Tibetan Royal Year of 2151 | Year of the Wood Dragon

གྲོས་ཚོགས་སུ་སྤྱི་མོས་ཀྱིས་ལྕམ་སྐུ་ Nancy Pelosi མཆོག་ལ་ཐུགས་རྗེ་ཆེ་ཞུའི་གྲོས་ཆོད་གཏན་འབེབས།

Tibetan News Headlines

  • ༸གོང་ས་མཆོག་གིས་ཕྱི་ཟླ་དགུ་པའི་བར་བཞུགས་སྒར་དུ་ཆོས་འབྲེལ་ཁག་དྲུག་ཙམ་སྩལ་གཏན་ཁེལ་བ།
  • ༸གོང་ས་མཆོག་ལ་དྭགས་ཀར་གྱིལ་རྫོང་ནང་ཆིབས་བསྒྱུར་ཡོང་བའི་གདན་ཞུ་གསོལ་འདེབས།
  • དགའ་ལྡན་ལྷ་བརྒྱ་མའི་ཆོས་འབྲེལ་ངོ་སྤྲོད།
  • རྒྱལ་ཁབ་ཀྱི་གཏན་འབེབས་སློབ་གསོའི་ཁ་ཕྱོགས་ལྟར་སློབ་གསོ་གཏོང་གི་མེད་པའི་ཉེས་མིང་འོག་དགེ་རྒན་ཞིག་གནས་དབྱུང་།
  • བོད་གཞུང་དགའ་ལྡན་ཕོ་བྲང་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་དཔེ་དེབ་དབུ་འབྱེད།
  • Arthur Brooks ལགས་ཀྱིས་ཉེ་ཆར་༸གོང་ས་མཆོག་དང་མཇལ་མོལ་ཁྲོད་ཚོགས་བཅར་བ་ཚོར་སེམས་འགུལ་ཆེན་པོ་ཐེབས་ཡོད་པ་གསུངས་འདུག
  • རྒྱ་གཞུང་ནི་ཕྱི་མིར་སྡང་འཛིན་ཤུགས་ཆེ་བྱེད་མཁན་ཞིག་ཡིན་པ་གསུངས་འདུག

Thursday 18/04/2024

  • Office of His Holiness the Dalai Lama announces teaching schedule of the Tibetan spiritual leader
  • Representatives from Kargil’s Buddhist community visit Dalai Lama and extend an invitation to visit Kargil
  • Introduction to teaching on ‘100 Deities of Tushita Heaven’ (Gaden Lhagyama)
  • China expels teacher for advocating the use of Tibetan language among students
  • CTA releases a collection of Tibetan essays on Gaden Phodrang
  • ‘Ambassador of Love’: Arthur Brooks recounts Harvard delegation to meet with Dalai Lama
  • Biden Calls China ‘Xenophobic’ as US, China Defense Chiefs hold first talks in nearly 18 months

དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་ཉིན་བཞི་པའི་ཚོགས་དུས་དང་པོ་ཐོག་ཡུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཨ་རིའི་མང་གཙོ་ཚོགས་པའི་དབུ་ཁྲིད་དང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནེན་སི་པི་ལོ་སི་ Nancy Pelosi མཆོག་གིས་དུས་དང་རྣམ་པ་ཀུན་ཏུ་བོད་དོན་ལ་ཞལ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་ཤུགས་ཆེ་གནང་བར་བཀའ་དྲིན་སྙིང་བཅངས་ཀྱི་ཐོག་ནས་དོན་ཚན་གསུམ་ཅན་འཁོད་པའི་གཞུང་འབྲེལ་ཐུགས་རྗེ་ཆེ་ཞུའི་གྲོས་ཆོད་ལ་སྤྱི་མོས་ཀྱིས་གཏན་འབེབས་གནང་བར་མ་ཟད་གྲོས་ཆོད་གཏན་འབེབས་རྗེས་སྤྱི་འཐུས་དང་སྲིད་སྐྱོང་མཆོག་གིས་དབུས་པའི་བཀའ་བློན་རྣམ་པ་ཡོངས་རྫོགས་སྐུ་བཞེངས་ཐོག་ནས་གྲོས་ཆོད་ལ་དགའ་བསུ་ཞུས་སོང་།

གྲོས་ཆོད་གྲོས་འཆར་ནང་དུ་ལྕམ་སྐུ་མཆོག་ཕྱི་ལོ་ ༡༩༨༧ ལོར་ཆེས་ཐོག་མར་གྲོས་ཚོགས་འཐུས་མིར་བདམས་ཐོན་བྱུང་བ་ནས་བཟུང་དུས་ད་ལྟ་བར་ཨ་རིའི་ཆབ་སྲིད་ཀྱི་སྡིངས་ཆ་ཙམ་མ་ཟད། རྒྱལ་སྤྱིའི་ཁྲོད་མང་གཙོ་དང་རང་དབང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐད་ལ་ཕྱག་ལས་རླབས་ཆེན་གནང་ཡོད་པ་དང་། ལྷག་པར་དུ་ལོ་ངོ་བཅུ་ཕྲག་འགའི་དུས་ཡུན་ནང་བོད་དོན་ལ་ཞལ་ཞེ་གཉིས་མེད་ཀྱི་ཐོག་ནས་རྒྱབ་སྐྱོར་གནང་བའི་ཁྲོད་ཨ་རིའི་གྲོས་ཚོགས་སུ་ཆབ་སྲིད་ཚོགས་པ་ཁྱད་མེད་ཀྱིས་རྒྱབ་སྐྱོར་ཐོག་ནས་བོད་དོན་ཁྲིམས་ཡིག་རིམ་པ་གཏན་འབེབས་གནང་ཡོད་པ་དང་། རྒྱ་གཞུང་གིས་དགག་བྱ་དང་སྐྱོན་བརྗོད་། སྡིགས་ར་བཅས་ལ་ལྟོས་མེད་དགའ་སྐྱོ་གཉིས་ཀའི་གནས་སྟངས་སྐབས་བོད་ཀྱི་རྒྱལ་ས་ལྷ་ས་དང་བཞུགས་སྒར་དྷརྨ་སཱ་ལཱ་གཉིས་ལ་ཆེད་ཕེབས་གནང་སྟེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་གནད་ཡོད་མི་སྣ་དང་ལྷན་དུ་མཇལ་འཕྲད་ཀྱིས་བོད་མིར་གདུང་སེམས་མཉམ་བསྐྱེད་ཀྱི་རྣམ་པ་ཤུགས་ཆེ་བཏོན་པ་སོགས་བོད་ཀྱི་བདེན་པའི་འཐབ་རྩོད་ལ་རེ་བ་དང་སྙིང་སྟོབས་བཅས་སྦྱིན་གནང་མཛད་པའི་ཆེས་རིན་ཐང་ལྡན་པའི་མཛད་རྗེས་རྣམས་ལུང་འདྲེན་གནང་ཡོད།

ལྕམ་སྐུ་མཆོག་ནི་བོད་ཀྱི་བློ་ཐུབ་ཀྱི་གྲོགས་པོ་རླབས་ཆེན་ཞིག་ཡིན་པར་ངོས་འཛིན་དང་ལྕམ་སྐུ་མཆོག་གིས་བོད་དོན་འཐབ་རྩོད་ཐད་ལ་སྔ་ཕྱི་བར་གསུམ་དུ་ཞལ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་ཤུགས་ཆེ་གནང་བར་གཞིས་བྱེས་གཉིས་ཀྱི་བོད་མི་ཡོངས་ཀྱི་ངོས་ནས་སྙིང་ཐག་པ་ནས་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུས་པ་དང་སྦྲགས། བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་སྐྱོང་ཡོང་བ་བཅས་དོན་ཚན་གསུམ་ཆེད་བཀོད་གནང་འདུག

གྲོས་ཚོགས་ཀྱི་ལས་ཉིན་བཞི་པའི་སྔ་དྲོའི་ཚོགས་དུས་དང་པོ་ཡོངས་རྫོགས་ལྕམ་སྐུ་ Nancy Pelosi མཆོག་ལ་གཞུང་འབྲེལ་ཐུགས་རྗེ་ཆེ་ཞུའི་གྲོས་ཆོད་གཏན་འབེབས་ཕེབས་ཡོད་པ་ལྟར། བགྲོ་གླེང་སྐབས་སྤྱི་འཐུས་ ༡༦ དང་སྲིད་སྐྱོང་མཆོག་གིས་དབུས་པའི་ཕྱི་དྲིལ་དང་བདེ་སྲུང་བཀའ་བློན་བཅས་ཀྱིས་ལྕམ་སྐུ་མཆོག་གི་མཛད་རྗེས་ལ་རྗེས་དྲན་དང་སྦྲགས། ཆེ་བསྟོད་དང་དགའ་བསུ་སོགས་ཀྱི་དགོངས་ཚུལ་དུ་མ་གསུངས་པའི་ཁྲོད་ལྕམ་སྐུ་མཆོག་ནི་སྲོག་ཉེན་ལ་ལྟོས་མེད་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་དོན་དུ་ཕྱག་ལས་གནང་མཁན་གྱི་དཔའ་མོ་ཞིག་དང་། བེུད་ནུས་སྟོབས་གོང་འཕེལ་གྱི་དཔེ་ཚོན། ༸གོང་ས་མཆོག་གི་མཛད་འཕྲིན་རྒྱས་པར་སྨོན་ལམ་དང་རྟེན་འབྲེལ་ཡོད་པའི་མི་སྣ་རླབས་ཆེན་ཞིག་ཡིན་པ་སོགས་གསུངས་སོང་།

དེ་བཞིན་སྤྱི་འཐུས་ཁག་གཅིག་གིས་གྲོས་ཚོགས་ནང་དུ་གྲོས་ཆོད་གཏན་འབེབས་གནང་བའི་རྗེས་སུ་གཞུང་འབྲེལ་ཐུགས་རྗེ་ཆེ་ཞུའི་གྲོས་ཆོད་དེ་ཉིད་བོད་ཡིག་ནས་དབྱིན་ཡིག་ལ་ཕབ་བསྒྱུར་གྱིས་ལྕམ་སྐུ་མཆོག་ལ་ངེས་ཕུལ་དགོས་པ་དང་། བཞུགས་སྒར་དུ་གདན་འདྲེན་ཞུས་ཏེ་ཆེས་མཐོའི་ཐུགས་རྗེ་ལེགས་འབུལ་གྱི་མཛད་སྒོ་ཞིག་ཚོགས་དགོས་པ། དེ་བཞིན་སྤྱི་འཐུས་ལ་ལས་ཆེ་བསྟོད་སླད་བོད་ཀྱི་ཡུལ་མི་མཚོན་པའི་དང་བླངས་དཔྱ་དངུལ་ལག་དེབ་འབུལ་ལམ་ཞུ་དགོས་པ་སོགས་ཀྱི་དགོངས་ཚུལ་ཡང་གསུངས་བ་ལྟར། སྲིད་སྐྱོང་མཆོག་གིས་གསུང་བཤད་ནང་སྤྱི་འཐུས་རྣམ་པའི་དགོངས་ཚུལ་ཕེབས་པ་བཞིན་འཛིན་སྐྱོང་བཀའ་ཤག་གིས་ལྕམ་སྐུ་མཆོག་ལ་བཞུགས་སྒར་དུ་གདན་ཞུའི་ཕྱག་ཡིག་ ཕུལ་ཟིན་པར་གསུངས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།