Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་ནས་ཆ་རྐྱེན་གང་ཡང་མེད་པར་༸གོང་ས་མཆོག་དང་ལྷན་དུ་གྲོས་མོལ་ཞུ་དགོས།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

ཁ་སང་ཕྱི་ཚེས་ ༢ ཉིན་ཨ་རིའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Mike Pompeo མཆོག་གིས་ཉེ་ལམ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་བོད་ནང་ཁ་བྲལ་ལ་གདོང་ལེན་སྤེལ་ཤུགས་ཆེ་རུ་གཏོང་དགོས་ཞེས་པའི་བརྗོད་བབ་ལ་ཐུགས་འཚབ་ཆེན་པོས་རྒྱ་གཞུང་གི་ངོས་ནས་ཆ་རྐྱེན་གང་ཡང་མེད་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གམ་མགོན་པོ་༸གང་ཉིད་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་ཞུ་དགོས་པར་གསུངས་འདུག

ཉེ་ལམ་སྲིད་འཛིན་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཚོགས་པའི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ ༧ ཐོག་བོད་བརྒྱུད་ནང་བསྟན་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པ་ཞིག་བཟོ་དགོས་གལ་དང་། བོད་ནང་ཁ་བྲལ་རིང་ལུགས་ལ་གདོང་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་སོགས་ཀྱི་གཏམ་བཤད་བྱས་པ་ལྟར་སྐུ་ཞབས་ Pompeo མཆོག་གིས་ཁ་སང་རྒྱལ་ས་ཝ་ཤིན་ཊོན་ཌི་སིར་ཚོགས་པའི་གསར་འགོད་ལྷན་ཚོགས་ཐོག་ཞི་ཅིན་ཕིང་གི་གཏམ་བཤད་དང་འབྲེལ་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཐད་ཐུགས་འཚབ་ཆེན་པོ་གནང་བཞིན་ཡོད་སྐོར་གསུངས་ཏེ་རྒྱ་ནག་གཞུང་ནས་ཆ་རྐྱེན་གང་ཡང་མེད་པར༸གོང་ས་མཆོག་གམ་མགོན་པོ་༸གང་ཉིད་མཆོག་གི་སྐུ་ཚབ་དང་ལྷན་དུ་ཞི་བའི་གྲོས་མོལ་ཞུས་ནས་ཕྱོགས་གཉིས་ཀྱི་དཀའ་ངལ་སེལ་དགོས་སྐོར་གསུངས་པ་མ་ཟད། རྒྱ་ནག་ནི་རྒྱལ་ཚོགས་ཀྱི་རྒྱ་མཚོའི་ཁྲིམས་སྒྲིག་ལ་བརྩི་མེད་རྡོག་རོལ་ཆེས་ཆེར་གཏོང་བཞིན་པའི་རྒྱལ་ཁབ་ཅིག་ཡིན་པར་འགྲེལ་བརྗོད་དང་འབྲེལ། ད་ཆར་རྒྱལ་སྤྱིའི་གཞུང་མང་དག་གིས་གནད་དོན་དེའི་ཐད་ནས་སྐྱོན་བརྗོད་ཤུགས་ཆེ་གནང་བཞིན་ཡོད་པར་གསུངས་འདུག

ཁོང་གིས་ད་དུང་རྒྱ་ནག་གིས་ཁྱིམ་མཚེས་རྒྱལ་ཁབ་དག་ལ་ཐུབ་ཚོད་དང་དབང་སྒྱུར་བྱེད་བཞིན་ཡོད་སྐོར་གསུངས་པ་དང་ཆབས་ཅིག ལྷོ་རྒྱ་ནག་རྒྱ་མཚོ་ཁུལ་དུ་རྒྱ་ནག་གི་བྱེད་ཐབས་ལས་གསལ་པོ་རྟོགས་ཐུབ་རྒྱུ་ཡོད་སྐོར་གསུངས་ཏེ་བདུན་ཕྲག་སྔོན་མར་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་གནད་དོན་དང་འབྲེལ་ཏེ་ས་ཁུལ་དེར་རྒྱ་ནག་གི་དམག་དང་འཛུགས་སྐྲུན་གྱི་ལས་དོན་གཉེར་མཁན་གང་ཟག་དང་དེ་དག་གི་ནང་མི་ཚོ་ལའང་ཨ་རིར་ཡོང་རྒྱུའི་མཐོང་མཆན་ལ་དམ་དྲག་གནང་རྒྱུ་ཐག་གཅོད་གནང་ཡོད་པའང་གསུངས་འདུག

སྐུ་ཞབས་ Pompeo མཆོག་གིས་ཁ་སང་གསར་འགོད་ལྷན་ཚོགས་ཐོག་ཨ་རི་གཞུང་གིས་རྒྱ་ནག་ཐོག་ཐག་གཅོད་གསར་པ་ཞིག་གནང་བ་ཡོངས་གྲགས་དང་འབྲེལ། སླད་མར་རྒྱ་ནག་གི་ཕྱི་འབྲེལ་དཔོན་རིགས་རྒན་གྲས་རྣམས་ཀྱིས་དེ་གའི་གཞུང་ཚབ་ཀྱི་ཕྱི་ཕྱོགས་ས་ཚིགས་སུ་མི་ ༥༠ ལས་མ་བརྒལ་བའི་རིག་གཞུང་གི་འདུ་འཛོམས་རིགས་དང་དེ་བཞིན་ཨ་རིའི་གཙུག་ལག་སློབ་གཉེར་ཁང་སོགས་ལ་མ་འགྲོ་བའི་གོང་དུ་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་དམིགས་བསལ་བཀའ་འཁྲོལ་ཞུ་དགོས་པ་གསུངས་འདུག

ཨ་རི་གཞུང་གིས་ཐག་གཅོད་འདི་ལྟར་གནང་དགོས་དོན་ནི་རྒྱ་གཞུང་གིས་ཨ་རིའི་ཕྱི་འབྲེལ་མི་སྣ་རྣམས་རྒྱ་ནག་ཏུ་སྐྱོད་སྐབས་དམ་དྲག་ཤུགས་ཆེ་བྱེད་བཞིན་པར་ལན་འདེབས་ཚུལ་དུ་གནང་བ་དང་ཨ་རི་གཞུང་ནས་རིང་མིན་ཡུལ་དེའི་ནང་གི་རྒྱ་ནག་གི་གཞུང་ཚབ་ཁང་དང་གཞུང་ཚབ་ཡན་ལག་ལས་ཁུངས་སོ་སོའི་སྤྱི་ཚོགས་དྲྭ་གནས་ཡོངས་རྫོགས་ལ་དཔྱད་ཞིབ་གནང་རྒྱུ་ཡིན་སྐོར་གསུངས་འདུག

སྐུ་ཞབས་ Pompeo མཆོག་གིས་ད་དུང་འཕགས་བོད་གཉིས་ཀྱི་ས་མཚམས་ཀྱི་གནད་དོན་དང་འབྲེལ་ནས་རྒྱ་དཀར་ནག་གཉིས་ཀྱི་དབར་གདོང་ཐུག་གི་གནད་ཛ་དྲག་ཏུ་འགྲོ་བཞིན་པའི་གནས་སྟངས་ལུང་འདྲེན་དང་སྦྲགས། ཨ་རི་གཞུང་གི་ངོས་ནས་ཨེ་ཤ་ཡའི་རྒྱལ་ཁབ་གཉིས་དབར་ཞི་བདེ་ལྷིང་འཇགས་གི་ཐོག་ནས་ས་མཚམས་ཀྱི་གནད་དོན་འགྲིག་འཇགས་ཡོང་རེ་ཡོད་པར་གསུངས་འདུག

གཞན་ཡང་སྔར་ལོའི་ལོ་འཁོར་མོར་རྒྱ་ནག་གཞུང་གིས་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱས་པའི་གྲངས་ཚད་དེ་ནུབ་ཕྱོགས་པའི་རྒྱལ་ཁབ་ཡོངས་ཀྱིས་ཚོད་ལྟ་བྱས་པའི་གྲངས་ཚད་ལས་མང་བ་ཡོད་པར་ཐེར་འདོན་གནང་སྟེ་རྒྱ་གཞུང་གིས་ངེས་པར་དུ་རྒྱལ་ཁབ་ཕན་ཚུན་དབར་རྡུལ་ཕྲན་སྤྱོད་ཕྱོགས་ཀྱི་གྲོས་མཐུན་ལ་འགན་འཁུར་ཞུ་དགོས་ཞེས་བརྡ་ལན་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།