Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་རྒྱལ་ནང་གི་གནད་དོན་ཐོག་ཐེ་བྱུས་བྱེད་བཞིན་པར་ངོས་ལེན་མེད་སྐོར་བཤད་འདུག

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

ཟླ་བ་འདིའི་ཕྱི་ཚེས་ ༥ ནས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་རྒྱལ་ཡོངས་ཆབ་སྲིད་གྲོས་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་གཉིས་འཚོགས་བཞིན་ཡོད་པ་དང་བསྟུན་ཁ་སང་རེས་གཟའ་ཉི་མའི་ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Wang Yi ཡིས་ཁུལ་དེར་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་བྱས་ནས་རྒྱ་ནག་གཞུང་ནས་ཕྱིའི་རྒྱལ་ཁབ་ཁག་དང་ལྷན་དུ་ཚོང་འབྲེལ་གཙོས་ཕྱོགས་གཉིས་ཀྱི་འབྲེལ་ལམ་གྱི་གནད་དོན་ཐོག་གྲོས་མོལ་བྱ་རྒྱུར་གྲ་སྒྲིག་ཡིན་ཀྱང་། ཕྱི་རྒྱལ་ཁབ་ཚོས་བོད་དང་ཧོང་ཀོང་། ཐེ་ཝན། ཤིན་ཅང་བཅས་ཀྱི་གནད་དོན་གླེང་བ་ནི་རྒྱ་ནག་རྒྱལ་ནང་གི་གནད་དོན་ལ་ཐེ་བྱུས་བྱེད་ཀྱི་ཡོད་སྟབས་དེར་ངོས་ལེན་ནམ་ཡང་མེད་ཅེས་བཤད་འདུགགསར་འགོད་ལྷན་ཚོགས་ཐོག་ཕྱི་སྲིད་བློན་ཆེན་ Wang Yi ཡིས་འདས་ལོ་ ༢༠༢༠ ལོར་རྒྱ་ནག་གཞུང་ནས་ཕྱིའི་རྒྱལ་ཁབ་ཁག་གི་རྒྱ་ནག་རྒྱལ་ནང་གི་གནད་དོན་ལ་ཐེ་བྱུས་དང་རྒྱ་ནག་རྒྱལ་ཁབ་དང་མི་མང་ལ་ཐུབ་ཚོད་རང་བཞིན་གྱི་གཏམ་བཤད་བྱེད་མཁན་ཁག་ལ་གདོང་ལེན་ནན་པོ་བྱས་དང་བྱེད་བཞིན་ཡོད་པ་སོགས་འདས་ལོའི་རྒྱ་ནག་ཕྱི་སྲིད་ལས་དོན་གྱི་གྲུབ་འབྲས་ཁག་ཅིག་ཡོངས་གྲགས་བྱས་འདུག་པ་དང་། སྐབས་དེར་གསར་འགོད་པ་གཅིག་གིས་ད་ལྟའི་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་བཟང་དུ་གཏོང་ཐབས་སུ་རྒྱ་ནག་ཕྱོགས་ནས་ཨ་རིའི་འདོད་མོས་ལྟར་བོད་དང་ཤིན་ཅང་། ཐེ་ཝན། ཧོང་ཀོང་བཅས་ཀྱི་གནད་དོན་ཐོག་བསམ་བློ་གཏང་གི་རེད་དམ་ཞེས་འདྲི་རྩད་བཏང་འདུག སྐབས་དེར་ Wang Yi ནས་རྒྱ་ནག་རྒྱལ་ནང་གི་གནད་དོན་ལ་ཐེ་བྱུས་དང་གཞི་རྩ་མེད་པའི་སྐྱོད་བརྗོད་དེ་དག་ལ་ངོས་ལེན་མེད་སྐོར་བརྫོད་པར་མ་ཟད་ཨ་རིས་ཕྱོགས་གཉིས་ཀྱི་རྒྱལ་ནང་གི་གནད་དོན་ལ་གུས་བརྩི་ཞུས་ནས་ད་ཆ་ཨ་རི་གཞུང་གིས་རྒྱ་ནག་ཐོག་ཚོང་འབྲེལ་གཙོས་གནད་དོན་མང་དག་ཅིག་ལ་དམ་བསྒྲགས་བྱས་པའི་ཐག་གཅོད་ཁག་ཕྱིར་འཐེན་གནང་དགོས་པར་བཤད་འདུག ཁོ་པས་ད་དུང་བོད་དང་ཤིན་ཅང་། ཐེ་ཝན། ཧོང་ཀོང་བཅས་ཀྱི་གནད་དོན་ནི་རྒྱ་ནག་རྒྱལ་ནང་གི་གནད་དོན་ཡིན་པས་ཕྱིའི་རྒྱལ་ཁབ་ཁག་ནས་ཐེ་བྱུས་རིགས་བྱེད་དབང་མེད་པ་དང་། ལྷག་པར་དུ་ཨ་རི་གཙོས་རྒྱལ་ཁབ་ཁག་ཅིག་ནས་རྒྱ་ནག་གཞུང་གིས་ཤིན་ཅང་ནང་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དེ་ནི་ཡུ་གུར་གྲངས་ཉུང་མི་སེར་རྣམས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ཤིག་ཏུ་ངོས་འཛིན་གནང་བ་དེར་ངོས་ལེན་རྩ་ན་མེད་ཅེས་ནན་བརྗོད་བྱས་འདུགདེ་བཞིན་སྐབས་དེར་འཕགས་བོད་གཉིས་ཀྱི་ས་མཚམས་ས་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་དབར་གདོང་ཐུག་བྱུང་བའི་གནད་དོན་དང་འབྲེལ་ནས་དོན་རྐྱེན་དེ་དག་གི་གཞི་རྩ་གང་ཡིན་མིན་རྒྱ་གར་གཞུང་ནས་ཤེས་ཀྱི་རེད་ཅེས་ཟུར་ཟ་བྱས་པ་དང་སྦྲགས། སྐབས་དེའི་དོན་རྐྱེན་དེ་རྐང་རྒྱ་གར་ཕྱོགས་ནས་བྱུང་བ་ལྟ་བུར་འགྲེལ་བརྗོད་དང་འབྲེལ་ནས་རྒྱ་དཀར་ནག་གི་གནད་དོན་གཙོས་པའི་རྒྱ་ནག་དང་ཕྱིའི་རྒྱལ་ཁབ་དབར་གྱི་ཚོང་དང་ཆབ་སྲིད་སོགས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཐོག་རྒྱ་ནག་གི་ངོས་ནས་གྲོས་མོལ་བྱེད་རྒྱུ་གྲ་སྒྲིག་ཡིན་ཀྱང་། ཕྱིའི་རྒྱལ་ཁབ་ཚོས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་བ་བཏགས་ཏེ་རྒྱ་ནག་རྒྱལ་ནང་གི་གནད་དོན་ལ་ཐེ་བྱུས་བྱས་པར་ངོས་ལེན་ཞུ་ཐབས་མེད་ཅེས་བཤད་ཡོད།གཞི་རྩའི་ཨ་རི་དང་ཁེ་ན་ཌ། དེ་བཞིན་ཡོ་རོབ་མཐུན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་མི་ཉུང་བ་ཞིག་གིས་རྒྱ་ནག་གཞུང་ནས་བོད་དང་ཤིན་ཅང་། ཐེ་ཝན། ཧོང་ཀོང་བཅས་ཀྱི་ནང་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་དང་ལྷག་པར་དུ་སྲིད་བྱུས་དེ་དག་དང་འབྲེལ་ནས་རྒྱ་ནག་གི་འགོ་ཁྲིད་ཁག་ཅིག་ཨ་རིས་གཙོས་པའི་ཕྱིའི་རྒྱལ་ཁབ་ཁག་ཏུ་བསྐྱོད་རྒྱུར་དམ་བསྒྲགས་དང་། རྒྱལ་ཁབ་སོ་སོའི་བདེ་འཇགས་ཀྱི་གནད་དོན་དང་འབྲེལ་ནས་རྒྱ་ནག་གིས་བཟོ་པའི་འཕྲུག་རིགས་གཙོས་ཚོང་གི་སྡེ་ཚན་ཁག་ཅིག་དང་ཚོང་གི་འབྲེལ་ལམ་ཕྱིར་འཐེན་བྱས་དང་བྱེད་བཞིན་ཡོད་པ་རེད།པེ་ཅིང་དུ་འཚོགས་བཞིན་པའི་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་རྒྱལ་ཡོངས་ཆབ་སྲིད་གྲོས་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་གཉིས་ཀྱི་ཐོག་རྒྱ་ནག་གི་དམག་དོན་ལས་གཞི་ཆེད་དུ་མ་དངུལ་ཨ་སྒོར་ཐེར་འབུམ་ ༢༡༠ ཙམ་གཏན་འབེབས་བྱས་པར་མ་ཟད་ཚོགས་འདུའི་རིང་ཧོང་ཀོང་གི་འོས་བསྡུའི་ལམ་ལུགས་ལ་བསྒྱུར་བཅོས་གཏང་རྒྱུ་ཐོག་གྲོས་བསྡུར་དང་འོས་བསྡུར་ཞུགས་མཁན་གྱི་འཐུས་མི་རྣམས་ཀྱི་ཆ་རྐྱེན་དང་འབྲེལ་བའི་ལམ་ལུགས་གསར་པ་ཞིག་གཏན་འབེབས་བྱ་རྒྱུ་ཡིན་ཞེས་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་གྱི་མགྲིན་ཚབ་པ་ Wang Chen ཡིས་ཚོགས་དུས་ཀྱི་ཉིན་དང་པོར་གཏམ་བཤད་བྱས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།