Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་སྐུ་ཞབས་ཚེ་རིང་སྟོབས་རྒྱས་མཆོག་འབྲུག་ཡུལ་གྱི་སྲིད་བློན་དུ་འོས་འདེམས་བྱུང་བར་འཚམས་འདྲི་མཛད་པ།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

ཁ་སང་ཕྱི་ཟླ་ ༡ ཚེས་ ༡༢ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཕགས་ཡུལ་གནས་མཆོག་རྡོ་རྗེ་གདན་གྱི་བཞུགས་གནས་རྣམ་གྲྭ་དགའ་ལྡན་འཕེལ་རྒྱས་གླིང་ནས་སྐུ་ཞབས་ཚེ་རིང་སྟོབས་རྒྱས་མཆོག་འབྲུག་ཡུལ་གྱི་སྲིད་བློན་དུ་འོས་འདེམས་བྱུང་བར་འཚམས་འདྲི་མཛད་པ་དང་སྦྲགས། སྲིད་བློན་གྱི་ཐུགས་འགན་བཞེས་པའི་དུས་ཡུན་རིང་རྒྱལ་ཁབ་དང་མི་མང་གི་བདེ་དོན་གྲུབ་པར་བྱ་བ་ལམ་ལྷོངས་ཡོང་བའི་ཐུགས་སྨོན་མཛད་འདུག

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཚམས་འཕྲིན་ནང་བོད་དང་འབྲུག་དབར་ལོ་རྒྱུས་ཀྱི་ཐོག་ནས་འབྲེལ་ལམ་ཡོད་པ་མ་ཟད། ལྷག་པར་མགོན་པོ་གང་ཉིད་ནི་མང་གཙོའི་རིན་ཐང་ལ་རྒྱབ་སྐྱོར་དང་དམ་བཅའ་བརྟན་པོ་མཛད་མཁན་ཞིག་ཡིན་པའི་ཆ་ནས། ལོ་མང་རིང་འབྲུག་རྒྱལ་པོས་ཕུགས་རྒྱང་རིང་པོའི་སྣེ་ཁྲིད་འོག་རྒྱལ་ཁབ་དེའི་མང་གཙོའི་ལམ་ལུགས་ནང་བསྟོད་བསྔགས་འོས་པའི་ཡར་རྒྱས་ཕྱིན་པའི་ཐོག་༧གང་ཉིད་མཆོག་གིས་ཐུགས་སྣང་མཛད་ཀྱི་ཡོད་ཅེས་བཀའ་སྩལ་འདུག

༧གོང་ས་མཆོག་གིས་ད་དུང་དེང་གི་ཆར་འབྲུག་རྒྱལ་ཁབ་དེ་ཉིད་རང་ཉིད་ཀྱི་གནའ་བོའི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཐོག་དེང་དུས་དང་མཐུན་པའི་ཡར་རྒྱས་འགྲོ་བཞིན་ཡོད་སྟབས། སྲིད་བློན་མཆོག་གི་དུས་ཡུན་རིང་ལའང་མུ་མཐུད་ཡར་རྒྱས་གོང་འཕེལ་ཡོང་རྒྱུའི་ཐུགས་ཆེས་བརྟན་པོ་ཡོད་ཅེས་བཀའ་སྩལ་དང་། ང་ཚོ་ཕྱོགས་གཉིས་ཀྱི་བར་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་ནང་པ་སངས་རྒྱས་ཀྱི་ཆོས་ཤིག་ཐུན་མོང་དུ་ཡོད་པ་མ་ཟད། ཆོས་དེ་ནི་དད་པ་ཙམ་མིན་པར་འགྲོ་བ་མི་ཚང་མར་དངོས་ཡོད་ཕན་ཐོགས་ཤིག་ཡོད་པ་བཀའ་སྩལ་འདུག

མ་ཟད་ང་ཚོའི་བཀའ་འགྱུར་དང་བསྟན་འགྱུར་ཞེས་སངས་རྒྱས་དང་རྒྱ་གར་འཕགས་པའི་ཡུལ་གྱི་ཕྱི་བྱུང་སློབ་དཔོན་རྣམ་པའི་གསུང་དེ་དག་གི་ནང་དུ་སེམས་ཁམས་རིག་པའི་ཐོག་ཤེས་ཡོན་གྱི་མཛོད་ལྟར་བཞུགས་ཡོད་པ་དང་། དེ་ནི་སྔར་ལྷག་འཛམ་གླིང་ཞི་བདེ་བསྐྲུན་པར་གནད་འགག་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་བཀའ་སྩལ་ཅིང་། སྲིད་བློན་གྱི་ཐུགས་འགན་བཞེས་པའི་དུས་ཡུན་རིང་རྒྱལ་ཁབ་དང་མི་མང་གི་བདེ་དོན་གྲུབ་པར་བྱ་བ་ལམ་ལྷོངས་ཡོང་བའི་ཐུགས་སྨོན་མཚམས་སྦྱོར་མཛད་འདུག

གཞི་རྩའི་ཁ་སྔོན་ཕྱི་ཚེས་ ༩ ཉིན་འབྲུག་ཡུལ་ནང་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་དངོས་གཞིའི་ལས་རིམ་བསྐྱངས་ཏེ་འབྲུག་མི་སེར་གྱི་དམངས་གཙོའི་ཚོགས་པར་གྲོས་ཚོགས་ཀྱི་གདན་ཐོབ་ ༣༠ དང་འབྲུག་མཐུན་འབྲེལ་ཚོགས་པར་གྲོས་ཚོགས་ཀྱི་གདན་ཐོབ་ ༡༧ བཅས་ཐོབ་སྟེ། སྐུ་ཞབས་ཚེ་རིང་སྟོབས་རྒྱལ་ལགས་ཀྱིས་སྣེ་ཁྲིད་པའི་འབྲུག་མི་སེར་གྱི་དམངས་གཙོའི་ཚོགས་པས་མ་འོངས་ལོ་ལྔའི་རིང་གཞུང་འཛིན་གྱི་འགན་བཞེས་རྒྱུ་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།