ཀྱི་ཟློས་གར་ཚོགས་པ་གཙོས་དྷ་ས་ཉེ་འཁོར་སློབ་གྲྭ་ཁག་གིས་རིག་གཞུང་འཁྲབ་སྟོན་དང་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་བོད་མིའི་སྤྱི་ཚོགས་ནང་འཕྲོད་བསྟེན་དང་འབྲེལ་བའི་སྲི་ཞུ་གཉེར་མཁན་ལས་བྱེད་གསུམ་ལ་ཞབས་ལོ་ ༢༥ འཁོར་བའི་གཟེངས་བསྟོད་ལེགས་སྐྱེས་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་དྷ་ས་ས་གནས་འགོ་འཛིན་མཆོག་ལ་བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ཁོངས་ས་གནས་ཁག་གི་མི་འབོར་ལ་གཞིགས་པའི་སྨན་བཅོས་ལྟ་སྐྱོང་གི་ཚོགས་མིའི་གྲངས་འབོར་དམིགས་ཚད་ལོན་ཡོད་པར་བྱ་དགའ་དང་ཕྱག་འཁྱེར་གནང་སོང་བ་མ་ཟད།  བོད་ཀྱི་ཟློས་གར་ཚོགས་པར་དེ་རིང་དང་སང་ཉིན་བཅས་ཉིན་གྲངས་གཉིས་རིང་ཧི་མཱ་ལ་ཡའི་དུས་སྟོན་ཐེངས་ ༢༦ སྲུང་བརྩི་གནང་གི་ཡོད་པ་རེད།

རྩ་བའི་དེ་རིང་གཞུང་འབྲེལ་མཛད་སྒོའི་སྔ་རོལ་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༤ འཁོར་བའི་དུས་ཆེན་ཁྱད་པར་ཅན་དང་བསྟུན། སྔ་དྲོ་ཕྱག་ཚོད་ ༨ ཐོག་བཞུགས་སྒར་དྷ་སའི་ལྷ་རྒྱལ་རིའི་ཉེ་འཁྲིས་སུ་ཆགས་པའི་༸གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་དུ་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་ཚོགས་གཙོ་ལས་ཚབ་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དང་སྐུ་མགྲོན་གཙོ་བོ་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་སུ་རྡིར་ཤར་མཱ་མཆོག་རྣམ་གཉིས་ཀྱིས་གཟེངས་རྟགས་སྒྲིག་གཤོམ་ཁང་རྒྱ་ཆེའི་མི་མང་ལ་སྐབས་དུས་སོ་སོར་མཇལ་ཁའི་གོ་སྐབས་བསྐྲུན་རྒྱུའི་ལས་གཞི་དབུ་འབྱེད་གནང་ཡོད།

སྐབས་དེར་སྐུ་མགྲོན་གཙོ་བོ་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་སུ་དིར་ཤཱར་མ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་བཞེས་མཛད་པའི་གཟེངས་རྟགས་རྣམས་ནི་ཧི་མཱ་ཅལ་ཁོ་ན་ཙམ་མིན་པར་རྒྱ་གར་རྒྱལ་ཡོངས་ལ་ཆེས་གནད་ཆེ་ཆགས་ཡོད་པ་དང་། དཔེ་མཛོད་དང་ཡིག་ཚགས་ཁང་དེ་ཉིད་མཇལ་ཁ་ཞུ་མཁན་གང་མང་ཡོང་རེ་ཡོད་པ་དང་། ལྷག་དོན་དེ་སྔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་དྷརྨ་སཱ་ལཱར་ཆིབས་བསྒྱུར་མ་མཛད་པའི་གོང་ལ་དྷ་ས་ནི་གྲོང་གསེབ་ཆུང་ངུ་ཞིག་ཡིན་པ་དང་། མགོན་པོ་༸གང་ཉིད་མཆོག་འདིར་༸ཞབས་སོར་འཁོད་རྗེས་བཞུགས་སྒར་དྷརྨ་སཱ་ལཱའི་སྙན་གྲགས་འཛམ་གླིང་ཀུན་ལ་གྲགས་ཡོད་ཅེས་སོགས་དེ་ལྟར་གསུངས་སོང་།

དེ་བཞིན་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་ཚོགས་གཙོ་ལས་ཚབ་དང་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་༸གོང་ས་མཆོག་གི་མཚན་གནས་རྗེས་འབྲེལ་གྱི་དཔེ་མཛོད་དང་ཡིག་ཚགས་ཁང་དེ་ཉིད་འགྲེམས་སྟོན་ཁང་གི་ངོ་བོར་དབུ་འཛུགས་གནང་བ་ཞིག་མིན་པ་དང་། དེ་ནི་གཙོ་བོ་མགོན་པོ་༸གང་ཉིད་མཆོག་ལ་འབུལ་བཞེས་མཛད་པའི་གཟེངས་རྟགས་རྣམས་རྒྱ་ཆེ་མང་ཚོགས་ལ་མཇལ་ཁའི་གོ་སྐལ་སྐྱབས་འཇུག་ཡོང་བའི་རེ་སྐུལ་ཇི་ལྟར་ཞུས་དོན་ལྟར་སྐབས་མཚམས་སོ་སོར་མི་མང་ལ་མཇལ་ཁའི་གོ་སྐབས་གནང་རྒྱུའི་ཐག་གཅོད་བྱུང་བ་ཞིག་ཡིན་པར་གསུངས་སོང་བ་དང་ཆབས་ཅིག བོད་མིའི་སྒྲིག་འཛུགས་ཀྱིས་གཙོས་པའི་ཚོགས་སྒེར་སུ་རུང་ལ་མགོན་པོ་༸གང་ཉིད་མཆོག་གི་མཛད་པ་འཕྲིན་ལས་དང་འབྲེལ་བའི་ཉེར་མཁོའི་དངོས་རྫས་དང་བརྙན་པར་སོགས་གང་ཡོད་དེ་དག་༸གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་ལ་འབུལ་ཐུབ་ཚེ་དམིགས་བསལ་དགེ་མཚན་ཡོད་སྐོར་གསུངས་ཡོད། 

འབྲེལ་ཡོད་གསར་གནས།

གསར་གནས།