Tibetan Royal Year of 2151 | Year of the Wood Dragon

ཏོག་དབྱིབས་གཉན་རིམས་ཕོག་པའི་བོད་མི་གསུམ་འདས་གྲོངས།

Tibetan News Headlines

  • Tibetan delegation embark on an official visit to Taiwan
  • Sikyong Penpa Tsering begins final leg of his Europe visit to France
  • Chinese undercover agent breaks silence on espionage operations, including information gathering on Tibetans
  • UK Religious Freedom Envoy hears testimonies about threat to freedom of religion and belief from Tibetans and other minorities
  • Tibetan student topper dedicates accomplishment to the Dalai Lama as he reaches 90
  • 29th Gyalyum Chenmo in begins in Hunsur with the host beating Odisha Phuntsokling 2-0

རེས་གཟའ་ཕུར་བུ། ༢༠༢༤།༠༥།༡༦

  • བོད་མིའི་སྐུ་ཚབ་ཁག་གཅིག་ཐེ་ཝན་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པ།
  • སྲིད་སྐྱོང་མཆོག་ཧྥ་རན་སིར་ཉིན་གསུམ་རིང་ཕྱོགས་ཕེབས་གནང་བཞིན་པ།
  • རྒྱ་རིགས་སོ་མྱུལ་བ་ཞིག་གིས་རྒྱ་ནག་གཞུང་གིས་ཨོ་གླིང་གཙོས་རྒྱལ་སྤྱིའི་ཁྲོད་སྤེལ་བཞིན་པའི་བྱ་སྤྱོད་ཐེར་འདོན།
  • དབྱིན་ཡུལ་ནང་དུ་ཆོས་དད་རང་དབང་ཐོག་གྲོས་བསྡུར་ལས་རིམ་ཞིག་འཚོགས་གནང་འདུག
  • རྒྱལ་ཡོངས་ཡིག་རྒྱུགས་ནང་བརྒྱ་ཆ་ ༩༥.༢ སོན་པ་དེ་འདི་ལོར་༸གོང་ས་མཆོག་དགུང་གྲངས་ ༩༠ བདག་གིས་བཞེས་པར་ཕྱག་རྟགས་ཡིན།
  • རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་རྩེད་སྤོ་ལོའི་རྕེད་འགྲན་ཐེངས་ ༢༩  དབུ་འཛུགས།

 

བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གིས་དེ་རིང་ཉིན་རྒྱབ་གསར་འགོད་གསལ་བསྒྲགས་སྤེལ་བར་གཟའ་འཁོར་འདིའི་ནང་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་བོད་མི་དགུ་ལ་ Covid-19 གཉན་རིམས་ཕོག་ཡོད་པ་དང་། དེའི་ཁོངས་ནས་གསུམ་འདས་གྲོངས་སུ་གྱུར་ཡོད་པ་གསུངས་སོང་།

དེའང་གསར་འགོད་གསལ་བསྒྲགས་ཐོག་ཏོག་དབྱིབས་གཉན་རིམས་སྔོན་འགོག་ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་གཟའ་འཁོར་འདིའི་ནང་བོད་མི་ ༩ ལ་གཉན་རིམས་ཕོག་ཡོད་པ་ལྟར་དེའི་ཁོངས་སུ་ལ་དྭགས་ནས་ ༣ དང་མོན་གྷོ་འདོད་རྒུ་གླིང་ནས་ ༣ དེ་བཞིན་སྦེལ་ཀོབ་ནས་ ༢ ཕན་བདེ་གླིང་ནས་ ༡ བཅས་བྱུང་ཡོད་པ་དང་། དེའི་ཁྲོད་སྦེལ་ཀོབ་གཞིས་ཆགས་ནས་སྐྱེས་མ་རང་ལོ་ ༤༠ ཅན་ཞིག་དང་ཟླ་བ་ལྔར་སོན་པའི་ཁོང་གི་ཕྲུ་གུ་བཅས་ཆགས་ཀྱི་འདུག དེ་བཞིན་འདས་གྲོངས་གྱུར་བ་བོད་མི་ ༣ བྱུང་བའི་ཁོངས་ནས་གཉིས་དེ་སྔོན་ལ་དྭགས་བོད་ཁྱིམ་རྒས་གསོ་ཁང་ནས་ཐོན་པའི་སྐྱེས་པ་རང་ལོ་ ༩༥  དང་ ༨༤ ཡིན་པ་དང་། གཞན་གཅིག་ནི་ཨ་རིའི་ Utah ཁུལ་དུ་གནས་བཞུགས་བོད་མི་རང་ལོ་ ༦༧ ཡིན་པ་ཞིག་ཆགས་ཀྱི་འདུག

གཞི་རྩའི་ད་ཆར་འཛམ་གླིང་ཁྲོད་ད་བར་མི་ས་ཡ་ ༢༥ ལྷག་ལ་ནད་གཞི་དེ་ཕོག་པ་དང་རྒྱ་གར་ནང་འབུམ་ ༣༨ ལྷག་ལ་ནད་ཕོག་ཡོད་པའི་ཁོངས་ནས་ ༦༧༠༠༠ ལྷག་འདས་གྲོངས་གྱུར་བ་དང་། དྲག་སྐྱེད་བྱུང་བ་ཕུད་ད་ཆར་དེ་བཞིན་གཉན་རིམས་ཀྱིས་མནར་བཞིན་པ་འབུམ་བརྒྱད་ལྷག་ཆགས་ཀྱི་ཡོད་པ་རེད། བཙན་བྱོལ་བོད་མི་གནས་སྡོད་བྱ་ཡུལ་རྒྱ་བལ་འབྲུག་གསུམ་ལ་མཚོན་ན་ད་བར་ནད་གཞི་ཕོག་པ་བོད་མི་ ༡༤༧ བྱུང་བའི་ཁོངས་ནས་༥ འདས་གྲོངས་གྱུར་བ་དང་། ༨༩ དྲག་སྐྱེད་བྱུང་སྟེ་ད་ལྟའི་ཆར་ནད་ཀྱིས་མནར་བཞིན་པ་ ༥༣ ཆགས་ཀྱི་ཡོད་པ་རེད།

བཙན་བྱོལ་བོད་མིའི་ཁྲོད་ནད་ཕོག་པ་མི་གྲངས་ ༥༣ ཡོད་པའི་ཁོངས་ནས་ལ་དྭགས་བོད་ཁྱིམ་གྱི་རྒས་གསོ་ཁང་གཅིག་པོར་མི་ ༣༠ ལྷག་ཙམ་ཆགས་ཡོད་སྟབས། དེ་རིང་གི་གསར་འགོད་ལྷན་ཚོགས་ཐོག་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་རྣམ་གྲོལ་ལགས་ཀྱིས་བོད་མི་རྒན་གྲས་རྣམས་ལ་ནད་དེ་ཕོག་སླ་བར་བརྟེན་འབྲེལ་ཡོད་ནས་རྒས་གསོ་ཁང་དང་དགོན་སྡེ་ཁག་སོགས་ནས་དམིགས་བསལ་ཡིད་གཟབ་གནང་སྟེ་རྒྱ་གར་དབུས་གཞུང་གི་ལམ་སྟོན་ལ་བརྩི་སྲུང་ཞུ་དགོས་གལ་ཡིན་པར་གསུངས་པ་དང་ཆབས་ཅིག ཕྱི་ཕྱོགས་སུ་འགྲོ་འོང་རིགས་རྩ་བ་ནས་གནང་བཅུག་རྒྱུ་མེད་པའི་འབོད་སྐུལ་གནང་སོང་།

ཕྱོགས་མཚུངས་སུ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་ངག་དབང་བསྟན་འཛིན་ལགས་ཀྱིས་རྒྱ་གར་ནང་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པའི་ཁྲོད་འདིར་བོད་མི་ཚོས་ཀྱང་ཁ་རས་གྱོན་རྒྱུ་དང་ཕན་ཚུན་དབར་རྒྱང་ཐག་བཞག་དགོས་པ། འགོག་དབྱེ་ཟུར་འཇོག་ཁང་དུ་ཚུལ་མཐུན་ཐོག་ནས་བཞུགས་དགོས་པ། དེ་བཞིན་ Contact Tracing ཞེས་ནད་གཞི་ཕོག་མཁན་ཚོས་རང་ཉིད་དང་གྲོགས་འདྲིས་བྱུང་མཁན་གང་ཟག་སུ་དང་སུ་ཡིན་དྲང་པོ་གསུང་རོགས་ཞེས་རེ་སྐུལ་ཁག་གསུམ་ཞུས་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།