Tibetan Royal Year of 2151 | Year of the Wood Dragon

༸སྐུའི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་ཐོབ་ཐང་བོད་མི་ཁོ་ནར་ཡོད་པ་གསུངས་འདུག

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ཚན་པའི་འགན་འཛིན་སྐུ་ཞབས་ Sam Brownback མཆོག་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་ཐོབ་ཐང་བོད་མི་ཁོ་ནར་ཡོད་པ་ལས་ཆོས་ཁས་མི་ལེན་མཁན་རྒྱ་ནག་གཞུང་ལ་ཐེ་གཏོགས་བྱ་རྒྱུའི་ཐོབ་ཐང་མེད་པར་གསུངས་འདུགཟླ་བ་འདིའི་ཚེས་ ༡༧ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཆོས་དད་རང་དབང་གོང་འཕེལ་ཆེད་རྒྱལ་སྤྱིའི་བློན་ཆེན་རིམ་པའི་ཆོས་དད་རང་དབང་གི་ཚོགས་འདུ་ཞིག་དྲ་ཐོག་ནས་ཚོགས་ཡོད་པ་ལྟར་སྐབས་དེར་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ཚན་པའི་འགན་འཛིན་སྐུ་ཞབས་ Sam Brownback མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་དང་འབྲེལ་བའི་རྒྱ་ནག་གི་བྱེད་ཕྱོགས་ལ་དགག་བྱ་ཤུགས་ཆེ་གནང་བ་དང་འབྲེལ་ནས་༸སྐུའི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་ཐོབ་ཐང་བོད་མི་ཁོ་ནར་ཡོད་པ་ལས་ཆོས་ཁས་མི་ལེན་མཁན་རྒྱ་ནག་གཞུང་ལ་ཐེ་བྱུས་བྱ་རྒྱུའི་ཐོབ་ཐང་མེད་པར་མ་ཟད་༸སྐུའི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་བདག་དབང་དེ་བོད་མི་ཁོ་ནར་ཡོད་པའི་གནད་དོན་ཐོག་ཨ་རི་གཞུང་གིས་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་ཅེས་གསུངས་འདུགདྲྭ་ཐོག་གི་ཚོགས་འདུའི་ཐོག་སྐུ་ཞབས་ Sam Brownback མཆོག་གིས་རྒྱ་ནག་གཞུང་གིས་འཕྲུལ་ཆས་བེད་སྤྱོད་བྱས་ཏེ་ཡུ་གུར་ནང་དྲག་གནོན་བྱས་དང་བྱེད་བཞིན་པ་ལྟར་བོད་ནང་གི་བོད་མིའི་ཆོས་དད་རང་དབང་ཐོག་དྲག་གནོན་བྱེད་བཞིན་ཡོད་པ་དང་རྒྱ་ནག་གཞུང་གིས་དེ་ལྟ་བུའི་དྲག་གནོན་གྱི་སྲིད་བྱུས་དེ་འཛམ་གླིང་གི་རྒྱལ་ཁབ་གཞན་གྱི་ནང་དུའང་ཁྱབ་བརྡལ་འགྲོ་བར་སྔོན་འགོག་སླད་འཕྲལ་མར་མཚམས་འཇོག་དགོས་པ་དང་། ལྷག་དོན་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་ནས་འདས་པའི་ལོ་ངོ་བརྒྱ་ཕྲག་གི་རིང་བོད་མི་ཚོས་ཚགས་ཚུད་ངང་བླ་སྤྲུལ་ངོས་འཛིན་གནང་ཐུབ་པ་བྱུང་ཡོད་པར་མ་ཟད་དུས་ད་ལྟའང་བོད་མི་ཚོས་དེ་ལྟར་བླ་སྤྲུལ་ངོས་འཛིན་གནང་རྒྱུའི་ཐོབ་ཐང་ཡོད་པར་འགྲེལ་བརྗོད་གནང་འདུག ཁོང་གིས་རྒྱ་ནག་གཞུང་གིས་བོད་མི་གཙོས་ཡུ་གུར་ཁ་ཆེའི་མི་རིགས་དང་ཡི་ཤུ། དེ་བཞིན་ Falung Gong ཞེས་རྩ་རླུང་སྒོམ་སྒྲུབ་ཉམས་ལེན་པ་བཅས་ཀྱི་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་ཡོད་པ་མངོན་གསལ་གནང་བ་དང་འབྲེལ། ཡུ་གུར་ཁ་ཆེའི་གྲངས་ཉུང་མི་རིགས་ཀྱི་ཆོས་དད་ལ་རྒྱ་ནག་གཞུང་གིས་རྡོག་རོལ་ཚད་མེད་བཏང་བའི་གནས་སྟངས་དེ་ནི་འཛམ་གླིང་ཁྱོན་ཡོངས་ནས་གནས་སྟངས་ཆེས་ཞན་ཤོས་ཤིག་དང་ཛ་དྲག་ཡོད་པར་གསུངས་འདུགགཞི་རྩའི་སྐུ་ཞབས་ Sam Brownback མཆོག་ནི་བོད་དོན་དང་བོད་མིར་རྒྱབ་སྐྱོར་ཤུགས་ཆེར་གནང་མཁན་ཞིག་ཡིན་པ་དང་ཕྱི་ལོ་ ༢༠༡༩ ལོར་བཞུགས་སྒར་དུ་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་མི་ལོ་ ༦༠ འཁོར་བའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆིབས་བསྒྱུར་གནང་བར་མ་ཟད། སྐབས་དེར་༸གོང་ས་མཆོག་དང་མཇལ་མོལ་གྱིས་༸རྒྱལ་བའི་༸སྐུའི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་བདག་དབང་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་རྣམ་པ། དེ་བཞིན་བོད་མི་རྒྱ་ཆེ་མང་ཚོགས་བཅས་ལ་ཡོད་པ་ལས་གཞན་རྒྱལ་ཁབ་སུ་གང་ལའང་མེད་པར་ནན་བརྗོད་གནང་ཡོད་པ་ལྟར། རྒྱ་ནག་གཞུང་གིས་སྐུ་ཞབས་ Brownback མཆོག་ལ་སྐྱོན་བརྗོད་དང་འབྲེལ་ཏེ་སླད་མར་༸རྒྱལ་བའི་༸སྐུའི་ཡང་སྲིད་ཀྱི་བདག་དབང་ཐོག་རྒྱ་གཞུང་ནས་ཆོག་མཆན་ངེས་པར་དུ་རག་དགོས་ཞེས་སྐྱོན་བརྗོད་བྱས་ཡོད་པ་རེད། སླར་ཉེ་ལམ་ཕྱི་ཟླ་ ༧ ནང་རྒྱ་ནག་གཞུང་གིས་ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་གི་རྒྱ་ནག་ཐོག་གི་ཚོགས་ཆུང་དང་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་སྐུ་ཞབས་ Sam Brownback ལགས་དང་གྲོས་ཚོགས་འཐུས་མི་གསུམ་བཅས་ལ་ཉེས་ཆད་འགེལ་རྒྱུ་ཡིན་པ་ཡོངས་གྲགས་བྱས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།