Tibetan Royal Year of 2151 | Year of the Wood Dragon

ཨ་རིའི་རྒྱལ་སར་བོད་དོན་ཞུ་གཏུག་ཐེངས་ ༡༦ པ་གནང་བཞིན་པ།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

ཨ་རིའི་རྒྱལ་ས་ Washington DC ནང་དུ་ཡུལ་དེའི་ས་གནས་འདྲ་མིན་ནས་ཕེབས་པའི་བོད་མི་སྡོམ་ ༡༦༠ ལྷག་ཙམ་འདུ་འཛོམས་ཐོག བོད་དོན་ཞུ་གཏུག་ལས་འགུལ་ཐེངས་ ༡༦ པ་དེ་དབུ་འཛུགས་གནང་ཡོད་པ་དང་། ཐེངས་འདིའི་ཞུ་གཏུག་ཁྲོད་གཙོ་བོ་ཟླ་བ་སྔོན་མར་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ཨང་ ༥༣༣ པ་དེ་གང་མགྱོགས་གྲོས་ཚོགས་གོང་མར་གཏན་འབེབས་ དགོས་པ་དང་། བོད་སྡེ་དགེ་རྫོང་གི་ཛ་དྲག་གནས་སྟངས་དང་འབྲེལ་བཀག་ཉར་འོག་ཡོད་པའི་བོད་མི་ཞི་རྒོལ་བ་ཚོ་གློད་བཀྲོལ་ཡོང་ཐབས་སུ་རྒྱ་གཞུང་ལ་གནོན་ཤུགས་ཆེས་ཆེར་སྤྲོད་དགོས་པའི་ཞུ་སྐུལ་གནང་འདུག

Washington Tibet Advocacy

དེ་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གོ་སྒྲིག་འོག་ཟླ་བ་འདིའི་ཕྱི་ཚེས་ ༡༡ དང་ ༡༢ བཅས་ཉིན་གྲངས་གཉིས་རིང་ཨ་རིའི་མངའ་སྡེ་འདྲ་མིན་ ༢༥ ཙམ་ནས་ཕེབས་པའི་བོད་མི་ ༡༦༠ ལྷག་གིས་ཨ་རིའི་གྲོས་ཚོགས་སུ་བཅར་ནས་གྲོས་ཚོགས་འཐུས་མི་དང་འབྲེལ་ཡོད་ལས་བྱེད་བཅས་ལ་བོད་དོན་ཞུ་གཏུགས་གནང་མུས་ཡིན་པ་དང་། ལས་འགུལ་གྱི་ཉིན་དང་པོར་ཡུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཨ་རིའི་མང་གཙོ་ཚོགས་པའི་དབུ་ཁྲིད་དང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནེན་སི་པི་ལོ་སི་ Nancy Pelosi མཆོག་དང་། ཨ་རིའི་གྲོས་ཚོགས་འོག་མར་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ཆེད་བཏོན་གནང་མཁན་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim Mcgovern ལགས། གྲོས་ཚོགས་འོག་མའི་མཐུས་མི་ལྕམ་སྐུ་ Betty McCollum ལགས་སོགས་ཀྱིས་གཏམ་བཤད་གནང་འདུག

སྐབས་དེར་ལྕམ་སྐུ་ Nancy Pelosi མཆོག་གིས་གསུམ་བཅུའི་དུས་དྲན་ཐེངས་ ༦༥ པའི་ཐོག་མཉམ་ཞུགས་གནང་རྒྱུ་བྱུང་བར་དགའ་སྤོབས་ཆེན་པོ་བྱུང་ཞེས་དང་། རྒྱ་ནག་གཞུང་གིས་དྲག་གནོན་ལ་མ་ལྟོས་པར་འདས་པའི་ལོ་ངོ་ ༦༥ རིང་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ཀྱིས་སེམས་ཤུགས་དང་སྙིང་སྟོབས་ལ་བརྟེན་དུས་ད་ལྟའང་བོད་ཀྱི་འཐབ་རྩོད་དེ་བཞིན་རྒྱུན་གནས་ཐུབ་ཡོད་པ་དེ་ནི བོད་མིའི་གཟི་བརྗིད་ཡིན་པ་དང་། ཞུམ་མེད་ཀྱི་སེམས་ཤུགས་དེས་བོད་དོན་འཐབ་རྩོད་ཁྲོད་ཡར་རྒྱས་ཀྱི་རྣམ་པ་ཤུགས་ཆེ་ཕྱིན་ཡོད་པ་གསུངས་འདུག 

Washington Tibet Advocacy

དེ་བཞིན་ཨ་རིའི་གྲོས་ཚོགས་འོག་མར་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ཆེད་བཏོན་གནང་མཁན་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim Mcgovern ལགས་ཀྱིས་ཁོང་རྣམས་ནས་གྲོས་ཚོགས་གོང་མར་བོད་རྒྱའི་དཀའ་རྙོག་སེལ་ཐབས་དང་འབྲེལ་བའི་ཁྲིམས་འཆར་དེ་ཉིད་གཏན་འབེབས་གནང་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ཡིན་སྐོར་གསུངས་པ་དང་འབྲེལ། ད་ཆ་རྒྱ་གཞུང་གིས་སྡེ་དགེ་ཁུལ་དུ་ཆུ་མཛོད་གསར་རྒྱག་གི་ལས་གཞིར་ཞི་རྒོལ་གནང་མཁན་གྱི་ས་གནས་བོད་མི་འཛིན་བཟུང་དང་དྲག་གནོན་བྱས་པར་སྐྱོན་བརྗོད་དང་། ཞི་རྒོལ་བ་ཚོ་གང་མགྱོགས་གློད་བཀྲོལ་ཡོང་ཐབས་སུ་གྲོས་ཚོགས་འོག་མའི་ནང་ཁྲིམས་འཆར་ཞིག་འདོན་སྤེལ་གནང་ཡོད་པ་དང་ཁྲིམས་འཆར་དེ་ཉིད་གང་མགྱོགས་ཁྲིམས་གཞིར་གཏན་འབེབས་ཡོང་བར་རེ་བ་གནང་གི་ཡོད་པ་གསུངས་འདུག

གྲོས་ཚོགས་འོག་མའི་མཐུས་མི་ལྕམ་སྐུ་ Betty McCollum ལགས་ཀྱིས་རྒྱ་གཞུང་ནས་བོད་ཀྱི་ཐུན་མིན་གྱི་ཆོས་རིག་དང་སྐད་ཡིག་བཅས་པ་སྲུང་སྐྱོབ་གནང་དགོས་གལ་དང་། བོད་ལ་རང་དབང་སྤྲོད་དགོས་པ་སོགས་ཀྱི་བརྡ་ལན་ནན་པོ་གནང་འདུག 

སྤྱིར་ད་རེས་ཨ་རི་ནང་བོད་དོན་ཞུ་གཏུག་གི་ཉིན་མོ་སྲུང་བརྩི་ཞུས་པ་ཐེངས་ ༡༦ པ་དེ་ཆགས་ཀྱི་ཡོད་པ་དང་། ཞུ་གཏུག་གི་ལས་འགུལ་དེའི་ཐོག་ཨ་རིའི་ནང་གི་ས་གནས་ ༢༥ ནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ ༡༦༠ ལྷག་ནས་གྲོས་ཚོགས་འཐུས་མི་གཙོས་པའི་འབྲེལ་ཡོད་ལས་བྱེད་  ༩༠ ལྷག་ལ་ཐུག་འཕྲད་དང་འབྲེལ། གཙོ་བོ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ཨང་ ༥༣༣ པ་དེ་གང་མགྱོགས་ཁྲིམས་གཞིར་གཏན་འབེབས་ཡོང་ཐབས་དང་། གྲོས་ཚོགས་འཐུས་མི་རྣམས་ནས་རྒྱ་ནག་གི་དྲག་པོའི་སྲིད་བྱུས་དང་འབྲེལ་ནས་བགྲོ་གླེང་གི་གོ་སྐབས་ནམ་བྱུང་ལ་བོད་དོན་གླེང་སློང་གནང་རྒྱུ་དང་། ལྷག་པར་བོད་སྡེ་དགེ་རྫོང་གི་ཛ་དྲག་གནས་སྟངས་དང་འབྲེལ་རྒྱ་ནག་ལ་སྐྱོན་བརྗོད་ནན་པོ་དང་སྦྲགས་ཏེ་བཀག་ཉར་འོག་ཡོད་པའི་བོད་མི་ཞི་རྒོལ་བ་ཚོ་གློད་བཀྲོལ་ཡོང་ཐབས་སུ་རྒྱ་གཞུང་ལ་གནོན་ཤུགས་ཆེས་ཆེར་སྤྲོད་དགོས་པའི་ཞུ་སྐུལ་གནང་འདུག

བོད་མི་གཞོན་སྐྱེས་དེ་དག་གིས་ད་དུང་རང་ཉིད་སོ་སོའི་མངའ་སྡེ་དེ་ནས་ཡིན་པའི་གྲོས་ཚོགས་འཐུས་མི་རྣམས་དང་དངོས་སུ་ཐུག་འཕྲད་སྐབས་ད་བར་བོད་དོན་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། སླད་མར་མུ་མཐུད་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་གནང་སྐྱོང་ཡོང་བ་སོགས་ཀྱི་འབོད་སྐུལ་ཡང་ཞུས་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།