Tibetan Royal Year of 2151 | Year of the Wood Dragon

ཁེ་ན་ཌའི་ཕྱི་སྲིད་ལས་ཁུངས་ནང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་ཡོང་བའི་འབོད་སྐུལ།

Tibetan News Headlines

  • Dalai Lama received Kalu Rinpoche and more than 400 devotees in an audience
  • Tibetans hold peace rally calling for the release of Panchen Lama on the anniversary of his abduction
  • Tibet Museum celebrates International Museum Day with art exhibition by local Tibetan artists and writers
  • Central Tibetan Administration congratulates new Co-Chair for Australian Parliamentary Group for Tibet, Senator Barbara Pocock
  • Interview on CTA’s scholarship and excellence award

རེས་གཟའ་པ་སངས། ༢༠༢༤།༠༥།༡༧

  • ༸གོང་ས་མཆོག་གིས་དེ་རིང་ཀར་ལུ་རིན་པོ་ཆེ་དབུས་པའི་དད་ལྡན་ཆོས་ཞུ་བ་ ༤༠༠ ལྷག་ལ་མཇལ་ཁ་སྩལ་འདུག
  • དགོས་འདུན་དོན་ཚན་བཞིའི་ཐོག་ནས་༸པཎ་ཆེན་རིན་པོ་ཆེའི་གནས་སྟངས་གསལ་བཏོན་དགོས་པའི་ཞི་བའི་གོམ་བགྲོད།
  • རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་ ༤༧ པ་སྲུང་བརྩི།
  • ལྕམ་སྐུ་ Barbara Pocock ཨོ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་གསར་པར་བསྐོ་བཞག་བྱུང་བར་འཚམས་འདྲི།
  • བོད་མིའི་སྒྲིག་འཛུགངས་ཤེས་རིག་ལས་ཁུངས་ནས་འཛིན་རིམ་བཅིུས་ཀྱི་བསླབ་པ་ཐར་སོན་པ་རྣམས་ལ་སློབ་ཡོན་ཇི་ཡོད་སྐོར་བཅར་འདྲི།

ཉེ་ལམ་ཁེ་ན་ཌ་ནང་བོད་དོན་ཞུ་གཏུག་གནང་བ་དང་དུས་མཉམ་ཕྱི་སྲིད་ལས་ཁུངས་སུ་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཞིག་བསྐོ་གཞག་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་འདུག

ཕྱི་ཟླ་ ༥ ཚེས་ ༡༡ ཉིན་ཁེ་ན་ཌ་བོད་དོན་ལྷན་ཚོགས་དང་བོད་ཀྱི་བུད་མེད་ལྷན་ཚོགས། ས་གནས་གཞོན་ནུ་ལྷན་ཚོགས། ཨོན་ཊ་རོ་བོད་རིགས་སྤྱི་མཐུན་ཚོགས་པ་སོགས་ཁེ་ན་ཌ་ནང་གི་བོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དྲུག་གི་བོད་མི་ ༣༠ ཙམ་མཉམ་ཞུགས་གནང་སྟེ་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝའི་དབུས་གྲོས་ཚོགས་འོག་མའི་ཆབ་སྲིད་ཚོགས་པའི་འཐུས་མི་བཅུ་ལྷག་གི་དྲུང་དུ་བཅར་ཏེ་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་བ་དང་དུས་མཉམ་ཁེ་ན་ཌའི་ཕྱི་སྲིད་ལས་ཁུངས་ནང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཞིག་བསྐོ་གཞག་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་འདུག

ཞུ་གཏུག་སྐབས་གྲོས་ཚོགས་འཐུས་མི་རྣམ་པར་བོད་ནང་གི་གནས་སྟངས་ཛ་དྲག་ཆེ་རུ་འགྲོ་བཞིན་པར་འགྲེལ་བརྗོད་དང་སྦྲགས། རྒྱ་གཞུང་ནས་བོད་ནང་གི་བོད་མི་རྣམས་ལ་སོ་སོའི་སྲོལ་རྒྱུན་གྱི་ས་གནས་ནས་བཙན་གྱིས་གཞིས་སྤོས་བྱས་པར་མ་ཟད། བོད་པའི་སློབ་གྲྭ་ཁག་ཕྱིར་བསྡུ། དེ་བཞིན་རྒྱ་གཞུང་གིས་དགོས་མཁོ་དང་མཐུན་པའི་སྐད་གཉིས་སློབ་གསོ་སོགས་ཀྱི་སྲིད་བྱུས་ལག་བསྟར་བྱས་ཏེ་བོད་པའི་ཕྲུ་གུ་ས་ཡ་གཅིག་ལྷག་བཙན་དབང་གིས་ཕ་མ་དང་ཁ་བྲལ་དུ་བཅུག་པ་མ་ཚད་པར་རྒྱ་གཞུང་གིས་ཆེད་འཛུགས་བྱས་པའི་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་ཁག་ཏུ་ཆེད་གཏོང་ཉེས་རྡུང་བཏང་བ་དང་བཙན་གཡེམ། དབྱེ་འབྱེད་སོགས་བྱེད་བཞིན་པའི་ཁར་ཆབ་སྲིད་རང་བཞིན་གྱི་སློབ་གསོ་སྤྲད་ནས་བོད་ནང་གི་བོད་མི་སྤྱི་དང་སྒོས་བོད་ཕྲུག་སློབ་མ་རྣམས་ལ་བོད་ཀྱི་སྐད་ཡིག་ཐོག་སློབ་སྦྱོང་གནང་རྒྱུའི་གོ་སྐབས་མེད་པའི་གནས་སྟངས་གྱུར་ཡོད་པར་མངོན་གསལ་གནང་འདུག

རྒྱ་གཞུང་གིས་བོད་ནང་གི་བྱིས་པ་ལོ་ན་ལྔ་ཡན་ཆད་རྣམས་ལ་བཙན་གྱིས་རིགས་རྫས་བསྡུ་ལེན་བྱེད་ཀྱི་ཡོད་པ་སོགས་གསལ་བཤད་གནང་སྟེ་ཁེ་ན་ཌ་གཞུང་གི་ངོས་ནས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དང་རྒྱ་གཞུང་གིས་ཆེད་འཛུགས་བྱས་པའི་བཅའ་སྡོད་སློབ་གྲྭ་ཁག་འཕྲལ་མར་སྒོ་རྒྱག་ཐབས་སུ་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པ་དང་། བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་སྔར་ལྷག་གནང་སྐྱོང་ཡོང་བའི་ཞུ་སྐུལ་གནང་དོན་ལྟར་གྲོས་ཚོགས་འཐུས་མིས་དེ་ལྟར་གནང་ངེས་ཡིན་པའི་ཞལ་བཞེས་གནང་འདུག

ཞུ་གཏུག་ལས་འགུལ་ཁྲོད་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཞིག་བསྐོ་གཞག་ཡོང་བའི་རེ་འདུན་ཆེད་བཏོན་གནང་བའི་ཞུ་སྙན་དེར་ཁེ་ན་ཌ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Arif Virani ལགས་དང་ཚོགས་གཞོན་སྐུ་ཞབས་ Garnett Genuis ལགས།  James Maloney ལགས་གཙོས་ཆབ་སྲིད་ཚོགས་པ་ཁག་གི་གྲོས་ཚོགས་འཐུས་མི་དགུས་རྒྱབ་སྐྱོར་གནང་བར་མ་ཟད་ཉིན་ཤས་ནང་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་གཞན་གྱིས་མཉམ་འབྲེལ་གནང་ཐོག་ཞུ་སྙན་དེ་མཐར་ཕྱི་སྲིད་བློན་ཆེན་ལྕམ་སྐུ་ Mélanie Joly མཆོག་ལ་འབུལ་ལམ་ཞུ་རྒྱུ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།