Tibetan Royal Year of 2151 | Year of the Wood Dragon

ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་གཙུག་ལག་སློབ་གཉེར་ཁང་དབུ་འབྱེད་མཛད་པ།

Tibetan News Headlines

  • Dalai Lama honored with PV Narasimha Rao Memorial Award
  • Xi Jinping appoints senior diplomat Xu Feihong as China’s new envoy to India
  • US revokes licences for supply of chips to China’s Huawei
  • China’s Xi Arrives in Serbia to Bolster Ties With Europe’s East
  • Kyirong Jowo welcomed into the Main Temple in Dharamshala for public viewing and worship

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༨

  • ༸གོང་ས་མཆོག་ལ་ Narasimha Rao རྗེས་དྲན་གྱི་ཞེ་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པ།
  • Xu Feihong རྒྱ་གར་བཅའ་སྡོད་རྒྱ་ནག་གཞུང་ཚབ་པ་གསར་པར་བསྐོ་གཞག
  • ཨ་རིས་རྒྱ་ནག་ཧྭའོ་ཝེ་བཟོ་ལས་ཁང་ལ་ཁ་པར་བཟོ་སྐྲུན་སོགས་ཀྱི་ནང་བཀོལ་སྤྱོད་བྱེད་པའི་ Chip མཁོ་སྤྲོད་ཀྱི་ཆོག་མཆན་ཕྱིར་
  • ཞི་ཅིན་ཕིང་གི་ཡོ་རོབ་སྐོར་བསྐྱོད་ཁྲོད་རྒྱ་ནག་དང་མཐུན་ཕྱོགས་རྒྱལ་ཁབ་ Serbia ནང་དུ་འབྱོར་བ།
  • སྐྱིད་གྲོང་ཇོ་བོ་ཝ་ཏི་བཟང་པོའི་རྟེན་ངོ་སྤྲོད།

དེ་རིང་ཕྱི་ཟླ་ ༩ ཚེས་ ༢༧ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༧ ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་དྷ་རྨ་སཱ་ལཱི་༸རྒྱལ་བའི་ཕོ་བྲང་ནས་ཆིབས་གྲུ་བརྒྱུད་ཆིབས་ཐོན་མཛད་དེ་བཞུགས་སྒར་གྱི་ཉེ་འཁྲིས་སུ་རྟེན་གཞི་བྱས་པའི་འཕགས་ཡུལ་བཀྲ་ཤིས་ལྗོངས་གདན་ས་ཁམས་པ་སྒར་གྱི་བཤད་གྲྭ་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རར་༸ཞབས་སོར་བདེ་བར་འཁོད་མཚམས་སུ་གདན་སའི་བསྟན་བདག་༸སྐྱབས་རྗེ་ཁམས་སྤྲུལ་རིན་པོ་ཆེ་༸དཔལ་རྒྱལ་བ་མདོ་ཁམས་པ་ངེས་དོན་བཤད་སྒྲུབ་ཉི་མ་མཆོག་གིས་གཙོས་པའི་བླ་སྤྲུལ་རྟོགས་ལྡན་མཁན་སློབ་འདུས་མང་ཡོངས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་རྗེས། མགོན་པོ་༸གང་ཉིད་མཆོག་གིས་སྔ་དྲོ་ཕྱག་ཚོད་ ༩ ཐོག་གདན་སའི་བཤད་གྲྭ་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་གཙུག་ལག་སློབ་གཉེར་ཁང་གི་རྟེན་དང་བརྟེན་པ་བཅས་གསར་བཞེངས་ལེགས་གྲུབ་བྱུང་བར་དབུ་འབྱེད་ལྷ་དར་མདུད་གྲོལ་དང་རབ་གནས་བཀའ་དྲིན་ཆེ་བ་མཛད་སོང་།

མཛད་སྒོ་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ས་གནས་རྒྱ་གར་གྲོས་ཚོགས་འཐུས་མི་ MLA Kishori Lal མཆོག དེ་བཞིན་ཆོས་བརྒྱུད་ཁག་གི་སྤྱི་འཐུས་དང་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་དབུས་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་ཕྱི་ནང་གི་དད་ལྡན་སེར་སྐྱ་མང་ཚོགས་སྟོང་ཕྲག་བདུན་ལྷག་ཕེབས་འདུག

དེ་རྗེས་མགོན་པོ་༸གང་ཉིད་མཆོག་༸བཞུགས་ཁྲིར་འཁོད་མཚམས་སུ་མཎྜལ་འདེགས་འབུལ་དང་འབྲེལ། ༸སྐྱབས་རྗེ་ཁམས་སྤྲུལ་རིན་པོ་ཆེ་མཆོག་གིས་ཁམས་སྒར་བོད་གཞིས་བྱེས་གཉིས་ཀྱི་ཚབ་གནང་སྟེ་དགའ་བསུའི་འཚམས་འདྲི་ཞུས་པ་དང་འབྲེལ། ༸རྒྱལ་དབང་༸སྐུ་ཕྲེང་རིམ་བྱོན་དང་ཁམས་སྤྲུལ་སྐུ་ཕྲེང་དབར་གྱི་ཆོས་དང་དམ་ཚིག་གི་འབྲེལ་བ་ཟབ་མོ་ཡོད་པ་དང་། དེ་བཞིན་ཁམས་པ་སྒར་གྱི་བཤད་གྲྭའི་དེ་བྱུང་སྙིང་བསྡུས་སུ་སྙན་སེང་སྒྲོན་ཡོད།

སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐོག་མ་དགའ་བསུའི་འཚམས་འདྲི་མཛད་པ་དང་འབྲེལ། རྒྱ་གཞུང་གིས་དམ་བསྒྲགས་ཇི་ཙམ་བྱས་ཀྱང་གཞིས་བཞུགས་བོད་མིའི་ཆོད་སེམས་དང་སྙིང་སྟོབས་ཞུམ་པ་མེད་པར་བརྟེན་ནས་བོད་ཀྱི་ཆོས་དང་རིག་གཞུང་ཉམས་མེད་གནས་ཡོད་པའི་ཐོག་དེང་གི་ཆར་རྒྱ་རིགས་དང་ནང་ཆོས་མ་དར་བའི་ཡུལ་ལུང་ཁག དེ་བཞིན་ཚན་རིག་པ་སོགས་ནས་བོད་ཀྱི་སེམས་ཁམས་རིག་པར་དམིགས་བསལ་དོ་སྣང་བྱེད་བཞིན་ཡོད་ཅེས་བཀའ་སྩལ་སོང་།

དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་ཞི་བདེའི་རྩ་བ་ནི་སྙིང་རྗེ་ཡིན་པ་དང་། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ནི་ཚེ་སྒྲུབ་མཆོག་ཡིན་སྐོར་བཀའ་སྩལ་བ་དང་ཆབས་ཅིག བོད་ཀྱི་ཆོས་རྒྱལ་རིམ་པའི་སྐབས་ནས་བོད་ཀྱི་སྐད་ཡིག་ཟུར་དུ་ཡོད་པ་དང་དེའི་བརྒྱུད་ནང་བསྟན་ལ་སློབ་སྦྱོང་གནང་རྒྱུ་ཡོད་པ། ལྷག་པར་ཚད་མ་རིག་པའི་ཐོག་ནས་སློབ་གཉེར་གནང་སྲོལ་ཡོད་པ་ནི་བོད་ཀྱི་ཐུན་མིན་ཁྱད་ནོར་ཞིག་ཆགས་ཡོད་ཅེས་བཀའ་སྩལ་བ་དང་འབྲེལ། བོད་གངས་ཅན་ལྗོངས་ནི་ད་ལྟ་རང་དབང་བྲལ་བའི་གནས་སྟངས་འོག་ཡོད་སྟབས་བོད་རིགས་རྣམས་ཀྱིས་རྒྱལ་བའི་བསྟན་པ་རིན་པོ་ཆེར་སློབ་གཉེར་གནང་དགོས་གལ་ཡིན་པའི་ལམ་སྟོན་བཀའ་དྲིན་ཆེ་བ་མཛད་ཡོད།

༸གོང་ས་མཆོག་གིས་མི་ཚེའི་འགྲོ་སྟངས་ནང་ཨ་མས་བསླབ་པའི་བརྩེ་བ་དེ་མ་བརྗེད་པ་གནང་དགོས་གལ་བཀའ་སྩལ་བ་དང་འབྲེལ་ཏེ། བོད་ཀྱི་ནང་པའི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པ་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་གནང་དགོས་ཞེས་བཀའ་སྩལ་སོང་།

མགོན་པོ་༸གང་ཉིད་མཆོག་གིས་བཀའ་སློབ་སྩལ་གྲུབ་མཚམས་སུ་གདན་སས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་བཀའ་ཆོས་སྩལ་སོང་བ་དང་སྐབས་དེར་༸གོང་ས་མཆོག་གིས་སེམས་པ་བཟང་པོ་གནང་དགོས་པ་དང་ལྷག་དོན་ཆོས་པ་རྣམས་མིང་དོན་མཚུངས་པ་ཞིག་གནང་དགོས་ཞེས་བཀའ་སློབ་མཛད་ཡོད།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཤད་གྲྭ་ལེགས་གྲུབ་ཆེད་དུ་མི་ལོ་ ༢༠ གོང་ནས་ལས་འཆར་དབུ་འཛུགས་གནང་ཡོད་པ་དང་། ཕྱི་ལོ་ ༢༠༡༠ ལོར་རྒྱ་གར་གཞུང་གི་འོག་དེབ་སྐྱེལ་གནང་ཡོད་པ་ལྟར་སླད་མར་རྒྱལ་སྤྱིའི་རང་བཞིན་ལྡན་པའི་གཙུག་ལག་སློབ་གཉེར་ཁང་ཞིག་ཏུ་འགྱུར་བའི་ཐུགས་རེ་ཡོད་པ་དང་། སློབ་མ་རྣམས་ཀྱིས་རང་ཉིད་གང་ནས་ཕེབས་པའི་ཡུལ་དེར་རྒྱལ་བསྟན་དར་སྤེལ་གནང་ཐུབ་པའི་ཐུགས་སྨོན་ཡོད་ཅེས་གསུངས་པར་མ་ཟད། ཆོས་རིག་ལས་ཁུངས་ནས་ལོ་ལྟར་༸རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་གཞིར་བཟུང་རིས་མེད་ཆོས་སྡེ་ཁག་ལ་དམིགས་ནས་གཞུང་ཆེན་རིགས་གཅིག་རྐང་འཛིན་སོགས་ཀྱི་ལས་འཆར་ཁག་སྤེལ་བཞིན་ཡོད་པ་དེར་མཐོ་སློབ་འདི་ནས་མཉམ་ཞུགས་ཡོང་བའི་འབོད་སྐུལ་དང་། ལོ་རྗེ་མར་གཞུང་ཆེན་རིས་མེད་བགྲོ་གླེང་ཐེངས་དྲུག་པ་དེ་བཀྲིས་ལྗོངས་ལ་འཚོགས་གཏན་ཁེལ་ཡོད་པ་སོགས་གསུངས་ཡོད།

དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོན་ནམས་བསྟན་འཕེལ་མཆོག་གིས་གདན་ས་འདིའི་ཐོག་ནས་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་བྱེ་བྲག་འབྲུག་པ་བཀའ་བརྒྱུད་ཀྱི་བཤད་སྒྲུབ་གཉིས་ཀྱི་འབྱུང་ཁུངས་ལྟ་བུར་གྱུར་བར་རླབས་ཆེན་གྱི་བྱ་གཞག་ཅིག་ཆགས་ཡོད་སྟབས། འབྲེལ་ཡོད་ཀུན་ལ་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞེས་གསུངས་ཏེ། ༸སྐྱབས་རྗེ་ཁམས་སྤྲུལ་རིན་པོ་ཆེ་མཆོག་གི་ཐུགས་དགོངས་བཞིན་རྗེས་འཇུག་གདུལ་བྱ་ཚོས་ལྷག་བསམ་གཡོ་བ་མེད་པར་ཞབས་འདེགས་ཞུ་ཆེད་ཐུགས་སྨོན་གནང་ཡོད།

གཞི་རྩའི་འཕགས་ཡུལ་བཀྲ་ཤིས་ལྗོངས་གདན་ས་ཁམས་པ་སྒར་གྱི་བཤད་གྲྭ་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་ར་ནི། ༸རྒྱལ་བ་མདོ་ཁམས་པའི་གདན་ས་བཞི་པ་དེ་ཡིན་ཞིང་། ༸རྒྱལ་མཆོག་མདོ་ཁམས་བརྒྱད་པ་བསྐལ་བཟང་དོན་བརྒྱུད་ཉི་མས་གནས་ཆེན་ཉེར་བཞིའི་ཡ་གྱལ་སྤྱི་བོ་ཛལེནྡཱ་རའི་ཉེ་འཁྲིས་སུ་ཕྱི་ལོ་ ༡༩༦༦ ལོར་ཕྱག་བཏབ། ཐོག་མར་རྒྱ་གར་དུ་ཕེབས་རྗེས་ཀ་སྦུག་ཏུ་གནས་སྐབས་བཞུགས་ཤིང་། དེར་བཤད་སྒྲུབ་འཁོར་ལོ་གསུམ་གྱི་མཛད་པ་བླ་ན་མེད་པ་བསྐྱངས་རྗེས་ས་གནས་ཀང་ར་རྫོང་ཁོངས་ད་ལྟའི་བཀྲ་ཤིས་ལྗོངས་དང་ཉེ་བ་བྷུ་ནུ་རིས་ལ་ཡང་གནས་སྐབས་ཙམ་དུ་བསྟན་རྒྱུན་ལ་ཕན་ངེས་ཀྱི་མཛད་པ་བསྐྱངས་ཏེ་སླར་ཡང་ཧི་མཱ་ཅལ་ཅམ་པ་རྫོང་ཁོངས་སུ་ཡོད་པའི་ཌཱལ་ཧའུ་སི་ཞེས་པའི་ས་གནས་སུ་ཡང་དེ་མཚུངས་ཀྱིས་མཛད་པ་བསྐྱངས་ཏེ། མཐར་ཕྱི་ལོ་ ༡༩༦༨ ལོར་བཀྲ་ཤིས་ལྗོངས་སུ་གདན་ས་གཏན་ཆགས་གནང་ཡོད།

༸རྒྱལ་མཆོག་མདོ་ཁམས་བརྒྱད་པ་བསྐལ་བཟང་དོན་བརྒྱུད་ཉི་མ་རིན་པོ་ཆེ་མཆོག་ལྟ་བུར་མཚོན་ན། དེ་སྔ་ཕྱི་ལོ་ ༡༩༦༠ ཟླ་ ༢ པའི་ནང་གནས་མཆོག་རྡོ་རྗེ་གདན་དུ་བོད་མི་རྣམས་འཛོམས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་ཆོལ་ཁ་གསུམ་ཆོས་ལུགས་དང་བཅས་པས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཐོག་ཤར་བསྐྱོད་བྱེད་ཀྱི་ཡིན་ཞེས་མནའ་གན་མཐུ་མོ་ཆེ་བཞག་ཡོད་པ་དང་། སྐབས་དེར་རིན་པོ་༸གང་ཉིད་མཆོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བླང་དོར་ཞུ་བྱའི་མནའ་གན་མཐུ་མོ་ཆེ་སྤྱན་འབུལ་ཞུ་མཁན་གསུམ་ཡོད་པའི་ཁོངས་ནས་ཆོས་ལུགས་ཡོངས་ཀྱི་སྐུ་ཚབ་གནང་མཁན་གྱི་སྐྱེས་ཆེན་དམ་པ་ཞིག་ཆགས་ཀྱི་ཡོད།

དེ་རིང་མཛད་སྒོ་ལེགས་པར་གྲུབ་མཚམས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་མདུན་དུ་སྦྱིན་བདག་རྣམས་སྐུ་པར་ལྷན་སྒྲོན་ཞུས་ཡོད་པ་དང་། ལྗགས་སྨིན་བཞེས་རྗེས་ཉིན་དགུང་ཕྱག་ཚོད་ ༡༢༌༡༥ ཐོག་མགོན་པོ་༸གང་ཉིད་མཆོག་འཕགས་ཡུལ་བཀྲ་ཤིས་ལྗོངས་ནས་ཆིབས་ཐོན་གྱིས་བཞུགས་སྒར་དུ་ཕྱག་ཚོད་ ༢ སྟེང་༸ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད།

མཛད་རིམ་ལྟར་ན། དེ་རིང་ཉིན་རྒྱབ་གླུ་གར་གྱི་མཆོད་པ་དང་སང་ཉིན་སྔ་དྲོ་ཕྱག་ཚོད་ ༡༠ ཐོག་༸སྐྱབས་རྗེ་ཁམས་སྤྲུལ་རིན་པོ་ཆེ་མཆོག་དང་༸སྐྱབས་རྗེ་ཆོས་མགོན་རིན་པོ་ཆེ་མཆོག་རྣམ་གཉིས་དབུ་བཞུགས་ཐོག་བླ་སྤྲུལ་རྟོགས་ལྡན་མཁན་སློབ་འདུས་མང་ཡོངས་ནས་དཀོན་མཆོག་སྤྱི་འདུས་ཀྱི་ཆོ་གའི་སྒོ་ནས་རབ་གནས་འཚོག་རྒྱུ་དང་། དེ་བཞིན་སང་ཉིན་ཉིན་རྒྱབ་ཕྱག་ཚོད་ ༢ སྟེང་༸སྐྱབས་རྗེ་ཁམས་སྤྲུལ་རིན་པོ་ཆེ་མཆོག་གིས་དད་ལྡན་མང་ཚོགས་རྣམས་ལ་ཚེ་དབང་སྩལ་གཏན་ཁེལ་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།