Tibetan Royal Year of 2151 | Year of the Wood Dragon

གོ་ལ་ཁྱོན་ཡོངས་ཀྱིས་དམིགས་འབེན་གཅིག་གི་ཐོག་ནས་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

དེ་རིང་ཕྱི་ཟླ་ ༩ ཚེས་ ༡༡ རེས་གཟའ་པ་སངས་ཉིན་གྱི་སྔ་དྲོ་ཚོུད་ ༡༡ སྟེང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཚོགས་ཁང་དུ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་དེ་གའི་ཉམས་ཞིབ་པས་ཏོག་དབྱིབས་གཉན་རིམས་ ༡༩ དང་འབྲེལ་བའི་དཔྱད་རྩོམ་ཕྱོགས་བསྡུས་གནང་བའི་དཔེ་དེབ་དབུ་འབྱེད་གནང་སོང་།
ཤོག་གྲངས་ ༩༢ ཅན་གྱི་དཔེ་དེབ་དེའི་ནང་གཙོ་བོ། རྒྱ་ནག་གི་སྲིད་འཛིན་ཞི་ཅི་ཕིང་གིས་ཝུ་ཧན་ནས་མཆེད་པའི་ཏོགས་དབྱིབས་གཉན་རིམས་ལ་གདོང་ལེན་གནང་ཕྱོགས། གཉན་རིམས་ཁྲོད་རྒྱ་གཞུང་གིས་དྲྭ་རྒྱར་དོ་དམ་བྱེད་ཕྱོགས། དམ་དྲག་ཇི་ཙམ་བྱས་མིན་ལ་བལྟོས་མེད་མང་ཚོགས་ཀྱི་སྨྲ་བརྗོད་རང་དབང་ལ་བཀག་སྡོམས་མ་ཐུབ་པའི་གནད་དོན། དེ་བཞིན་གཉན་རིམས་ཁྲོད་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་། རྒྱ་ནག་གི་འཁྱོགས་བཤད་ལས་དོན། རྒྱ་ནག་དང་རྒྱལ་སྤྱིའི་འབྲེལ་ལམ་སོགས་ཕྱོགས་ཡོངས་ནས་ཉམས་ཞིབ་ཞུས་པའི་དཔྱད་གཏམ་འདྲ་མིན་ ༡༥ ཙམ་ཕྱོགས་བསྒྲིགས་གནང་འདུག
དཔེ་དེབ་ཕྱོགས་བསྡུས་འགན་འཁུར་བ་ཉམས་ཞིབ་པ་བསྟན་འཛིན་བདེ་གསལ་ལགས་ཀྱིས་དེ་རིང་འདོན་སྤེལ་གནང་བའི་དཔེ་དེབ་དེ་ནི་འཛམ་གླིང་ཤར་ནུབ་གང་སར་ཐེམ་སྤང་གི་བཀའ་རྒྱ་བསྒྲགས་ཏེ་གཉན་རིམས་ལ་གདོང་ལེན་གནང་སྐབས་སུ་ཉམས་ཞིབ་པ་རྣམས་ཀྱིས་དེ་དང་འབྲེལ་བའི་ཉམས་ཞིབ་གནང་བའི་གྲུབ་དོན་ཞིག་ཡིན་པར་རགས་བསྡུས་སུ་ངོ་སྤྲོད་གནང་བ་དང་སྦྲགས། རྩོམ་ཡིག་དེ་དག་ནི་ཇི་བཞིན་བརྗོད་པའི་རྩོམ་ཡིག་འབའ་ཞིག་ཆགས་ཡོད་པར་གསུངས་སོང་།
དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ད་རེས་ཀྱི་དཔྱད་རྩོམ་དེ་དག་ལས་རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཁྲོད་ཞི་ཅིན་ཕིང་གི་གནས་བབ་དང་ནུས་པ། འཇོན་ཐང་བཅས་ཐེར་འདོན་དང་དོགས་ཟོན་བྱེད་དགོས་པའི་གནས་སྟངས་ཆགས་ཡོད་པ་མ་ཟད། རྒྱ་ནག་རྒྱལ་ནང་དུ་སྨྲ་བརྗོད་ཀྱི་རང་དབང་གཙོས་འགྲོ་འདུག་ཀུན་སྤྱོད་ཀྱི་རང་དབང་ལ་དྲག་གནོན་ཤུགས་ཆེར་བྱེད་བཞིན་པའི་དངོས་ཡོད་གནས་སྟངས་ཁག་རྒྱལ་སྤྱིའི་ཁྲོད་གསལ་པོ་ཆགས་ཡོད་པ་གསུངས་སོང་།
རླུང་འཕྲིན་ཁང་གི་གསར་འགོད་པས་ད་ལན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པས་ཏོག་དབྱིབས་གཉན་རིམས་ ༡༩ དང་འབྲེལ་བའི་དཔྱད་རྩོམ་ཕྱོགས་བསྡུས་གནང་བའི་དཔེ་དེབ་འདི་བརྒྱུད་ནས་བརྡ་ལན་གཙོ་བོ་ག་རེ་ཆགས་ཀྱི་ཡོད་སྐོར་བཀའ་འདྲི་ཞུས་པར་གོ་ལ་ཁྱོན་ཡོངས་ཀྱིས་དམིགས་འབེན་གཅིག་གི་ཐོག་ནས་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་རྒྱུ་དེ་ཡིན་སྐོར་གསུངས་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།