Tibetan Royal Year of 2151 | Year of the Wood Dragon

༸རྒྱལ་བའི་སྐུ་ཕྱྭ་མཛད་འཕྲིན་རྒྱས་པ་དང་བོད་འབངས་སྤྱིའི་བདེ་ཐབས་ལ་དམིགས་པའི་ཛ་དྲག་གི་དགེ་བསྐུལ།

Tibetan News Headlines

  • Former political prisoner Namkyi’s brave Journey: From Protest, Imprisonment to Eventual Escape to India

རེས་གཟའ་སྤེན་པ། ༢༠༢༤།༠༥།༠༤

  • རྒྱ་གཞུང་གི་མནར་གཅོད་འོག་༸རྒྱལ་བ་རིན་པོ་ཆེར་དད་གུས་གཡོ་མེད་དུ་གནས་པའི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས།

བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་༸རྒྱལ་བའི་སྐུ་ཕྱྭ་མཛད་འཕྲིན་རྒྱས་པ་དང་བོད་འབངས་སྤྱིའི་བདེ་ཐབས་ལ་དམིགས་པའི་ཛ་དྲག་གི་དགེ་བསྐུལ་གནང་འདུགབོད་མིའི་སྒྲིག་འཛུགས་ཀྱི་བོད་སྐད་དྲྭ་གནས་ཐོག་དེ་རིང་ཆོས་རིག་ལས་ཁུངས་ཀྱིས་ཛ་དྲག་གི་གསལ་བསྒྲགས་ཤིག་སྤེབ་འི་ཐོག་ནས་རིས་མེད་དགོན་སྡེ་ཁག་དང་སེར་སྐྱ་མང་ཚོགས་ལ་བཀོད་ཁྱབ་ཅིག་གནང་བར་གཞིགས་ན། ཟླ་བ་འདིའི་ཚེས་ ༥ ཉིན་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་རྩིས་འབྲས་དང་བླ་ལྷའི་བཀའ་ལུང་དགོངས་དོན་བཀའ་ཡིག་ཞིག་ཕེབས་པ་བཞིན། ༸རྒྱལ་བའི་སྐུ་ཕྱྭ་མཛད་འཕྲིན་རྒྱས་པ་དང་བོད་འབངས་བདེ་ཐབས་སུ་དམིགས་ཏེ་བོད་ཟླ་དང་པོ་ནང་ཚུད་བོད་མིའི་སྡོད་སྒར་སོ་སོ་ནས་རྟེན་ཁྲུས་ཡུལ་ཁྲུས་དང་འབྲེལ་བསངས་གསོལ་དང་རླུང་རྟ་དར་འཛུགས། སྲུང་མ་སྤྱིའི་འཕྲིན་བསྐུལ། རང་རང་སོ་སོའི་འཁོས་ཀ་དྲག་ཞན་ལ་དཔག་པའི་དགེ་སྒྲུབ་གནང་གལ་ཆེ་སྟབས། ས་གནས་སོ་སོའི་འགོ་འཛིན་ཁྱབ་ཁོངས་ཀྱི་ཚོགས་སྐྱིད་སྡེ་ཁག་གིས་སྲོག་བླུ་དང་ངན་སློང་ལ་སྦྱིན་གཏོང་། བྱིས་པར་གསོལ་ཚིགས་གཏོང་བ། ཡང་ན་བརྔན་པ་ཐུམ་སྒྲིལ་བགོས་འགྲེམས་སོགས་རྒྱ་གང་ཆེ་ངེས་གནང་ཡོང་བའི་ཞུ་བསྐུལ་དང་། དེ་ལྟར་གནང་ཐུབ་ཚེ་སྤྱི་སྒེར་གཉིས་སྨན་ཡོང་རྒྱུའི་ལམ་སྟོན་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།