Tibetan Royal Year of 2151 | Year of the Wood Dragon

གསང་བའི་ཡིག་ཆ་ཕྱི་གྱར་བྱས་པའི་ཉེས་མིང་འོག་བོད་མི་ཕུན་ཚོགས་ལགས་འཛིན་བཟུང་བྱས་འདུག

Tibetan News Headlines

  • Gongma Rinpoche at 80: An in-depth interview with Sakya Gongma Trichen Rinpoche uncovering his life journey and biography

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • དམིགས་བསལ་ལས་རིམ། ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་༧སྐུ་ཚེའི་མཛད་རྣམ་སྙིང་བསྡུས།

ཟླ་བ་འདིའི་ཚེས་ ༥ ཉིན་བོད་ལྷུན་འགྲུབ་རྫོང་ནས་ཡིན་པའི་ཕུན་ཚོགས་ལགས་ཞུ་བ་ཞིག་ལ་གསང་བའི་ཡིག་ཆ་ཕྱི་གྱར་བྱས་པའི་ཉེས་མིང་འོག་འཛིན་བཟུང་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་འདུག

Phuntsok la Arrest

དེ་ཡང་ཁ་སང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་དུས་བབ་གསར་ཁང་གིས་ཕུན་ཚོགས་ལགས་འཛིན་བཟུང་བྱས་པའི་སྐབས་ཀྱི་འདྲ་པར་དང་སྦྲགས་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་འདིའི་ཕྱི་ཚེས ༥ ཉིན། བོད་རང་སྐྱོང་ལྗོངས་ཟེར་བའི་ལྷུན་གྲུབ་རྫོང་མཚོ་སྟོད་གྲོང་ཚོ་ནས་ཡིན་པའི་བོད་མི་ཕུན་ཚོགས་ལགས། ལྷུན་གྲུབ་རྫོང་དུ་ཕེབས་སྐབས་གློ་བུར་དུ་ཉེན་རྟོག་པ་གསུམ་གྱིས་ཁོང་འཛིན་བཟུང་བཙན་ཁྲིད་བྱས་འདུག་པ་དང་། དེ་རྗེས་ཁོང་གི་ནང་མི་ཉེ་འབྲེལ་རྣམས་ཀྱིས་འབྲེལ་ཡོད་ལས་ཁུངས་ལ་ཕུན་ཚོགས་ལགས་གང་དུ་ཡོད་མེད་དང་། འཛིན་བཟུང་བྱས་དགོས་དོན་ཅི་ཡིན་སོགས་རྩད་གཅོད་བྱས་པར་ཡ་ལན་གང་ཡང་མ་བྱས་པ་མ་ཟད། ཕུན་ཚོགས་ལགས་ཀྱི་ལྷན་དུ་ཐུག་འཕྲད་བྱེད་དུ་བཅུག་རྒྱུའི་རེ་འདུན་སྟོན་པ་ལ་ཡང་དང་ལེན་མ་བྱས་པར། གང་ལྟར་ད་ལྟའི་ཆར་ཁོང་གང་དུ་ཡོད་མེད་དང་གནས་སྟངས་ཇི་ཆགས་སོགས་ཤེས་རྟོགས་མེད་པར་གྱུར་འདུག

Phuntsok la Arrest

འབྲེལ་ཡོད་ཁག་ཅིག་གིས་གནས་ཚུལ་མཁོ་སྤྲོད་གནང་བར་གཞིགས་ན། རྒྱ་ནག་གཞུང་གིས་ཕུན་ཚོགས་ལགས་ལ་ཕྱིར་བསྒྲགས་མི་ཆོག་པའི་ཡིག་ཆ་ཕྱི་གྱར་བྱས་ལུགས་འོག་འཛིན་བཟུང་བྱས་ཡོད་པ་དང་། དེ་སྔོན་ཕུན་ཚོགས་ལགས་ཀྱིས་ས་གནས་འགོ་ཁྲིད་ཚོས་མི་མང་གི་བདེ་སྡུག་ལ་ལྟ་སྐྱོང་ཚུལ་བཞིན་བྱེད་ཀྱི་མེད་པ་ཐེར་འདོན་བྱས་པའི་རྐྱེན་གྱིས་ཁོང་ལ་ཉེས་མེད་ཉེས་འཛུགས་དེ་ལྟར་བྱས་ཡོད་པ་གསུངས་མཁན་འདུག

རྩ་བའི་ཕུན་ཚོགས་ལགས་ད་ལྟ་རང་ལོ་ ༤༧ ཙམ་ཡིན་པ་དང་། བོད་རང་སྐྱོང་ལྗོངས་ཟེར་བའི་ལྷུན་གྲུབ་རྫོང་མཚོ་སྟོད་གྲོང་ཚོ་ནས་ཡིན་ཞིང་། ཁོང་དང་བཟའ་ཟླ་གཉིས་ལ་ལོ་ན་ ༡༥ ཅན་གྱི་བུ་མོ་ཞིག་དང་ལོ་ ༡༡ ཅན་གྱི་བུ་གཅིག་ཡོད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།