Tibetan Royal Year of 2151 | Year of the Wood Dragon

ཏོག་དབྱིབས་གཉན་རིམས་ཕོག་མཁན་བོད་མི་ ༣༣ དང་ ༥ འདས་གྲོངས་སུ་གྱུར་འདུག

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

རྒྱ་གར་ནང་ཉིན་རེ་བཞིན་ཏོག་དབྱིབས་གཉན་རིམས་ ༡༩ ཕོག་མཁན་གྱི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་ཁྲོད་འདིར་གཟའ་འཁོར་འདིའི་ནང་རྒྱ་གར་དུ་གནས་བཞུགས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་གཉན་རིམས་ཕོག་མཁན་བོད་མི་ ༣༣ བྱུང་བ་དང་བོད་མི་ ༥ གཉན་རིམ་དེའི་རྐྱེན་གྱིས་འདས་གྲོངས་ཕྱིན་འདུག གསར་འགོད་གསལ་བསྒྲགས་ཐོག་ཏོག་དབྱིབས་གཉན་རིམས་སྔོན་འགོག་ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་གཟའ་འཁོར་འདིའི་ནང་བོད་མི་ ༣༣ ལ་ནད་གཞི་ཕོག་པ་དང་དེའི་ཁྲོད་ ༢ ཀྱི་གནས་སྟངས་ཛ་དྲག་ཡིན་པར་འགྲེལ་བརྗོད་གནང་བ་དང་ཆབས་ཅིག ནད་གཞི་དེའི་རྐྱེན་པས་བོད་མི་ལྔ་འདས་གྲོངས་སུ་གྱུར་ཡོད་པའི་ཁོངས་ནས་གསུམ་ལ་དྭགས་ནས་ཡིན་པ་དང་། གཅིག་སྒང་ཏོག གཅིག་བྷན་དྷ་ར་བོད་མིའི་གཞིས་ཆགས་ནས་ཆགས་ཀྱི་ཡོད་པ་གསུངས་སོང་།རྩ་བའི་གཟའ་འཁོར་འདིའི་ནང་བོད་མི་ ༣༣ ལ་ནད་གཞི་ཕོག་པའི་ཁོངས་ནས་དྷ་སའི་ཉེ་འཁྲིད་ཅོན་ཏ་རཱ་ནས་ ༨ དང་། སུ་ཇཱ་ནས་ ༢ བཅས་ཐོན་པ་མ་ཟད། ཉེ་ལམ་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་ཅན་སྐྱིད་གཞོངས་ནང་རྟེན་གཞི་བྱས་པའི་རྒྱ་གར་གྱི་དངུལ་ཁང་ཞིག་གི་ལས་བྱེད་གཉིས་ལ་ནད་དེ་ཐོན་པའི་རྐྱེན་གྱིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཡོངས་རྫོགས་འདས་པའི་ཉིན་གཉིས་ནས་སྒོ་བརྒྱབ་ཡོད་པ་རེད། དེ་རིང་གི་གསར་འགོད་ལྷན་ཚོགས་ཐོག་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་སྒོ་རྒྱ་ལྷོད་ཡངས་ཐེངས་བཞི་པར་དམིགས་ནས་བཀའ་ཤག་བརྒྱུད་མང་ཚོགས་ལ་དོན་ཚན་ ༡༤ ཅན་གྱི་འབོད་སྐུལ་གསོལ་འདེབས་ཞུས་ཡོད་པ་ངོ་སྤྲོད་དང་འབྲེལ། དེའི་ནང་གསལ་གཙོ་བོ་རྒྱ་གར་དབུས་དང་མངའ་སྡེའི་གཞུང་ནས་མང་ཚོགས་འདུ་འཛོམས་དང་འགྲུལ་སྐྱོད་རིགས་ལ་ལྷོད་ཡངས་ཕྲན་བུ་བཏང་ཡང་། གཉན་རིམས་དེའི་ཆེད་སྨན་བཅོས་ཚད་ལྡན་ཞིག་གནང་མ་ཐུབ་པ་དེ་སྲིད་དུ་ཛ་དྲག་ཏུ་འགྲོ་ངེས་ཡིན་སྟབས་བོད་མིའི་ངོས་ནས་ངེས་པར་དུ་ཛ་དྲག་བྱུང་ན་མ་གཏོགས། སྨན་ཁང་དང་མི་འཛོམས་ཆེ་བའི་འདུ་འཛོམས་རིགས་ལ་མ་ཕེབས་རོགས་ཞེས་དང་ལྷག་པར་དུ་བོད་མིའི་གནས་སྡོད་གནང་ཡུལ་ས་གནས་གང་སར་གོ་སྒྲིག་ཞུས་པའི་འགོག་དབྱེ་ཟུར་འཇོག་ཁང་དུ་དགོངས་པ་ཆེ་བཞེས་ཀྱིས་བཞུགས་དགོས་གནད་ཡིན་པར་གཞེན་སྐུལ་གནང་བ་དང་ཆབས་ཅིག བོད་མིའི་སྒྲིག་འཛུགས་ལ་ཉེན་ཁ་བྱུང་ན་བོད་མི་སྤྱི་ལ་དཀའ་ངལ་འཕྲད་ངེས་ཡིན་པར་བརྟེན་དྷ་སའི་ནང་དང་དྷ་སའི་གཡས་གཡོན་དུ་བཞུགས་མཁན་ཚོར་དེའི་ཐད་ཐུགས་འགན་དམིགས་བསལ་བཞེས་དགོས་པའི་འབོད་སྐུལ་ནན་པོ་གནང་སོང་།

གཞི་རྩའི་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་གཞིས་ཆགས་ཁག་ཏུ་གཟའ་ཁོར་འདིའི་ནང་བོད་མི་ ༧༠༠༠ ལྷག་ལ་ནད་རྟགས་ཡོད་མེད་ཀྱི་རྟོག་ཞིབ་གནང་བ་ལྟར་བོད་མི་ ༣༣ ལ་ནད་དེ་ཐོན་ཡོད་པ་དང་། ད་ལྟའི་ཆར་རྒྱ་གར་དང་བལ་ཡུལ་ནང་གི་ས་གནས་འདྲ་མིན་ ༢༥ ནང་བོད་མི་ཁྱོན་ ༦༤༠ འགོག་དབྱེ་ཟུར་འཇོག་འོག་གནས་བཞིན་པ་རེད་འདུག བཙན་བྱོལ་བོད་མི་གནས་སྡོད་བྱ་ཡུལ་རྒྱ་བལ་འབྲུག་གསུམ་ནང་ལ་ད་བར་ནད་གཞི་ཕོག་པ་བོད་མི་ ༢༩༥ བྱུང་བའི་ཁོངས་ནས་ ༡༡ འདས་གྲོངས་གྱུར་བ་དང་། ༡༠༩ དྲག་སྐྱེད་བྱུང་ཡོད་པ། ད་ཆར་ནད་ཀྱིས་མནར་བཞིན་པ་ ༡༧༥ ཆགས་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།