Tibetan Royal Year of 2151 | Year of the Wood Dragon

ཀངྒ་ར་རྫོང་དུ་གཉན་རིམས་ཕོག་མཁན་ཇེ་མང་དུ་འགྲོ་རྐྱེན་མཚན་མོ་ཕྱིར་བསྐྱོད་མི་ཆོག་པའི་བཀའ་རྒྱ་བསྡམ་པ།

Tibetan News Headlines

  • French president urged to put human rights, Tibet at heart of Xi Jinping talks
  • Tibetan media marks World Press Freedom Day with call for access to Tibet
  • Dalai Lama grants audience to devotees from Nepal’s Tsum and Nubri 
  • A Tibetan monks mission to help the blind see lights in a remote Himalayan village: Feature
  • Tibet to provide financial aid to Nepal’s northern border districts for five years

རེས་གཟའ་པ་སངས། ༢༠༢༤།༠༥།༠༣

  • ཧྥ་རན་སི་དང་རྒྱ་ནག་གི་སྲིད་འཛིན་གྲོས་མོལ་སྐབས་བོད་ཀྱི་གནད་དོན་གཙོ་གྲས་སུ་གླེང་དགོས་པའི་ནན་སྐུལ།
  • འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་སྲུང་བརྩི།
  • ༸གོང་ས་མཆོག་གིས་བཙུམ་དང་ནུབ་རིའི་དད་ལྡན་པ་ཁག་གཅིག་ལ་མཇལ་ཁ་བསྩལ་བ།
  • བོད་རང་སྐྱོང་ལྗོངས་ཟེར་བས་ལོ་ལྔའི་རིང་བྱང་བལ་ཡུལ་ས་མཚམས་ཁུལ་དུ་དཔལ་འབྱོར་རོགས་རམ་སྤྲོད་འཆར།

རྒྱ་གར་ནང་རྒྱ་ནག་ཝུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ ནད་གཞི་ཕོག་མཁན་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བའི་ཁྲོད་འདིར་ཀངྒ་ར་རྫོང་ནས་མཚན་མོ་དང་དེ་བཞིན་རེས་གཟའ་སྤེན་པ་དང་ཉི་མ་ནམ་ཡིན་ལ་ཕྱིར་བསྐྱོད་མི་ཆོག་པའི་བཀའ་རྒྱ་བསྡམ་སོང་།ད་ཆ་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཀྱི་ Second Wave འམ་ཚ་རླབས་གཉིས་པ་འཕེལ་བཞིན་པའི་དུས་སྐབས་འདིར་མངའ་སྡེ་སོ་སོ་ནས་གནས་སྟངས་ལ་གཞིགས་ཏེ་ནད་ཡམས་སྔོན་འགོག་བཀག་སྡོམ་སླད་ཐེམ་སྤང་གི་བཀའ་རྒྱ་སོགས་གསལ་བསྒྲགས་གནང་ཡོད་པ་ལྟར། འདས་པའི་ཉིན་ཤས་ནས་ཀངྒ་ར་རྫོང་ཁོངས་སུའང་ནད་གཞི་དེ་ཕོག་མཁན་ཇེ་མང་དུ་འགྲོ་བའི་རྐྱེན་གྱིས་ཁ་སང་ཕྱི་དྲོ་ཀངྒ་ར་རྫོང་དཔོན་སྐུ་ཞབས་ Rajesh Kumar Prajapati ལགས་ཀྱིས་གསར་འགོད་གསལ་བསྒྲགས་བསྐྱངས་པར་ཁ་སང་ནས་དབུ་འཛུགས་ཀྱིས་དགོང་མོ་ཚོུད་ ༨ ནས་སྔ་དྲོ་ཕྱག་ཚོད་ ༦ བར་དང་། དེ་བཞིན་རེས་གཟའ་སྤེན་པ་དང་ཉི་མ་ནམ་ཡིན་ལ་ཕྱིར་བསྐྱོད་མི་ཆོག་པའི་བཀའ་རྒྱ་བསྡམ་སོང་།

གཞན་ཡང་སྐབས་དེར་རྫོང་དཔོན་གྱིས་གཞུང་སྒེར་གྱི་ལས་ཁུངས་ཁག་གི་ལས་བྱེད་རྣམས་བརྒྱ་ཆ་ ༥༠ ཐོག་ནས་ལས་བཞུགས་ཞུ་རྒྱུ་དང་། ལྷག་པར་དུ་ཀུམ་བྷ་དུས་སྟོན་དང་གནས་མཇལ་ལ་ཕེབས་མཁན།  དེ་བཞིན་ནད་གཞི་འགོས་ཁྱབ་ཆེ་བའི་མངའ་སྡེ་རྒྱལ་ས་ལྡི་ལིས་གཙོས་པའི་པན་ཇབ། ཨུཏྟྲ་པྲ་དེ་ཤ། གུ་ཇརྚ། རཱ་ཇིས་ཐན། དེ་བཞིན་མ་ཧཱ་རཱཤྚ་སོགས་ནས་ཡོང་མཁན་ཚོ་ཉིན་གྲངས་བདུན་རིང་ཟུར་བཀག་དུ་བཞུགས་རྒྱུ་དང་དེ་རྗེས་ RT-PCR ཞེས་ཏོག་དབྱིབས་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་གནང་དགོས་པར་གསུངས་སོང་བ་དང་ཆབས་ཅིག ད་ཆ་ནད་ཡམས་ཁྱབ་གདལ་ཤུགས་ཆེར་འགྲོ་བཞིན་པའི་ཁྲོད་འདིར་སྤྱི་ཚོགས་དང་ཆབ་སྲིད། རིག་གཞུང་། ཆོས་ཕྱོགས། སྤྲོ་སེང་དང་འབྲེལ་འདུ་འཛོམས་རིགས་གནང་མི་ཆོག་ཀྱང་ཆང་སའི་སྐབས་མི་གྲངས་ ༥༠ ལས་མ་བརྒལ་བ་འཛོམས་འཐུས་ཆོག་སྐོར་གསུངས་སོང་། ཕྱོགས་མཚུངས་ཁས་ས་ཧི་མཱ་ཅལ་མངའ་གཞུང་ནས་གཉན་རིམས་དང་འབྲེལ་ཡོངས་ཁྱབ་གསལ་བསྒྲགས་གནང་བའི་ནང་། སློབ་གྲྭ་དང་གཙུག་ལག་སློབ་གཉེར་ཁང་སོགས་ཤེས་ཡོན་གྱི་བསྟི་གནས་རྣམས་ཟླ་ ༥ ཚེས་ ༡ བར་ཕྱིར་བཤོལ་དང་། ཆང་ས་དང་ཕུང་པོ་ཞུགས་འབུལ་སྐབས་མི་གྲངས་ ༥༠ ལས་མ་མང་བ་དང་དེ་བཞིན་ཚོང་ཁང་དང་ལུས་སྦྱོང་ཁང་སོགས་རེས་གཟའ་སྤེན་པ་དང་ཉི་མ་ནམ་ཡིན་ལ་སྒོ་བརྒྱབ་དགོས་པའི་བཀོད་ཁྱབ་བཏང་འདུག

གཞི་རྩའི་ཟླ་བ་འདིའི་ཚེས་ ༦ ནས་ ༡༩ བར་ཧི་མཱ་ཅལ་ཡོངས་ལ་ནད་གཞི་ཕོག་མཁན་མི་གྲངས་ ༡༢༢༦༡ བྱུང་བ་དང་དེའི་ཁྲོད་མི་གྲངས་ ༡༢༧ འདས་གྲོངས་སུ་གྱུར་ཟིན་ཡོད་པ་རེད།  སྤྱིར་རྒྱ་གར་དེ་བཞིན་བོད་མི་ཕོན་ཆེ་གནས་ཡུལ་གྱི་རྒྱལ་ཁབ་ཅིག་ཡིན་ཅིང་། ཉེ་ལམ་བཙན་བྱོལ་བོད་མིའི་འདུས་སྡོད་ཁག་ཏུའང་རིམ་པས་ནད་གཞི་ཕོག་མཁན་གྱི་གྲངས་ཐོ་འཕར་བཞིན་པ་མ་ཟད་འདས་པའི་ཉིན་ཤས་ནས་དེ་འབྲེལ་གྱི་གནས་ཚུལ་ཐོན་པ་ཁག་ཅིག་ལ་འདི་ག་རླུང་འཕྲིན་ཁང་ནས་བཀའ་འདྲི་ཞུས་པར་ནད་གཞི་ཕོག་མཁན་ཕལ་མོ་ཆེར་ནད་རྟགས་དམིགས་བསལ་གང་ཡང་མེད་སྐོར་གསུངས་ཡོད།

འོན་ཀྱང་ད་ཆ་ནད་གཞི་ཆེས་ཆེར་ཁྱབ་གདལ་བྱུང་བའི་ས་ཁུལ་ཁག་ཅིག་ཏུ་སྨན་ཁང་དུ་ཉལ་ཁྲི་དང་ Oxygen འམ་སྲོག་འཛིན་རླུང་གི་ཡོ་ཆས་མ་འདང་བའི་དཀའ་ངལ་འཕྲད་བཞིན་པ་དང་། ཁ་སང་ཁ་ཉིན་སྤྱི་ཚོགས་དྲ་ལམ་ཐོག་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་བོད་ཀྱི་འབྲས་ནད་ཚོགས་པའི་འགན་འཛིན་ཚུལ་ཁྲིམས་རྡོ་རྗེ་ལགས་ཀྱིས་མང་ཚོགས་ནས་ད་ལྟའི་དུས་སུ་སྔར་ལྷག་གཟབ་ནན་དགོས་རྒྱུ་དང་ལྡི་ལིའི་སྨན་ཁང་ཁག་ཏུ་སྲོག་རླུང་སོགས་ཀྱི་ཡོ་ཆས་མེད་རྐྱེན་ད་ཆ་བོད་མི་ཁག་ཅིག་ལ་དཀའ་ངལ་འཕྲད་བཞིན་སྐོར་གསུངས་ཡོད་སྟབས་རླུང་འཕྲིན་ཁང་ནས་ཁོང་ལ་དེ་འབྲེལ་བཅར་འདྲི་ཞུས་ཡོད།

རྩ་བའི་རྒྱ་གར་ནང་ད་ཆ་ནད་གཞི་ཕོག་མཁན་གྱི་གྲངས་འབོར་ཉིན་རེ་བཞིན་ཆེས་ཆེར་འཕར་བཞིན་པའི་ཁྲོད་འདིར་ནད་ཡམས་ཁྱབ་གདལ་སྟངས་འཛིན་སླད་རྒྱ་གར་དབུས་གཞུང་ནས་རིང་མིན་ཟླ་ ༥ ཚེས་ ༡ ནས་ལོ་ན་ ༡༨ ཡན་སོན་པར་སྔོན་ཁབ་བརྒྱབ་གནང་རྒྱུའི་བཀའ་ཁྲོལ་གནང་བ་མ་ཟད། ཁ་སང་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ Narendra Modi མཆོག་གིས་ཀྱང་ད་ལྟའི་དུས་སྐབས་སུ་མང་ཚོགས་རྣམས་བློ་ཞུམ་རྒྱུ་མེད་པ་དང་ཏོག་དབྱིབས་སྔོན་འགོག་གི་ཐབས་ལམ་ཁག་མུ་མཐུད་བསྟེན་རྒྱུ། དེ་བཞིན་སྲོག་འཛིན་རླུང་གི་ཡོ་ཆས་དང་སྔོན་ཁབ་སོགས་ཇེ་མང་དུ་གཏོང་རྒྱུར་རྩོལ་འདོན་གནང་བཞིན་སྐོར་གསུངས་ཡོད་པ་རེད།

 

འབྲེལ་ཡོད་གསར་གནས།

གསར་གནས།