Tibetan Royal Year of 2151 | Year of the Wood Dragon

ད་ལྟའི་ཆར་བློ་གཡེང་ཆེ་ཤོས་ཤིག་ནི། བོད་ནང་བོད་པའི་མི་རབས་གསར་པ་རྣམས་འཆར་གཞི་ལྡན་པའི་སྒོ་ནས་རྒྱ་རིགས་སུ་སྒྱུར་ཐབས་བྱེད་བཞིན་པ་དེ་ཡིན།

Tibetan News Headlines

  • ༸གོང་ས་མཆོག་གིས་ཕྱི་ཟླ་དགུ་པའི་བར་བཞུགས་སྒར་དུ་ཆོས་འབྲེལ་ཁག་དྲུག་ཙམ་སྩལ་གཏན་ཁེལ་བ།
  • ༸གོང་ས་མཆོག་ལ་དྭགས་ཀར་གྱིལ་རྫོང་ནང་ཆིབས་བསྒྱུར་ཡོང་བའི་གདན་ཞུ་གསོལ་འདེབས།
  • དགའ་ལྡན་ལྷ་བརྒྱ་མའི་ཆོས་འབྲེལ་ངོ་སྤྲོད།
  • རྒྱལ་ཁབ་ཀྱི་གཏན་འབེབས་སློབ་གསོའི་ཁ་ཕྱོགས་ལྟར་སློབ་གསོ་གཏོང་གི་མེད་པའི་ཉེས་མིང་འོག་དགེ་རྒན་ཞིག་གནས་དབྱུང་།
  • བོད་གཞུང་དགའ་ལྡན་ཕོ་བྲང་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་དཔེ་དེབ་དབུ་འབྱེད།
  • Arthur Brooks ལགས་ཀྱིས་ཉེ་ཆར་༸གོང་ས་མཆོག་དང་མཇལ་མོལ་ཁྲོད་ཚོགས་བཅར་བ་ཚོར་སེམས་འགུལ་ཆེན་པོ་ཐེབས་ཡོད་པ་གསུངས་འདུག
  • རྒྱ་གཞུང་ནི་ཕྱི་མིར་སྡང་འཛིན་ཤུགས་ཆེ་བྱེད་མཁན་ཞིག་ཡིན་པ་གསུངས་འདུག

Thursday 18/04/2024

  • Office of His Holiness the Dalai Lama announces teaching schedule of the Tibetan spiritual leader
  • Representatives from Kargil’s Buddhist community visit Dalai Lama and extend an invitation to visit Kargil
  • Introduction to teaching on ‘100 Deities of Tushita Heaven’ (Gaden Lhagyama)
  • China expels teacher for advocating the use of Tibetan language among students
  • CTA releases a collection of Tibetan essays on Gaden Phodrang
  • ‘Ambassador of Love’: Arthur Brooks recounts Harvard delegation to meet with Dalai Lama
  • Biden Calls China ‘Xenophobic’ as US, China Defense Chiefs hold first talks in nearly 18 months

དེ་རིང་གི་ཉིན་མོ་འདི་ནི་དེ་སྔ་ཕྱི་ལོ་ ༡༩༥༩ ལོའི་ཕྱི་ཟླ་ ༣ ཕྱི་ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་སེར་སྐྱ་ཁྲི་ཕྲག་བརྒལ་བས་རྒྱ་གཞུང་གི་བཅན་འཛུལ་ལ་ཞི་བའི་སྒེར་ལངས་གནང་སྟེ་མི་ལོ་ ༦༣ འཁོར་བའི་དུས་དྲན་གྱི་ཉིན་མོ་ཞིག་ཆགས་ཡོད་པ་ལྟར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་དབུ་གཡབ་ཏུ་སྐུ་མགྲོན་གཙོ་བོ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མིའི་ཚོགས་གཞོན་སྐུ་ཞབས་ Jiri Oberfalzer མཆོག་དང་དམིགས་བསལ་སྐུ་མགྲོན་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Amarendra Dhari Singh ལགས། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་པའི་སྲི་ཞུ་བ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། མང་ཚོགས་བཅས་ལྷན་འཛོམས་ཐོག་ནས་དུས་དྲན་སྲུང་བརྩི་ཞུས་སོང་།སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྐབས་ ༡༦ པའི་འཛིན་སྐྱོང་བཀའ་ཤག་གི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་ཆེས་ཐོག་མ་དེ་སྒྲོག་སྦྱང་གནང་སོང་བར་བོད་མི་རིགས་དང་རྒྱལ་བསྟན་ཆབ་སྲིད་ཀྱི་དོན་དུ་ལུས་སྲོག་དོར་བའི་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་རྗེས་དྲན་དང༌། ད་ལྟའང་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པའི་སྤུན་ཟླ་རྣམ་པར་གདུང་སེམས་མཉམ་བསྐྱེད་གནང་བ་དང་སྦྲགས་ཏེ། རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུན་བྱས་པའི་བརྒྱུད་རིམ་ཞིབ་ཕྲ་ངོ་སྤྲོད་གནང་བ་མ་ཟད། ལྷག་པར་དུ་ཕྱི་ལོ་ ༢༠༡༡ ལོ་ནས་བཟུང་སྟེ་ད་བར་རྒྱ་ནག་གཞུང་གིས་མི་རབས་གཉིས་པའི་མི་རིགས་སྲིད་ཇུས་ཞེས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་སྲིད་བྱུས་ཞེས་པ་ཁག་བོད་ནང་ལ་དངོས་སུ་ལག་བསྟར་བྱས་ཏེ་རྒྱའི་སྐད་ཡིག་ཁྱབ་སྤེལ་དང་། ཕྱིས་སུ་སླར་བོད་ཁུལ་ཡོངས་སུ་སློབ་ཕྲུག་སྤྱིའི་བསྡོམས་འབོར་གྱི་བརྒྱ་ཆ་ ༧༨ ཙམ་ཞིག་བཙན་དབང་གིས་གཏན་སྡོད་སློབ་གྲྭའི་ནང་བཅུག་པ་དང་། དེ་བཞིན་ཉེ་བའི་ལོ་དུས་ནང་བོད་པའི་བྱིས་པ་དང་སློབ་ཕྲུག་ཚོར་དམིགས་པའི་སྤྱི་སྤྱོད་སྐད་ཡིག་སློབ་གསོ་ཞེས་པའི་སྲིད་བྱུས་ལག་བསྟར་བརྒྱུད་སྔོན་འགྲོ་ནས་མཐོ་སློབ་བར་རྒྱའི་སྐད་ཡིག་ཁྱབ་སྤེལ་བྱེད་བཞིན་པ་དེས་བོད་ཀྱི་བུ་ཕྲུག་རྣམས་ཕ་མེས་ཀྱི་ཆོས་རིག་དང་ཁ་བྲལ་གཏོང་རྒྱུར་ལོ་ལྔ་ཚན་གསུམ་བཞི་རིང་མཇུག་འབྲས་ཡ་ང་བ་ཞིག་འབྱུང་ཉེན་ཡོད་པ་སོགས་ཐེར་འདོན་གནང་བ་དང་ཆབས་ཅིག་ཏུ་ད་ལྟའི་ཆར་བློ་གཡེང་ཆེ་ཤོས་ཤིག་ནི། བོད་ནང་བོད་པའི་མི་རབས་གསར་པ་རྣམས་འཆར་གཞི་ལྡན་པའི་སྒོ་ནས་རྒྱ་རིགས་སུ་སྒྱུར་ཐབས་བྱེད་བཞིན་པ་དེ་ཡིན་ཞེས་གསུངས་ཡོད།  དེ་བཞིན་ང་ཚོས་ཀྲུང་ཧྭ་མི་རིགས་ལ་གུས་བཀུར་ཞུ་གི་ཡོད་ཀྱང་། ང་ཚོས་བོད་མི་རིགས་ནི་མིའུ་གདུང་དྲུག་ལས་མཆེད་པར་འདོད་ལ། བོད་ཀྱི་རིག་གཞུང་ནི་གཡུང་དྲུང་བོན་དང་ནང་ཆོས་ཀྱི་ཤུགས་རྐྱེན་གཏིང་ཟབ་ཐེབས་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ་ཞིག་ཡིན་སྟབས། ང་ཚོ་ཀྲུང་ཧྭ་མི་རིགས་དང་གཅིག་མཐུན་འདུས་གྲུབ་ཡིན་པའི་ངོས་ལེན་བྱེད་ཐབས་མེད་པ་གསུངས་པ་དང་ཆབས་ཅིག རྒྱ་ནག་གཞུང་ནས་བོད་རྒྱ་མི་རིགས་གཉིས་དབར་འཁོན་འགྲས་འབྱུང་གཞིའི་བསམ་སྤྱོད་རྒྱང་དུ་དོར་ཏེ་བོད་མིའི་ལུགས་མཐུན་གྱི་དགོས་འདུན་ལ་བདག་སྤྲོད་བྱེད་དགོས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དབུ་མའི་ལམ་གྱི་སྲིད་ཇུས་གཞིར་བཟུང་རྒྱ་ནག་གཞུང་ལ་བོད་ཀྱི་མ་འོངས་གནས་བབ་སྐོར་གོ་བསྡུར་སྦྱངས་བཤད་བརྒྱུད་གཉིས་མོས་ཀྱི་ཐབས་ལམ་ཞིག་རྙེད་པའི་རེ་བ་འཆང་བཞིན་པ་དང་། ཡང་སྒོས་སུ་རྒྱ་ནག་གཞུང་ལ་མེས་འཚིགས་མེར་གཏུགས་ཀྱིས་ནོར་འཁྲུལ་སྲིད་ཇུས་མཚམས་འཇོག་ཡོ་བསྲང་ཡོང་བའི་སྐུལ་འདེབས་ཀྱི་གོ་སྐབས་ཡོང་རེ་བྱེད་ཀྱི་ཡོད་ཅིང་། དེ་ཡང་ཕན་ཚུན་འདྲ་མཉམ་དང༌། བརྩི་མཐོང་མཛའ་མཐུན། བོད་རྒྱ་གཉིས་ཕན། རྒྱུན་གནས་ཐུབ་པ་བཅས་ཀྱི་ཐབས་ལམ་བརྒྱུད་གོ་བསྡུར་སྦྱངས་བཤད་བྱ་རྒྱུར་གྲ་སྒྲིག་ཨང་བསར་ཡོད་ཅེས་གསུངས་ཡོད།རྒྱ་ནག་གཞུང་གིས་བོད་ནང་ལ་ལྕགས་ལམ་དང་གནམ་ཐང་། ཆུ་མཛོད་གསར་རྒྱ་སོགས་ཀྱི་ལས་གཞི་ལ་ཁ་གཡར་ཏེ་ཞིང་འབྲོག་མང་ཚོགས་ས་གནས་གཞན་དུ་གཞིས་སྤོ་བྱེད་དུ་བཅུག་པ་དང་། བོད་མིའི་བླ་སྤྲུང་ཡང་སྲིད་ཀྱི་གནད་དོན་གཙོས་གྲྭ་བཙུན་གྱི་སློབ་གཉེར་ལ་ཚོད་འཛིན་དང་འགྲོ་འོང་ལ་དམ་བསྒྲགས་ཙམ་དུ་མ་ཟད། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་བའི་སྲིད་ཇུས་འོག་ཐེ་བྱུས་དང་སྟངས་འཛིན་བྱེད་བཞིན་པ། བྲག་འགོ་དགོན་པའི་སྐུ་བརྙན་དང་མ་ཎི་འཁོར་ཁང་གཏོར་བཅོམ། མཁར་དམར་དགོན་པ་སྒོ་རྒྱག་རྒྱུའི་བཙན་བཀའ་བཏང་བ་སོགས་ཀྱི་གནས་ཚུལ་ལུང་འདྲེན་འབྲེལ་ཏེ། བྱེས་ཞུགས་བོད་མི་རྣམས་ནི་བོད་ནང་གི་བོད་མི་ཚོའི་རང་དབང་གི་མགྲིན་ཚབ་པ་ཡིན་སྟབས། བོད་རྒྱའི་དཀའ་རྙོག་གཙང་སེལ་མ་བྱུང་བར་དུ་རྒྱ་གཞུང་གིས་བོད་མིའི་ངོ་བོ་རྩ་གཏོར་དང་། བོད་མིའི་ཐོབ་ཐང་འཕྲོག་བཅོམ་གྱི་གདུག་རྩུབ་སྲིད་ཇུས་ལག་བསྟར་བྱེད་བཞིན་པའི་དངོས་དོན་རྣམས་རང་དབང་ཡུལ་གྲུ་ཁག་གི་གྲོས་ཚོགས་དང་སྲིད་གཞུང་། བློ་འདོན་ལྟེ་གནས་ཁང་། གསར་འགྱུར་བརྒྱུད་ལམ་ཁག་བཅས་པར་འདོན་འབུལ་ཞུས་ནས་གྲུབ་འབྲས་ནུས་ལྡན་འབྱུང་བའི་ཐབས་ཚུལ་མཐའ་དག་ལ་འབད་འབུངས་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།འཛིན་སྐྱོང་བཀའ་ཤག་གི་གསུང་འཕྲིན་དེའི་ནང་ད་དུང་ཉེ་ཆར་རང་ལོ་ ༢༦ ཡིན་པའི་བོད་ཀྱི་གཞས་པ་གྲགས་ཅན་ཚེ་དབང་ནོར་བུ་ལགས་ཀྱིས་ཕྱི་ཟླ་ ༢ ཚེས་ ༢༥ ཉིན་ལྷ་སར་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་གྱུར་པའི་གནས་ཚུལ་བརྒྱུད་ལམ་ཁག་ཏུ་ཐོན་འདུག་ཀྱང་། རྒྱ་གཞུང་གི་དམ་དྲག་བཙན་པའི་དབང་གིས་ཁོང་འདས་གསོན་ཇི་ཆགས་དང་། དེ་མིན་གྱི་གནས་ཚུལ་རག་སོན་བྱུང་མེད་པར་འགྲེལ་བརྗོད་དང་སྦྲགས། བོད་དང་བོད་མིའི་གནས་སྟངས་གཉན་འཕྲང་གི་དུས་སྐབས་འདིར། ལྷག་བསམ་ཅན་གཅིག་གི་ཚེ་སྲོག་ཤོར་བ་ཡིན་ན་བོད་སྤྱི་པར་གསབ་ཐབས་མེད་པའི་གྱོང་གུན་ཆེན་པོ་ཡིན་སྟབས། རང་ཅག་བོད་མི་ཚོས་ཚེ་སྲོག་ལ་གཅེས་སྤྲས་ཀྱི་སྒོ་ནས་མི་ཚེའི་ནུས་རྩལ་ཡོངས་རྫོགས་བོད་བསྟན་སྲིད་མི་རིགས་ལ་སྲི་ཞུ་ཞབས་འདེགས་ཐད་ལེགས་སྐྱེས་འབུལ་ཐུབ་པའི་འབོད་སྐུལ་ཞུས་སོང་།  དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོན་ནམས་བསྟན་འཕེལ་མཆོག་གིས་རྒྱ་ནག་གཞུང་ནས་བོད་འདི་འགྲོ་བ་མིའི་གཞི་རྩའི་རང་དབང་ཡེ་ནས་མེད་པའི་སྤྱི་ཚོགས་ཤིག་ཏུ་འགྱུར་བཞིན་ཡོད་པར་འགྲེལ་བརྗོད་དང་འབྲེལ། ཆབ་སྲིད་ཀྱི་ཉེས་མིང་བཀལ་ཏེ་བོད་མི་འཛིན་བཟུང་བཙོན་འཇུག་བྱས་པ་རྣམས་མགྱོགས་ནས་མྱུར་དུ་གློད་འགྲོལ་གཏོང་དགོས་པ་དང་།  རྒྱ་ནག་གཞུང་གི་བཙན་གནོན་འོག་མྱངས་དང་མྱོང་བཞིན་པའི་བོད་དང་། ཤར་ཏུར་ཀིསྠིན། ནང་སོག་བཅས་ཀྱི་ཆབ་སྲིད་བཙོན་པའི་གནས་སྟངས་དང་། འགྲོ་བ་མིའི་ཐོབ་ཐང་། ཆོས་དད་རང་དབང་བཅས་ལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གཙོས་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་། རྒྱལ་སྤྱིའི་ནང་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ནས་དོ་ཁུར་ཆེ་བཞེས་ཀྱིས་རྒྱ་ནག་གཞུང་ལ་དྲི་བ་དང་། གླེང་སློང་བྱས་ཏེ་གུ་ཡངས་ཀྱི་སྲིད་བྱུས་ལག་བསྟར་ཡོང་ཐབས་བྱ་དགོས་ཞེས་གསུངས་པ་མ་ཟད། རྒྱ་གཞུང་གི་འགོ་ཁྲིད་ཚོའི་ངོས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་བྱས་པའི་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་དགོངས་དོན་བོད་རྒྱ་འབྲེལ་མོལ་ཡོང་བར་འབད་གནད་ཡིན་པའི་ནན་སྐུལ་གནང་ཡོད།གཞུང་འབྲེལ་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མིའི་ཚོགས་གཞོན་སྐུ་ཞབས་ Jiri Oberfalzer མཆོག་གིས་ཡུལ་དེའི་སྲིད་འཛིན་དང་པོ་སྐུ་ཞབས་དམ་ Václav Havel མཆོག་ནི་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་ཆེན་པོ་གནང་མཁན་ཞིག་ཡིན་པ་དྲན་གསོ་གནང་བ་དང་འབྲེལ་ཏེ། ཅེཀ་སྤྱི་མཐུན་རྒྱལ་ཁབ་འདི་ཡང་དེ་སྔ་གཞན་གྱི་བཙན་དབང་འོག་དཀའ་སྡུག་མྱངས་མྱོང་ཡོད་སྟབས་ད་ལྟའི་བོད་མིའི་གནས་སྟངས་ཐོག་དགོངས་བཞེས་ཐུབ་ཀྱི་ཡོད་པ་སོགས་འགྲེལ་བརྗོད་གནང་བ་ཆབས་ཅིག བོད་མིའི་རང་དབང་འཐབ་རྩོད་ལ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནས་དུས་རྟག་ཏུ་རྒྱབ་སྐྱོར་ཡོད་ཅེས་གསུངས་ཡོད། དམིགས་བསལ་སྐུ་མགྲོན་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Amarendra Dhari Singh ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་ལ་དྲག་པོའི་སྲིད་བྱུས་ལག་བསྟར་དང་རྒྱ་གར་ཐོག་འཇིགས་སྐུལ་མང་དག་ཅིག་བྱེད་བཞིན་པའི་བྱ་སྤྱོད་ཁག་ལ་གཞིགས་ན་བོད་ཀྱི་གནད་དོན་འདི་རྒྱ་གར་གྱི་ངོས་ནས་གཡོལ་ཐབས་ཁོ་ན་མ་གནང་བར་བོད་འདི་རྒྱ་གར་གྱི་བདེ་འཇགས་སྲུབ་སྐྱོབ་དང་འབྲེལ་བ་ཡོད་པ་ཞིག་ཡིན་སྟབས། རྒྱ་ནག་གི་ཕྱོགས་ནས་བོད་འདི་རྒྱ་ནག་རྒྱལ་ནང་གི་གནད་དོན་ཞིག་ཡིན་སྐོར་འཁྱོག་བཤད་བྱས་དང་བྱེད་བཞིན་པ་དེ་ནི་དང་ལེན་གནང་ཐབས་མེད་པ་ཞིག་རེད་ཅེས་གསུངས་ཡོད།ཁྱད་པར་དུ་ཁོང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་ཐོག་གི་བཟང་སྤྱོད་དང་ལྡན་པའི་རླབས་ཆེན་གྱི་དབུ་ཁྲིད་ཞིག་དང་ལྷག་དོན་རྒྱ་གར་གྱི་མི་སེར་མང་པོའི་སེམས་ཁོངས་སུ་ཡོད་པའི་དབུ་ཁྲིད་ཞིག་ཀྱང་ཆགས་ཀྱི་ཡོད་སྟབས་རྒྱ་གར་དབུས་གཞུང་གི་ངོས་ནས་མགོན་པོ་༸གང་ཉིད་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་ Bharat Ratna འབུལ་ལམ་ཞུ་འོས་པ་ཞིག་རེད་ཅེས་གསུངས་ཡོད།གཞི་རྩའི་དེ་རིང་གསུམ་བཅུའི་དུས་དྲན་གྱི་གཞུང་འབྲེལ་མཛད་སྒོ་དབུ་འཛུགས་མ་གནང་གོང་ལ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནས་ཕེབས་པའི་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མིའི་ཚོགས་གཞོན་སྐུ་ཞབས་ Jiri Oberfalzer མཆོག་དང་དམིགས་བསལ་སྐུ་མགྲོན་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Amarendra Dhari Singh ལགས་བཅས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་གཟིམས་ཆུང་མཇལ་ཁ་བསྩལ་ཡོད་པ་རེད། དེ་རིང་གཞུང་འབྲེལ་གྱི་མཛད་སྒོ་ཁག་ལེགས་པར་གྲུབ་མཚམས་སུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་ཀྱི་བེུད་ལྷན་ཚོགས་གཙོས་པའི་བཞུགས་སྒར་ཁུལ་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལྔའི་གོ་སྒྲིག་འོག་ གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་སེར་སྐྱ་མང་ཚོགས་རྣམས་མཉམ་ཞུགས་ཀྱིས་བཞུགས་སྒར་མེག་གྷན་ནས་ཀ་ཅ་རི་བར་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་སྐད་འབོད་དང་གོམ་བགྲོད་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།