Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས་ཀྱིས་གསུམ་བརྒྱད་གཞུང་འབྲེལ་མཆོད་འབུལ་གནང་བ།

Tibetan News Headlines

  • བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་མངོན་རྒྱུ་མེད་པ་མངོན་གསལ།
  • མགོན་པོ་སྐྱིད་ལགས་ཀྱིས་མུ་མཐུད་རྡོ་རྗེ་བཀྲིས་ཆེད་ཞུ་འབོད་གནང་བར་རྒྱ་གཞུང་ཉེན་རྟོག་པས་གཅར་རྡུང་།
  • རྒྱ་གཞུང་གིས་ཏོག་དབྱིབས་གཉན་རིམས་གྱི་འབྱུང་ཁུངས་རྩད་གཅོད་ཀྱི་ལས་དོན་ལ་ད་ལྟའང་འགོག་རྐྱེན་བཟོ་བཞིན་པ་མངོན་གསལ།
  • ཁ་སང་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༧ པ་མཇུག་སྒྲིལ་སོང་།
  • རྒྱལ་སྲས་དད་པ་བརྟན་པའི་ལྷ་གཞུང་ངོ་སྤྲོད།
  • འཇར་མ་ནི་ནང་རྒྱ་ནག་ཆེད་དུ་གསང་ཉུལ་བྱས་པའི་དོགས་གཞི་འོག་མི་སྣ་ཁག་གཅིག་འཛིན་བཟུང་བྱས་འདུག

Tuesday 23/04/2024

  • No significant changes in the rights situation in Tibet: US report
  • Blinken must raise Tibet, Panchen Lama on China trip: Tibet advocacy group
  • Chinese authorities assaults Gonpo Kyi ; phone broken amid call for brother’s fair retrial
  • China froze Covid -19 origin tracing; pattern continues to this day: AP investigation
  • 27th Shoton festival ends with a call from Sikyong to intensify efforts to preserve Opera tradition
  • Introduction to Opera ‘Prince Dhepa Tenpa’
  • Germany and Britain detain suspected Chinese spies

དེ་རིང་ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༨ ཉིན་མོ་འདི་ནི་རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༨༩ ལོར་བོད་ཀྱི་མིའི་ཐོག་མི་སྤྱོད་ལས་འདས་པའི་དྲག་གནོན་གྱི་ཁྲིམས་གཞི་བསྡམས་ནས་ད་བར་མནར་གཅོད་དང་གཉའ་གནོན། བཤུ་གཞོག་འོག་བོད་རིགས་རྒྱལ་གཅེས་སེར་སྐྱ་ཕོ་མོ་གྲངས་ལས་འདས་པ་ཞིག་མུ་ནག་གི་བཙོན་དུང་དུ་ཚེ་སྲོག་ཤོར་ཡོད་པ་དང་། དེ་བཞིན་བོད་མི་ཉེས་མེད་ཁྲི་ཚོ་མང་པོས་རྒྱ་ནག་གི་མི་སྤྱོད་ལས་འདས་བའི་དྲག་གནོན་གྱི་སྲིད་བྱུས་འོག་བཙོན་འཇུག་དང་མནར་གཅོད་དང་དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་ཡོད་པར་བརྟེན། བོད་ནང་གི་རྒྱལ་གཅེས་པ་རྣམས་ལ་བཀའ་དྲིན་རྗེས་དྲན་དང། ཁོང་རྣམ་པའི་རྗེས་ཤུལ་ནང་མི་སྤུན་ཉེ་རྣམས་ལ་སྐྱིད་སྡུག་མཉམ་མྱོང་གིས་གདུང་སེམས་མཉམ་སྐྱེད་ཀྱི་ཉིན་མོ་ཞིག་ཆགས་ཀྱི་ཡོད་པ་རེད། གཞི་རྩའི་ལོ་རྟག་པར་བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་གི་འོག བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་འབྲེལ་གྱི་མཛད་གཙོ་རྣམས་ཀྱི་དབུ་བཞུགས་ཀྱི་ཐོག་མང་ཚོགས་ཀྱི་འཛུལ་ཞུགས་ཐོག་གསུམ་བརྒྱད་ཉིན་མོ་དེར་རྒྱལ་གཅེས་བ་རྣམས་ལ་དྲན་གསོ་དང་འབྲེལ་ནས་མཆོད་འབུལ་སྨོན་ལམ་འཚོགས་སྲོལ་ཡོད་ནའང་། འདི་ལོ་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་གྱིས་མང་ཚོགས་མང་པོ་ཞིག་འདུ་འཛོམས་མི་དགོས་བའི་ཐོག་ནས། གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་གི་ནང་དུ་བཀའ་བློན་རྣམས་ཀྱི་གཙོ་བྱས་པའི་སྤྱི་འཐུས་ཁག་ཅིག་དང་། ལས་ཁུངས་ཁག་གི་དྲུང་ཆེ་ཁག་ཚང་འཛོམས་ཀྱི་ཐོག གནས་ཆུང་གྲྭ་ཚང་གི་སྐྱབས་གནས་དགེ་འདུན་པ་ཁག་ཅིག་གི་སྣེ་ཁྲིད་ཐོག་རྒྱུན་ཆགས་གསུམ་པ་དང་ཚེ་རབས་རྗེས་འཛིན་གྱི་གསོལ་འདེབས་སོགས་ཀྱི་བསྔོ་སྨོན་ཁྲོད་དེ་རིང་གི་ཉིན་མོ་དེ་སྲུང་བརྩི་གནས་སོང་།ཞལ་འདོན་དང་བསྔོ་སྨོན་གྱི་ལས་རིམ་གྲུབ་མཚམས་སུ་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་གསར་འགོད་པ་ཚོར་གསུངས་དོན། ཕྱི་ལོ་ ༡༩༨༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་རྣམས་མ་གྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་ནག་གཞུང་གིས་བོད་མིའི་རང་དབང་སོགས་ལ་གདུག་རྩུབ་བྱས་པར་ཞི་བའི་སྒེར་ལངས་བྱས་པའི་ཉིན་མོ་ཆགས་ཀྱི་ཡོད། དུས་དེ་ནས་བཟུང་ལོ་ལྟར་གསུམ་བརྒྱད་མཆོད་འབུལ་ཞེས་གཞུང་འབྲེལ་ཐོག་ཚོགས་དང་འཚོགས་བཞིན་ཡོད་པའི་ལོ་རྒྱུས་རྒྱབ་ལྗོངས་ངོ་སྤྲོད་གནང་བ་དང་ལྷན་དུ། སྐབས་དེ་དུས་བཙོན་འཇུག་དང་མནར་གཅོད་གྲངས་ལས་འདས་བ་བྱས་ཡོད་པ་ལྟར། དུས་དེ་རིང་ཡང་སྐབས་དེར་འཛིན་བཟུང་བྱས་པའི་བོད་ཀྱི་དཔའ་བོ་དཔའ་མོ་མང་པོ་ཞིག་བཙོན་ཁང་དུ་བཞུགས་མུས་ཡིན་པར་ནན་བརྗོད་གནང་སོང་།གཞི་རྩའི་འདི་ལོར་རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་གང་སར་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་གྱི་ལོ་རྒྱུས་ཀྱི་དུས་དྲན་མང་པོ་ཞིག་དངོས་སུ་མང་ཚོགས་འདུ་འཛོམས་ཀྱི་ཐོག་ནས་སྲུང་བརྩི་ཞུ་མ་ཐུབ་པར། དུས་དྲན་གྱི་མཛད་སྒོ་མང་པོ་ཞིག་དེང་རབས་ཀྱི་འཕྲུལ་ལས་ཀྱི་རམ་འདེགས་ཀྱི་འོག་དྲ་ཐོག་ནས་སྲུང་བརྩི་བྱེད་ཀྱི་ཡོད་པ་ལྟར། གནངས་ཉིན་ནི་རྒྱ་ནག་གི་བོད་ས་བཙན་བཟུང་བྱས་བར་བོད་མི་རྣམས་ཀྱིས་ཚེ་སྲོག་བློས་བཏང་གིས་ཕར་རྒོལ་བྱས་ནས་མི་ལོ་ ༦༢ ཕྱིན་པའི་མཛད་སྒོར་ཁེལ་གྱི་ཡོད་ཀྱང་། འདི་ལོའི་རིམས་ནད་ཀྱི་རྐྱེན་གྱིས་འཆར་ཅན་ལྟར་ཉིན་བརྒྱ་དུས་གཅིག་ལ་བོད་མི་འདུས་སྡོད་ཀྱི་ས་ཕྱོགས་གང་སར་གཞུང་འབྲེལ་གྱི་མཛད་སྒོ་འཚོགས་ཏེ། མི་མང་ཁྲོམ་གཞུང་དུ་ཐོན་ནས་རྒྱ་ནག་གི་གཞུང་ཚབ་ཁང་གི་མདུན་དུ་སྐད་འབོད་ངོ་རྒོལ་སོགས་བྱེད་ཐུབ་མིན་ལ་མང་ཚོགས་ཀྱིས་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།