Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གཞུང་ལ་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་གྲོས་མོལ་བསྐྱར་གསོ་དགོས་པར་སྐུལ་མ།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

ཕ་རན་སི་གཞུང་ནས་རྒྱ་གཞུང་གིས་བོད་ནང་ཆེད་འཛུགས་བྱས་པའི་གཏན་འཇགས་སློབ་གྲྭ་ཁག་གི་ལས་གཞི་བརྒྱུད་ནས་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་ཐབས་བྱེད་བཞིན་པར་སེམས་འཚབ་ཡོད་སྐོར་གསུངས་པ་དང་འབྲེལ། རྒྱ་ནག་ལ་བོད་མིའི་ཆོས་དང་རིག་གཞུང་ལ་གུས་བརྩི་ཞུས་ནས་བོད་རྒྱའི་དཀའ་རྙོག་སེལ་བར་ཕུགས་རྒྱང་རིང་པོའི་ཐབས་ལམ་དོན་འབྲས་སོན་པ་ཞིག་འཚོལ་ཆེད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བསྐྱར་གསོ་ཡོར་བར་སྐུལ་མ་གནང་འདུག

ཕ་རན་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གྲོས་ཚོགས་འཐུས་མི་ Jacqueline Eustache-Brinio ལགས་ཀྱིས་འདི་ལོའི་ཕྱི་ཟླ་ ༣ ནང་ཕ་རན་སིའི་ཕྱི་སྲིད་བློན་ཆེན་མཆོག་གི་མཚན་ཐོག་ལ་ཕྱག་བྲིས་ཤིག་ཕུལ་བའི་ནང་འདི་ལོ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཆེད་མཁས་པ་ཚོས་བོད་ནང་རྒྱ་གཞུང་གིས་གཉེར་བའི་གཏན་འཇགས་སློབ་གྲྭ་ཁག་གི་ལས་གཞི་སྤེལ་བའི་ཁྲོད་བོད་ཕྲུག་རྣམས་བཙན་དབང་གིས་ཕ་མ་དང་ཁ་བྲལ་བཏང་བ་དང་། བྱིས་པ་རྣམས་ལ་རང་མི་རིགས་ཀྱི་ཆོས་དང་རིག་གཞུང་སློབ་གཉེར་གནང་རྒྱུའི་གོ་སྐབས་མེད་པར་རྒྱ་སྡེར་བསྒྱུར་རྒྱུའི་སྲིད་བྱུས་སྤེལ་བཞིན་ཡོད་པ་ལུང་འདྲེན་དང་སྦྲགས། རྒྱ་གཞུང་གིས་མཐོ་སློབ་ཁག་གི་ནང་བོད་དང་སོག་པོ། ཡུ་གུར་སྡེ་ཚན་བཅས་ལ་དམ་བསྒྲགས་བྱས་པར་མ་ཟད། ལྷག་དོན་བོད་མི་རྣམས་ལ་བོད་ཀྱི་ས་ཁུལ་གཞན་ལ་བསྐྱོད་པར་དམ་བསྒྲགས་ཆེས་ཆེར་བྱས་པའི་ཁར་ས་ཁུལ་གཞན་ནས་སླེབས་པའི་བོད་མི་གནས་མཇལ་བ་སྣེ་ལེན་ཞུ་བར་དམ་དྲབསྒྲགས་དེ་མཚུངས་སུ་བྱས་ཡོད་པ་སོགས་ཀྱི་གནད་དོན་ཁག་གཅིག་མངོན་གསལ་གནང་སྟེ་རྒྱ་ནག་གཞུང་གིས་འདས་ལོ་ནང་བོད་མིའི་ཆོས་དང་རིག་གཞུང་ལ་སྔར་ལྷག་དམ་བསྒྲགས་ཤུགས་ཆེར་བྱས་དང་བྱེད་མུས་ཀྱི་གནས་སྟངས་མངོན་གསལ་གནང་འདུག

ལྕམ་སྐུ་ཁོང་གིས་ཕྱི་ལོ་ ༢༠༡༦ ལོ་ནས་བཟུང་རྒྱ་གཞུང་གིས་བོད་ནང་བྱིས་པ་ལོ་ ༤ ནས་ ༨ བར་གྱི་སློབ་སྦྱོང་གནས་ས་གཞི་རིམ་སློབ་གྲྭ་ཁག་དང་གཏན་འཇགས་སློབ་གྲྭ་ཁག་ཏུ་རྒྱ་ཡིག་གཙོ་གྱུར་སློབ་ཁྲིད་བྱེད་བཞིན་ཡོད་པའི་ཁྲོད་བོད་པའི་བྱིས་པ་ས་ཡ་གཅིག་ལྷག་གཏན་འཇགས་སློབ་གྲྭར་བཞག་ཡོད་པ་དང་། བྱིས་པ་དེ་དག་ལོ་དང་ཟླ་བ་མང་པོའི་རིང་ནང་མི་དང་ཁ་བྲལ་ནས་བསྡད་དགོས་པ་སོགས་ཀྱི་གནས་སྟངས་འོག་མ་འོངས་ལོ་ ༡༥ ཙམ་གྱི་ནང་བོད་པའི་མི་འབོར་བརྒྱ་ཆ་ ༧༠ ཙམ་རང་གི་སྐད་ཡིག་མི་ཤེས་མཁན་དང་རང་སྐད་ཐོག་བཀའ་མོལ་གནང་མི་ཐུབ་མཁན་འབའ་ཞིག་ཆགས་ངེས་ཡིན་པའི་ཛ་དྲག་གནས་སྟངས་ཐེར་འདོན་གནང་འདུག

བོད་ནང་གི་བོད་པའི་དགེ་རྒན་རྣམས་ཕྱག་ལས་ཤོར་བའི་ཉེན་ཁའི་འོག་ལྷུང་ཡོད་པ་དང་། ཕྲུ་གུའི་ཕ་མ་རྣམས་ཀྱིས་ཕྲུ་གུ་རང་ཁྱིམ་དུ་ཡོང་སྐབས་གྱོན་ཆས་དང་རྐང་བྲོ་གླུ་གཞས། དེ་བཞིན་བོད་སྐད་ཐོག་བཀའ་མོལ་གནང་བ་སོགས་ཀྱི་ཐབས་ལམ་ཐོག་ནས་རྒྱ་གཞུང་གི་ངན་བྱུས་ལ་གདོང་ལེན་གནང་ཐབས་བྱེད་བཞིན་པ་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བཙན་བྱོལ་བའི་སྤྱི་ཚོགས་ནང་དུ་བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་གནང་བཞིན་པ་དེ་ལྟར་ཡང། བོད་པའི་ཕ་མ་དང་དགེ་རྒན། དེ་བཞིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་བཅས་ལ་བོད་པའི་མི་རབས་གསར་པ་རྣམས་རྒྱ་སྡེར་བསྒྱུར་རྒྱུའི་ངན་བྱུས་ལ་གདོང་ལེན་གནང་རྒྱུའི་ཐབས་ལམ་མང་པོ་མེད་པའི་ཁྲོད་ཕ་རན་སི་གཞུང་ནས་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་ལས་འགལ་ཏེ་བོད་པའི་བྱིས་པ་རྣམས་བཙན་དབང་ཐོག་ནས་རྒྱ་སྡེར་བསྒྱུར་རྒྱུའི་བྱ་འགུལ་སྤེལ་བཞིན་པར་གང་གནང་འཆར་ཡོད་མེད་ཀྱི་འདྲི་རྩད་གནང་འདུག

དེ་དོན་ཟླ་ ༥ ཚེས་ ༡༠ ཉིན་ཕ་རན་སི་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་ཡིག་ཐོག་ནས་ལན་འདེབས་ཞིག་ཕེབས་པར་ཕ་རན་སི་གཞུང་ལ་འགྲོ་བ་མིའི་ཐོང་ཐང་སྤྱི་དམངས་ཚོགས་པ་དང་ཉམས་ཞིབ་ཚོགས་པ། དེ་བཞིན་བོད་པའི་སྒྲིག་འཛུགས་ཁག་ནས་བོད་ནང་གི་གཏན་འཇགས་སློབ་གྲྭའི་སྐོར་སྙན་ཐོ་རིམ་པ་འབྱོར་ཡོད་སྐོར་དང་སྦྲགས། རྒྱ་ནག་གཞུང་གི་བྱེད་ཕྱོགས་དེ་དག་ནི་ཕྱི་ལོ་ ༡༩༩༢ ལོར་རྒྱ་ནག་ནས་རྒྱབ་སྐྱོར་མཚན་རྟགས་བཀོད་པའི་ International Convention on Rights of the Child ཞེས་རྒྱལ་སྤྱིའི་བྱིས་པའི་ཐོབ་ཐང་གི་ཁྲིམས་སྒྲིག་དང་ཡོངས་སུ་རྒྱབ་འགལ་ཆགས་ཡོད་ཅེས་དང་། དེང་སྐབས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལ་བརྩི་སྲུང་གི་གནད་དོན་ཐོག་ནས་འཐུས་ཤོར་ཆེན་པོ་ཕྱིར་ཡོད་སྐོར་གསུངས་པ་དང་འབྲེལ་ཕ་རན་སི་གཞུང་གི་ངོས་ནས་སེམས་འཚབ་ཆེན་པོ་ཡོད་སྐོར་གསུངས་འདུག

ད་དུང་ཕ་རན་སི་ནས་རྒྱ་ནག་སྤྱི་དང་བོད་རང་སྐྱོང་ལྗོངས་གཙོས་བོད་པའི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་དོ་སྣང་ཆེན་པོ་གནང་བཞིན་པ་དང་། རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་དང་བོད་ཀྱི་ས་ཁུལ་གཞན་ཁག་ཏུ་དམ་བསྒྲགས་ཆེས་ཆེར་བྱེད་བཞིན་པའི་ཁྲོད་ཕྱི་མིར་ས་ཁུལ་དེ་དག་ནང་འགྲུལ་སྐྱོད་གནང་བར་དམ་བསྒྲགས་བྱེད་བཞིན་པར་བློ་འཚབ་ཡོད་སྐོར་དང་སྦྲགས།  རྒྱ་ནག་དང་ལྷན་དུ་རྒྱལ་ཁབ་ཕྱོགས་གཉིས་ཀྱི་ཚད་མཐོའི་མཇལ་འཕྲད་དང་གྲོས་མོལ་སོགས་གོ་སྐབས་ནམ་བྱུང་ལ་རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་ཁག་བརྩི་སྲུང་ཞུ་དགོས་པའི་སྐུལ་མ་སྤེལ་བཞིན་ཡོད་པ་དང་།  དེ་བཞིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་རྒྱལ་ཚོགས་ཀྱི་ཚོགས་ཆེན། འདི་ལོའི་ཕྱི་ཟླ་ ༢ ནང་ཚོགས་པའི་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་གྱི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་སོགས་རྒྱལ་སྤྱིའི་སྡིངས་ཆར་མངོན་གསལ་ཐོག་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་སློང་གནང་ཡོད་པ་གསུངས་འདུག

ལྷག་པར་དུ་ཕ་རན་སི་གཞུང་གི་ངོས་ནས་རྒྱ་ནག་ལ་བོད་མིའི་ཆོས་དང་རིག་གཞུང་ལ་གུས་བརྩི་ཞུས་པའི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་བར་ཕུགས་རྒྱང་རིང་པོའི་ཐབས་ལམ་དོན་འབྲས་སོན་པ་ཞིག་འཚོལ་ཆེད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བསྐྱར་གསོ་ཡོར་བར་སྐུལ་མ་གནང་འདུག

སྤྱིར་འདི་ལོའི་ཕྱི་ཟླ་ ༤  ནང་ཡུལ་དེའི་སྲིད་འཛིན་ Macron མཆོག་རྒྱ་ནག་ནང་སྐྱོད་སྐབས་སུ་ཕ་རན་སི་དང་རྒྱ་ནག་གཉིས་དབར་གྱི་ཚོང་འབྲེལ་རྒྱ་བསྐྱེད་དང་ཡུཀ་རེན་གྱི་གནད་དོན་མ་གཏོགས་རྒྱ་ནག་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་ལ་གླེང་སློང་གང་ཡང་གནང་མེད་པར་རྒྱལ་སྤྱིའི་ཁྲོད་སྐྱོན་བརྗོད་གནང་མཁན་ཡང་མང་དག་ཅིག་བྱུང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།