Tibetan Royal Year of 2151 | Year of the Wood Dragon

ཐེ་ཝན་ནང་གསུམ་བཅུའི་དུས་དྲན་དང་འབྲེལ་བའི་གོམ་བགྲོད།

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

ཐེ་ཝན་ནང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༢ པ་སྔ་སྣུར་གྱིས་སྲུང་བརྩི་དང་འབྲེལ་ཁྲག་དང་མིག་ཆུའི་ལོ་ངོ་ ༧༠ དང་བོད་མིས་རང་དབང་སྒེར་ལངས་གནང་སྟེ་ལོ་ངོ་ ༦༢ འཁོར་བའི་དུས་དྲན་ཞེས་པའི་བརྗོད་གཞིའི་འོག་གོམ་བགྲོད་གནང་འདུགཐེ་ཝན་ནང་རྟེན་གཞི་བྱས་པའི་བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གིས་ལོ་ལྟར་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཉིན་རྒྱལ་ས་ Taipei རུ་གསར་འགོད་ལྷན་ཚོགས་དང་ཁྲོམ་སྐོར་སོགས་ཀྱི་ལས་འགུལ་སྣ་མང་སྤེལ་སྲོལ་ཡོད་པ་ལྟར་ཁ་སང་ཚེས་ ༧ ཉིན་བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གིས་གཙོ་འགན་བཞེས་ཐོག་ཐེ་ཝན་བོད་རིགས་ཚོགས་པ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་དང་ཟུང་འབྲེལ་གྱིས་ཆིངས་ཡིག་བཞག་སྟེ་ཁྲག་དང་མིག་ཆུའི་ལོ་ངོ་ ༧༠ དང་བོད་མིས་རང་དབང་སྒེར་ལངས་གནང་ནས་ལོ་ངོ་ ༦༢ འཁོར་བའི་དུས་དྲན་ཞེས་པའི་བརྗོད་གཞིའི་འོག་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་འདུག་པ་དང་། ལས་འགུལ་དེ་ཉིན་རྒྱབ་ཚོུད་ ༡ ནས་དབུ་འཛུགས་ཀྱིས་ཚོུད་ ༥ པ་ཙམ་ལ་མཇུག་སྒྲིལ་གནང་འདུགལས་འགུལ་བ་རྣམས་ཀྱིས་རྒྱལ་ས་ Taipei ནས་གོམ་བགྲོད་གནང་སྟེ་ལམ་བར་ད་བར་རྒྱའི་བཙན་གནོན་འོག་ཚེ་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ཀྱི་སླད་དུ་སྐུ་ཕྱག་ཕུལ་བ་དང་དེ་བཞིན་ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་ནག་གི་དངུལ་ཁང་མདུན་དུ་ལོ་ངོ་ ༧༠ རིང་བཙན་ཤེད་འོག་བཞག་འཇུག་པའི་དོན་ཚན་ ༡༧ ཟེར་བའི་ཆིངས་ཡིག་དང་འབྲེལ་བའི་ཁྲོམ་གཞུང་འཁྲབ་སྟོན་ཞིག་གནང་བར་མ་ཟད། མཛད་སྒོའི་སྐུ་མགྲོན་གཙོ་བོར་༸སྐྱབས་རྗེ་ཀརྟི་རིན་པོ་ཆེ་མཆོག་གིས་དབུས་པའི་ཐེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ། ཐེ་པེ་ས་གནས་ཀྱི་གྲོས་ཚོགས་འཐུས་མི། དེ་མིན་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམས་ནས་གསུམ་བཅུའི་དུས་དྲན་དང་འབྲེལ་བའི་གསུང་བཤད་ཀྱང་གནང་འདུགསྐབས་དེར་༸སྐྱབས་རྗེ་ཀརྟི་རིན་པོ་ཆེ་མཆོག་གིས་རྒྱ་གཞུང་གིས་ད་བར་བོད་མིའི་ཐོག་དྲག་གནོན་ཇི་ཙམ་བྱས་ཡོད་ཀྱང་བོད་མིའི་བདེན་དོན་འཐབ་རྩོད་དེ་མུ་མཐུད་གནས་རྒྱུ་ཡིན་པར་མ་ཟད། དེའང་ཞི་བའི་ངང་གནས་རྒྱུ་ཡིན་པས་བོད་མི་སྤྱི་དང་ལྷག་དོན་གཞོན་སྐྱེས་རྣམས་ནས་རང་ཉིད་ཀྱི་འཐབ་རྩོད་ཐོག་བློ་སྤོབས་མ་ཞུམ་པར་མུ་མཐུད་རེ་བ་གནང་དགོས་གལ་ཡིན་པར་ལམ་སྟོན་སྩལ་བ་དང་ཆབས་ཅིག ཐེ་ཝན་གཞུང་མང་གཉིས་གཙོས་གཞུང་འབྲེལ་མིན་པའི་ཚོགས་ཁག་གི་ངོས་ནས་ད་བར་བོད་མིར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་གསུངས་པ་དང་སླར་མར་དེ་ལྟར་གནང་སྐྱོང་ཡོང་བའི་འབོད་སྐུལ་གནང་ཡོད།ཐེ་ཝན་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཚོགས་འཐུས་མི་གཉིས་ཀྱིས་ཐེ་ཝན་གཞུང་མང་གཉིས་ནས་བོད་མིར་རྒྱབ་སྐྱོར་གནང་རྒྱུ་དེ་ཐེ་ཝན་རང་ཉིད་ལ་གལ་འགངས་ཆེན་པོ་ཆགས་ཀྱི་ཡོད་སྐོར་དང་རང་ཉིད་ཀྱི་རྒྱལ་ཁབ་ལ་དགའ་ཞེན་ཡོད་ན་བོད་ཀྱི་གནད་དོན་ཐད་དམིགས་བསལ་ཐུགས་སྣང་དགོས་པའི་གཞེན་སྐུལ་གནང་འདུགབོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་དང་འབྲེལ་ཨ་རིའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim Mcgovern ལགས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་བརྙན་ཐུང་ཞིག་འདོན་སྤེལ་གནང་འདུག དེའང་ཁ་སང་སྐུ་ཞབས་ Jim Mcgovern ལགས་ཀྱིས་དྲྭ་ཐོག་བརྒྱུད་ལོ་ངོ་ ༦༢ སྔོན་གྱི་ཉིན་མོ་དེར་ཚེ་སྲོག་ཤོར་བའི་བོད་མི་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཞུས་ནས་རྗེས་དྲན་ཞུས་པ་དང་སྦྲགས། བོད་མི་ཚོས་རྒྱ་ནག་གཞུང་གི་དྲག་གནོན་ལ་སྒེར་ལངས་གནང་སྟེ་ད་ཆ་ལོ་ངོ་ ༦༢ འཁོར་གྱི་ཡོད་ཀྱང་བོད་ནང་ཡོད་པའི་གཞིས་བཞུགས་བོད་མི་རྣམས་ལ་ད་དུང་རང་གི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་སྲུང་སྐྱོབ་གནང་རྒྱུ་སོགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་ལོངས་སུ་སྤྱོད་རྒྱུའི་ཐོབ་ཐང་མེད་པའི་གནས་སྟངས་སྔར་ལས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་ཡོད་སྐོར་ཆེས་མངོན་གསལ་གནང་བ་དང་ཆབས་ཅིག ༸ཀུནགཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གིས་བཙན་ཁྲིད་འོག་གར་སོང་ཆ་མེད་དུ་གྱུར་ནས་ད་ཆ་མི་ལོ་ ༢༥ ཕྱིན་པ་དང་ལྷག་དོན་རྒྱ་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ལ་ཐེ་བྱུས་ཀྱིས་བོད་མིའི་ཆོས་དད་རང་དབང་དང་ཡུལ་སྲོལ་གོམ་གཤིས་བཅས་ལ་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པ་ཁག་ལ་སྐྱོན་བརྗོད་གནང་འདུགདེ་བཞིན་ཁོང་གིས་ཉེ་ཆར་ཨ་རི་གཞུང་གིས་གཏན་འབེབས་གནང་བའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེ་ད་ལྟའི་ Biden སྲིད་གཞུང་གིས་ལག་བསྟར་ཐུབ་སླད་ང་ཚོས་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞེས་གསུངས་འདུག་པ་དང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བརྒྱུད་ནས་བོད་ནང་གི་ཁོར་ཡུག་དང་ཆུའི་འབྱུང་ཁུངས་སོགས་སྲུང་སྐྱོབ་བྱ་རྒྱུའི་ཡིད་ཆེས་ཡོད་སྐོར་གསུངས་པར་མ་ཟད། ལྷག་དོན་བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ལས་ཁང་ཞིག་གསར་རྒྱག་མ་གནང་བར་དུ་ཨ་རིའི་ནང་རྒྱ་ནག་གཞུང་ཚབ་ཁང་གསར་པ་ཆེད་འཛུགས་ཀྱི་ཆོག་མཆན་གནང་རྒྱུ་མེད་པར་ནན་བརྗོད་གནང་འདུག ཁོང་གིས་གཉན་རིམས་ཁྱབ་གདལ་གྱི་དཀའ་ངལ་དེ་ནམ་ཞིག་ཞི་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་ཆེན་པོ་མཆོག་ཨ་རིར་ཆིབས་བསྒྱུར་མཛད་གནང་ཡོང་བའི་གསོལ་འདེབས་ཞུས་སྟེ། ཨ་རིའི་ངོས་ནས་དུས་རྟག་ཏུ་བོད་མི་དང་ལྷན་དུ་ཡོད་པ་དང་བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་མུ་མཐུད་གནང་སྐྱོང་ཡོང་ཐབས་སུ་འབད་བརྩོན་གང་ཐུབ་གནང་རྒྱུ་ཡིན་སྐོར་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།