Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་ཉེན་རྟོག་པས་སོག་ཡུལ་གྱི་རྒྱལ་ས་ནས་རྩོམ་པ་པོ་ Lhamjab Borjigin ལགས་བཙན་བཟུང་།

Tibetan News Headlines

  • Press watchdog RSF: China’s communist regime leads world in repression of journalistic rights
  • Sikyong Penpa Tsering meets President of South Tyrol, before leaving for Berlin
  • Xi Jinping faces strong protests from Tibetans and rights advocates in Paris
  • Nancy Pelosi honored with Presidential Medal of Freedom, US highest civilian award
  • Tibetan MMA fighter Rinchen Griffithsgolha makes history with first professional victory
  • History Feature: Panchen Rinpoche’s Footprints Across Tibet

རེས་གཟའ་ཟླ་བ། ༢༠༢༤།༠༥།༠༦

  • རྒྱ་ནག་ནི་གསར་འགོད་རང་དབང་གི་གནས་སྟངས་ཆེས་ཞན་ཤོས་ཡིན་པ་ཐེར་འདོན།
  • སྲིད་སྐྱོང་མཆོག་ལྷོ་ཊེ་རོལ་རང་སྐྱོང་མངའ་སྡེའི་སྲིད་འཛིན་དང་མཇལ་མོལ་གནང་རྗེས་འཇར་མ་ནིའི་རྒྱལ་ས་ Berlin དུ་ཕེབས་འབྱོར།
  • ཞི་ཅིན་ཕིང་ལ་ཧྥ་རན་སིར་བསླེབས་སྐབས་བོད་མིས་ངོ་རྒོལ།
  • ལྕམ་ Pelosi མཆོག་ཨ་རིའི་ལོ་རྒྱུས་ནང་གྲོས་ཚོགས་ཀྱི་ཚོགས་གཙོ་ཆེས་རླབས་ཆེན་ཞིག་ཡིན་པའི་ཆེ་བསྟོད།
  • བོད་མི་ཞིག་གིས་ཁུ་ཚུར་དྲག་རྩལ་གྱི་ཆེད་ལས་རྩེད་འགྲན་ནང་ཆེས་ཐོག་མ་མཉམ་ཞུགས་ཀྱིས་རྒྱལ་ཁ་ཐོབ་འདུག
  • བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས། ༸པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག་ལས་ལེའུ་དྲུག་པ་བོད་ཁམས་ཞབས་ཀྱིས་བཅགས་པ།

རྒྱ་གཞུང་ཉེན་རྟོག་པས་ཟླ་ ༥ ཚེས་ ༣ ཉིན་སོག་ཡུལ་གྱི་རྒྱལ་ས་ Ulaanbator དུ་བཅའ་བཞུགས་ཡུལ་དེའི་རྩོམ་པ་པོ་གྲགས་ཅན་ Lhamjab Borjigin ལགས་རང་ཉིད་ཀྱི་བཞུགས་གནས་ནས་བཙན་ཁྲིད་བྱས་ཡོད་པ་དང་ཨ་རིར་རྟེན་གཞི་བྱས་པའི་ PEN སྨྱུ་གུ་ཚོགས་པས་རྒྱ་ནག་གིས་རང་ཉིད་ཀྱི་རྒྱལ་མཚམས་ལས་བརྒལ་ཏེ་རྩོམ་པ་པོ་ཁོང་འཛིན་བཟུང་བྱས་པར་སྐྱོན་བརྗོད་ཤུགས་ཆེ་གནང་འདུག

རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་ལྷོ་སོག་གམ་ཡོངས་གྲགས་སུ་ནང་སོག་ཏུ་འབོད་པའི་ས་ཁུལ་དུ་གནས་བཞུགས་སྐུ་ཞབས་ Lhamjab Borjigin ལགས་ནི་སོག་པོའི་ལོ་རྒྱུས་དང་འབྲེལ་བའི་དཔེ་དེབ་མང་དག་ཅིག་བརྩམས་ཡོད་པར་མ་ཟད། ལྷག་པར་ཕྱི་ལོ་ ༢༠༠༦ ལོར་རྒྱ་ནག་གི་རིག་གནས་གསར་བརྗེ་ཆེན་མོའི་ཁྲོད་ལྷོ་སོག་མི་རིགས་སྟོང་ཁྲག་མང་པོའི་ཚེ་སྲོག་ཤོར་བའི་ངག་རྒྱུན་རིམ་པ་འཁོད་པའི་དཔེ་དེབ་དཔར་སྐྲུན་གནང་རྗེས་རྒྱ་གཞུང་གིས་ཕྱི་ལོ་ ༢༠༡༩ ལོར་ཁོང་ལ་རྒྱལ་ཁབ་ཁ་བྲལ་བཏང་བའི་ཉེས་མིང་འོག་ལོ་གཅིག་གི་བཙོན་འཇུག་ཁྲིམས་ཐག་བཅས་པ་དང་། ཕྱི་ལོ་ ༢༠༢༠ ལོ་མཇུག་ཏུ་བཙོན་ཁང་ནས་གློད་བཀྲོལ་བཏང་ཡོད་ཀྱང་བཟང་བཙོན་ལྟ་བུའི་གནས་སྟངས་འོག་བཞག་པའི་ཁྲོད་འདིར་ཉེ་ལམ་ཕྱི་ཟླ་ ༣ ནང་སོག་ཡུལ་དུ་བྲོས་བྱོལ་ལ་ཕེབས་པ་ཞིག་ཡིན་པ་རེད།

ཁོང་གིས་སོག་ཡུལ་དུ་འབྱོར་མ་ཐག་རྒྱ་གཞུང་གིས་ནང་སོག་ས་ཁུལ་དུ་སོག་པོའི་མི་རིགས་ལ་དྲག་གནོན་དང་འབྲེལ་བའི་དཔེ་དེབ་རིམ་པ་གསུམ་འདོན་སྤེལ་གནང་རྒྱུ་ཡིན་པ་ཡོངས་གྲགས་གནང་ཡོད་པ་དང་། Bitter Winter གསར་ཤོག་ཐོག་གནས་ཚུལ་ཐོན་པར་ཉེ་ལམ་ཟླ་ ༥ ཚེས་ ༣ ཉིན་རྒྱ་གཞུང་ཉེན་རྟོག་པའི་རླངས་འཁོར་གཉིས་ཁོང་གི་བཞུགས་གནས་སུ་བསྐྱོད་དེ་འཛིན་བཟུང་བཙན་ཁྲིད་བྱས་འདུག

Pen སྨྱུ་གུ་ཚོགས་པས་དེ་འབྲེལ་ཚེས་ ༡༢ ཉིན་སྤྱི་བསྒྲགས་སྤེལ་བར་རྒྱ་གཞུང་གིས་སོག་ཡུལ་གྱི་ས་ཐོག་ནས་རང་ལོ་ ༨༠ ལ་ཕེབས་པའི་རྒས་པོ་ཁོང་འཛིན་བཟུང་གིས་རྒྱ་ནག་ལ་ཕྱིར་ལོག་བྱས་པ་དེ་ནི་ཧ་ཅང་ཐབས་སྡུག་གི་གནས་ཚུལ་ཞིག་དང་། རྒྱ་གཞུང་གིས་རྒྱུན་དུ་རང་ཉིད་ཀྱི་རྒྱལ་མཚམས་ལས་བརྒལ་ནས་རང་དབང་ཅན་གྱི་ས་ཐོག་ཏུ་གནས་སྡོད་རྒྱ་ནག་དང་ལྟ་སྤྱོད་མི་མཐུན་མཁན་ལ་དམ་བསྒྲགས་དང་སུན་གཙེར། སྡིགས་ར་སོགས་ཀྱི་བྱ་སྤྱོད་གཅིག་རྗེས་གཉིས་མཐུད་སུ་སྤེལ་བཞིན་ཡོད་པའི་དཔེ་མཚོན་གསལ་པོ་ཆགས་ཡོད་པར་འགྲེལ་བརྗོད་དང་སྦྲགས། མང་གཙོ་ལྡན་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་བཙན་བྱོལ་ནང་གི་རྩོམ་པ་པོ་དང་གསར་འགོད་པ། སྒྱུ་རྩལ་བ་རྣམས་ལ་རྒྱ་ནག་གི་དྲག་གནོན་ལས་འགུལ་ལས་སྲུང་སྐྱོབ་ཐུབ་ཀྱི་མེད་པར་སྐྱོན་བརྗོད་གནང་འདུག

ཚོགས་པ་དེས་ད་དུང་རྒྱ་ནག་གཞུང་གིས་ནང་སོག་གི་མི་རིགས་རྣམས་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་སྲིད་བྱུས་ཁྲོད་སོག་པོའི་རིག་གནས་སྲུང་སྐྱོབ་དང་སྐད་ཡིག་རྩོད་ལེན་པ་རྣམས་ལ་ཉེན་རེ་བཞིན་དྲག་གནོན་ཆེས་ཆེར་བྱེད་བཞིན་པར་ཐུགས་འཚབ་ཀྱི་རྣམ་པ་གསལ་འདོན་དང་། དེ་ནི་རྒྱ་ནག་གཞུང་གིས་རང་ཉིད་ཀྱི་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་རྒྱལ་སྤྱིའི་ཁྲིམས་ཀྱི་འབྲུ་དོན་ནང་གསལ་བའི་སྨྲ་བརྗོད་རང་དབང་དང་ཤེས་ཡོན་དང་རིག་གནས་སྲུང་སྐྱོབ་ཀྱི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་བ་ཞིག་མཚོན་གྱི་ཡོད་སྐོར་གསུངས་པ་དང་འབྲེལ། རྒྱ་ནག་གཞུང་ནས་རྩོམ་པ་པོ་ Lhamjab ལགས་འཕྲལ་མར་གློད་དགོས་པ་དང་། རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་རྒྱ་ནག་གིས་རྒྱལ་མཚམས་བརྒལ་བའི་དྲག་གནོན་བྱས་པར་གདོང་ལེན་ནན་པོ་གནང་དགོས་ཞེས་ཞུ་སྐུལ་གནང་འདུག

གཞི་རྩའི་ PEN སྨྱུ་གུ་ཚོགས་པའི་གྲངས་ཐོ་གཞིར་བཟུང་ལྟར་ན། རྒྱ་ནག་ནི་འདས་པའི་ལོ་བཞི་ནས་རྒྱལ་སྤྱིའི་ཁྲོད་རྩོམ་པ་པོ་མང་ཤོག་བཙོན་འཇུག་བྱེད་མཁན་གྱི་རྒྱལ་ཁབ་ཆེས་སྡུག་ཤོས་དེ་ཡིན་པ་དང་། ཕྱི་ལོ་ ༢༠༢༢ ནང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ནང་རྩོམ་པ་པོ་ ༩༠ ཙམ་བཙོན་ཁང་དུ་ཡོད་པ་ར་འཕྲོད་བྱུང་བར་མ་ཟད། འདི་ལོར་རྩོམ་པ་པོ་དྲུག་བཙོན་འཇུག་བྱས་ཡོད་པ་དངོས་ར་འཕྲོད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།