Tibetan Royal Year of 2151 | Year of the Wood Dragon

ཐེ་ཝན་དུ་ནང་བསྟན་དར་སྤེལ་བགྲོ་གླེང་ཐེངས་དགུ་པ་དབུ་འཛུགས་གནང་བ།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

ཁ་སང་ཕྱི་ཚེས་ ༡༣ ཉིན་ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་གོ་སྒྲིག་འོག་དྲྭ་ཐོག་བརྒྱུད་ནང་བསྟན་དར་སྤེལ་བགྲོ་གླེང་ཐེངས་དགུ་པ་ཚོགས་ཡོད་པ་རེད། དེའང་ཁ་སང་ཕྱི་ཟླ་ ༨ ཚེས་ ༡༣ ཉིན་གྱི་སྔ་དྲོ་ཚོུད་ ༨༌༣༠ ནས་དབུ་འཛུགས་ཀྱིས་ཕྱི་དྲོ་ཚོུད་ ༥༌༣༠ བར་ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ནང་བསྟན་དར་སྤེལ་བགྲོ་གླེང་སྐབས་དགུ་པ་དངོས་སུ་ཚོགས་ཡོད་པ་དང་། བགྲོ་གླེང་ཐོག་དེང་སྐབས་དམིགས་བསལ་ཐེ་ཝན་དུ་མཛད་འཕྲིན་སྐྱོང་བཞིན་པའི་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་རྣམ་པ་ཁག་ཅིག ༸སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག ༸ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག ༸སྐྱབས་རྗེ་གྱང་ཁང་མཁན་སྤྲུལ་རིན་པོ་ཆེ་མཆོག ༸སྐྱབས་རྗེ་ཆོས་ཀྱི་སྣང་བ་རིན་པོ་ཆེ་མཆོག ཐེ་ཝན་ནང་བསྟན་ཚོགས་པའི་ཚོགས་གཙོ་ཅིང་གཡའོ་ལགས་སོགས་ཀྱིས་གཙོས་པའི་སྐུ་མགྲོན་རྣམ་པ་དང་། དེ་བཞིན་ཐེ་ཝན་གནས་བཞུགས་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་རིས་མེད་ཀྱི་མཁན་སྤྲུལ་དགེ་བཤེས་དགེ་འདུན་པ་བརྒྱ་ཕྲག་ལྷག་ཕེབས་འདུགསྐབས་དེར་མཛད་རིམ་གཙོ་སྐྱོང་བ་ལྷ་རམས་པ་ཧ་ཤེན་རིན་པོ་ཆེ་མཆོག་གིས་མཛད་རིམ་ཁག་རགས་བསྡུས་སུ་ངོ་སྤྲོད་དང་སྦྲགས། ང་ཚོས་བོད་བརྒྱུད་ནང་བསྟན་འདི་ཉིད་ཀྱི་འཛིན་སྐྱོང་སྤེལ་གསུམ་ཇི་ལྟར་གནང་དགོས་པའི་ཐོག་འགན་གཙོ་བཞེས་གནང་དགོས་གལ་ཡིན་པར་གསུངས་འདུག དེ་བཞིན་ཁོང་གིས་ད་ལན་བགྲོ་གླེང་འདིའི་ཐོག་ལ་ཕེབས་པའི་གསུང་བཤད་པ་དང་མཉམ་ཞུགས་པ་ཚོས་འཐུས་གང་ནས་ཤོར་ཡོད་པའི་གནད་དོན་ཐད་ལ་གུ་ཡངས་ཆེན་པོས་བགྲོ་གླེང་ལྷུག་པོ་གནང་སྐྱོང་ཡོང་བའི་གཞེན་སྐུལ་གནང་ཡོད་པ་རེད།གཞན་ཡང་ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་མཁན་པོ་འཇིགས་མེད་རྣམ་རྒྱལ་མཆོག་གིས་ཐེངས་འདིའི་ནང་བསྟན་དར་སྤེལ་བགྲོ་གླེང་གི་དགོས་དམིགས་གཙོ་བོ་ནི་གཞུང་ལུགས་དག་ལ་རིགས་པས་ཡང་དག་དཔྱད་རྒྱུ་དང་བགྲོ་གླེང་གནང་སྐབས་རང་གི་ཚོར་བའི་དབང་དུ་མ་འགྲོ་བ། དེ་བཞིན་བགྲོ་གླེང་གནང་རྗེས་གྲུབ་དོན་ངེས་རྙེད་ཐུབ་རྒྱུ་སོགས་ལ་ཆེད་དམིགས་གནང་བ་ཡིན་ཞེས་གསུངས་འདུགདེ་བཞིན་བགྲོ་གླེང་ཐོག་གསུང་བཤད་གནང་མཁན་ཁོངས་སུ་ཡོད་པ་༸སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་དེང་སྐབས་ཕྱིའི་རྒྱལ་ཁབ་ཁག་ཏུ་བོད་བརྒྱུད་ནང་བསྟན་དང་འབྲེལ་བའི་གསུང་བཤད་གནང་བར་ཕེབས་མཁན་དགེ་འདུན་པ་ཚོ་ནི་༸གོང་ས་མཆོག་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་བྱུང་བ་ཞིག་ཡིན་སྟབས། ཕྱིའི་རྒྱལ་ཁབ་གང་དུ་ཕེབས་ཀྱང་བོད་བརྒྱུད་ནང་བསྟན་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཆགས་ཀྱི་ཡོད་སྟབས་ཡིད་ཟགབ་གནང་གནད་ཡིན་པར་ལམ་སྟོན་གནང་འདུགད་དུང་ཀིརྟི་རིན་པོ་ཆེ་མཆོག་གིས་ནང་པ་སངས་རྒྱས་པའི་ཆོས་པ་ཟེར་སྐབས་གཞན་དང་མི་འདྲ་བའི་དོན་དམ་གྱི་ཉམས་བཞེས་གནང་མཁན་ཞིག་གནང་གནད་ཡིན་པ་དང་། ལྷག་དོན་ཆོས་པ་ཡང་དག་ཅིག་གནང་ཚེ་དཔལ་འབྱོར་དེ་ཞོར་དུ་ཡོང་ངེས་ཡིན་པར་གསུངས་ཡོད།ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ནང་བསྟན་དར་སྤེལ་བགྲོ་གླེང་སྐབས་དགུ་པའི་ཉིན་འཁྱོངས་རིང་གི་བགྲོ་གླེང་སྐབས་བོད་བརྒྱུད་ནང་བསྟན་འདི་ཉིད་ཀྱི་འཛིན་སྐྱོང་སྤེལ་གསུམ་བྱེད་སྟངས། ཐེ་ཝན་གནས་བཞུགས་བོད་མི་དག་གི་ཆོས་དང་རིག་གཞུང་གོང་འཕེལ་གཏོང་ཐབས། ས་གནས་ཀྱི་གནས་བབ་དངོས་ལ་གཞིགས་པའི་བོད་བརྒྱུད་དགེ་འདུན་པའི་སྤྱོད་ལམ་དང་མཛད་འགན་སོགས་དང་འབྲེལ་བགྲོ་གླེང་གནང་འདུག་པར་མ་ཟད། ལོ་རྒྱུས་དང་འབྲེལ་བའི་ཐོག་ནས་བོད་བརྒྱུད་ནང་བསྟན་གྱི་མཐུན་ལམ་གལ་གནད་སྐོར། ཐེ་སྡོད་བོད་མིའི་ཆོས་དང་རིག་གཞུང་གོང་འཕེལ་གཏོང་ཐབས་དང་དགེ་འདུན་པ་ཚོའི་མཐོང་མཆན་སྐོར། དགེ་འདུན་པ་ཚོས་དེར་རབས་དང་མཐུན་པའི་ནང་ཆོས་ངོ་སྤྲོད་གནང་ཕྱོགས། བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་ཚོས་སྤྱི་ཚོགས་ལ་ཕན་བདེ་སྐྲུན་ཐབས། ཐེ་ཝན་ནང་བཞུགས་དགེ་འདུན་པ་ཚོའི་རྒྱ་ཡིག་ཆུ་ཚད་གོང་འཕེལ་གཏོང་ཐབས་སྐོར། སྤྱི་ཚོགས་ཐོག་བོད་བརྒྱུད་ནང་བསྟན་ལ་ལྟ་སྟངས་ཡང་དག་པ་བསྐྲུན་ཐབས། དེ་བཞིན་འཛམ་གླིང་སྤྱི་དང་བྱེ་བྲག་ལ་འཕྲད་བཞིན་པའི་དཀའ་ངལ་རིགས་དང་ཁྱད་པར་ཏོག་དབྱིབས་གཉན་རིམས་ཀྱི་གནོད་འཚེ་ལས་མྱུར་དུ་ཐར་ཆེད་གསོལ་འདེབས་སྨོན་ལམ་སོགས་གནང་ཡོད་པ་རེད།གཞི་རྩའི་ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་དེ་ནི་ཕྱི་ལོ་ ༢༠༠༩ ཟླ་ ༩ ཚེས་ ༢༠ ཉིན་སྤྲུལ་སྐུ་ཐུབ་བསྟན་ནོར་བུ་རིན་པོ་ཆེ་མཆོག་དང་ཀ་ཐོག་རིག་འཛིན་ཆེན་པོ་མཆོག་རྣམ་གཉིས་ཀྱིས་གཙོས་པའི་དགེ་འདུན་པ་ཁག་ཅིག་གིས་དབུ་ཁྲིད་ནས་གསར་འཛུགས་གནང་བ་དང་། དེའང་དབུ་འབྱེད་ཀྱི་མཛད་སྒོར་གོང་མ་བདག་ཆེན་འཇིགས་བྲལ་རིན་པོ་ཆེ་མཆོག་དབུ་བཞུགས་མཛད་ཡོད་པ་རེད། ཚོགས་པའི་དམིགས་ཡུལ་ནི་རིས་མེད་རྒྱལ་བསྟན་སྤྱི་དང་སྒོས་ཐེ་ཝན་སྤྱི་ཚོགས་ནང་བོད་བརྒྱུད་ནང་བསྟན་འཛིན་སྐྱོང་སྤེལ་གསུམ་གནང་རྒྱུའི་སྐུལ་འདེད་དང་ནུས་པ་འདོན་རྒྱུ། དེ་བཞིན་ས་གནས་ཀྱི་ནང་པའི་ཆོས་བརྒྱུད་གཞན་དང་ཐེ་ཝན་མི་མང་དབར་མཉམ་འབྲེལ་དང་མཐུན་ལམ་གོང་སྤེལ་གནང་རྒྱུ། བོད་བརྒྱུད་ནང་བསྟོན་ཐོག་མ་རྟོག་ལོག་རྟོག་གི་གོ་རྟོགས་ཞན་རིགས་སེལ་རྒྱུ་མ་ཟད། བོད་བརྒྱུད་ནང་བསྟན་འདི་སྤྱི་ཚོགས་ཁྲོད་ཁ་ཡོད་ལག་ཡོད་ཀྱི་དོན་ཕན་ལྡན་པ་ཞི་བསྐྲུན་རྒྱུ་སོགས་ཀྱི་ཆེད་གསར་སྐྲུན་གནང་ཡོད་པ་རེད། འབྲེལ་ཡོད་པར་ཁག 國際藏傳佛教研究會

འབྲེལ་ཡོད་གསར་གནས།

གསར་གནས།