Tibetan Royal Year of 2151 | Year of the Wood Dragon

རྒྱ་གར་གཞུང་གིས་སླར་རྒྱ་ནག་གི་ PUBG གཙོས་པའི་མཉེན་ཆས་ ༡༡༨ བཀག་སྡོམ།

Tibetan News Headlines

  • Dalai Lama honored with PV Narasimha Rao Memorial Award
  • Xi Jinping appoints senior diplomat Xu Feihong as China’s new envoy to India
  • US revokes licences for supply of chips to China’s Huawei
  • China’s Xi Arrives in Serbia to Bolster Ties With Europe’s East
  • Kyirong Jowo welcomed into the Main Temple in Dharamshala for public viewing and worship

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༨

  • ༸གོང་ས་མཆོག་ལ་ Narasimha Rao རྗེས་དྲན་གྱི་ཞེ་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པ།
  • Xu Feihong རྒྱ་གར་བཅའ་སྡོད་རྒྱ་ནག་གཞུང་ཚབ་པ་གསར་པར་བསྐོ་གཞག
  • ཨ་རིས་རྒྱ་ནག་ཧྭའོ་ཝེ་བཟོ་ལས་ཁང་ལ་ཁ་པར་བཟོ་སྐྲུན་སོགས་ཀྱི་ནང་བཀོལ་སྤྱོད་བྱེད་པའི་ Chip མཁོ་སྤྲོད་ཀྱི་ཆོག་མཆན་ཕྱིར་
  • ཞི་ཅིན་ཕིང་གི་ཡོ་རོབ་སྐོར་བསྐྱོད་ཁྲོད་རྒྱ་ནག་དང་མཐུན་ཕྱོགས་རྒྱལ་ཁབ་ Serbia ནང་དུ་འབྱོར་བ།
  • སྐྱིད་གྲོང་ཇོ་བོ་ཝ་ཏི་བཟང་པོའི་རྟེན་ངོ་སྤྲོད།

རྒྱ་དཀར་ནག་གཉིས་དབར་ས་མཚམས་ཀྱི་རྩོད་རྙོག་དང་འབྲེལ་བའི་ངལ་བ་ཇེ་ཆེར་འཕྲད་མུས་ཀྱི་དུས་སྐབས་འདིར་རྒྱ་གར་དབུས་གཞུང་གིས་ཉེ་ཆར་རྒྱལ་ཁབ་ཀྱི་ས་ཁོངས་བདག་དབང་དང་བདེ་འཇགས་གཞི་རྩར་འཛིན་ཐོག་རྒྱ་གར་ནང་བཀོལ་སྤྱོད་བྱེད་བཞིན་པའི་རྒྱ་ནག་གི་མཉེན་ཆས་ Wechat དང་ Tiktok གཙོས་པའི་མཉེན་ཆས་ ༥༩ བཀག་སྡོམ་བྱས་ཡོད་པ་ལྟར། ཁ་སང་སླར་རྒྱ་ནག་གི་ PUBG ཞེས་པའི་གློག་བརྙན་རྩེད་འགྲན་མཉེན་ཆས་གཙོ་གྱུར་མཉེན་ཆས་ ༡༡༨ བཀག་སྡོམ་གནང་རྒྱུའི་གསལ་བསྒྲགས་སྤེལ་འདུག

དེ་རིང་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་ཁ་སང་རྒྱ་གར་གཞུང་གི་འཕྲུལ་ལས་རིག་པའི་ལྷན་ཁང་གིས་ PUBG གཙོ་བོར་གྱུར་པའི་རྒྱ་ནག་གི་གློག་རྡུལ་རྩེ་འགྲན་དང་དྲ་ཐོག་དངུལ་སྤྲོད་ལེན། དེ་བཞིན་འབྲེལ་གཏུག་དང་པར་འདྲ་མིན་རྒྱག་རྒྱུ་ཡོད་པ་བཅས་ཀྱི་མཉེན་ཆས་ ༡༡༨ བཀག་སྡོམ་གནང་རྒྱུར་གསལ་བསྒྲགས་སྤེལ་བ་དང་འབྲེལ། ད་རེས་བཀག་སྡོམ་བྱས་པའི་མཉེན་ཆས་དེ་དག་གིས་མང་ཚོགས་ཀྱི་གསང་གནས་འཚོལ་བཤེར་གྱིས་རྒྱ་གར་ཕྱི་ཕྱོགས་ལ་འོར་འདྲེན་བྱེད་བཞིན་པའི་གནད་དོན་མང་དག་ཅིག་ཞུ་མཁན་བྱུང་ཡོད་པ་དང་། དེ་དག་གི་བརྒྱུད་ནས་གནས་ཚུལ་དུ་མ་གསང་ཉུལ་བྱས་ཡོད་པའི་གནད་དོན་དང་ལྷག་དོན་རྒྱ་གར་རྒྱལ་སྲུང་ལ་གནོད་གཞི་ཆགས་ཀྱི་ཡོད་པ་མ་ཟད། སྒོས་རྒྱ་གར་རྒྱལ་ཁབ་ཀྱི་ངོ་བོ་དང་རང་དབང་གི་གནས་བབ་བཅས་པར་གནོད་གཞི་བཟོ་བཞིན་ཡོད་པར་བརྟེན་འཕྲལ་མར་བཀག་སྡོམ་གནང་བའི་གནད་དོན་ཞིག་ཆགས་ཡོད་པར་གསུངས་འདུག

རྒྱ་གར་ནང་སྲིད་ལས་ཁུངས་ཀྱི་དྲ་ཐོག་ཉེས་དོན་སྡེ་ཚན་གིས་ཀྱང་ཆེས་ཉེན་འགག་དང་གནོད་འཚེ་ཅན་གྱི་མཉེན་ཆས་དེ་དག་འཕྲལ་མར་བཀག་སྡོམ་གནང་དགོས་པའི་ལམ་སྟོན་ཕེབས་པ་མ་ཟད་རྒྱ་གར་གྲོས་ཚོགས་སུའང་ཆབ་སྲིད་ཚོགས་པ་ཁྱད་མེད་ཀྱི་གྲོས་འཐུས་རྣམ་པས་དེ་ལྟར་དགོངས་འཆར་གནང་ཡོད་པ་རེད།

ད་རེས་རྒྱ་གར་གཞུང་གིས་མཉེན་ཆས་ ༡༡༨ བཀག་སྡོམ་གནང་བའི་ནང་གཙོ་བོ་གཅིག་ནི་ PUBG ཞེས་པའི་དམག་འཐབ་རྩེ་འགྲན་གྱི་མཉེན་ཆས་དེ་ཆགས་ཀྱི་ཡོད་པ་དང་། སྤྱིར་འཛམ་གླིང་ཁྱོན་དུ་དེ་སྤྱོད་མཁན་མི་ས་ཡ་ ༧༣༤ ཙམ་ཡོད་པ་དང་རྒྱ་གར་གཅིག་པོར་མི་ས་ཡ་ ༥༠ ཡོད་པ་མ་ཟད་དེའི་ཁོངས་ནས་མི་ས་ཡ་ ༡༣ ཙམ་ཞིག་གིས་ཉིན་ལྟར་མཉེན་ཆས་དེ་སྤྱོད་བཞིན་ཡོད་པ་རེད་འདུག

རྩ་བའི་དེ་སྔོན་རྒྱ་གར་གཞུང་ནས་རྒྱ་ནག་གི་མཉེན་ཆས་ ༥༩ བཀག་སྡོམ་གནང་བའི་ཁོངས་སུ་ WeChat མཉེན་ཆས་དེ་ཡོད་སྟབས་བོད་གཞིས་བྱེས་གཉིས་ཀྱི་འབྲེལ་ལམ་གཙོས་བོད་མི་སྒེར་གྱི་འཚོ་བར་ངལ་བ་ཕྲན་བུ་འཕྲད་པའི་གནད་དོན་བྱུང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།