Tibetan Royal Year of 2151 | Year of the Wood Dragon

ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་ནག་གི་གཞུང་ཚབ་ཁང་ནས་བོད་མི་ལས་འགུལ་བ་ ༧༠ ལྷག་འཛིན་ཟུང་།

Tibetan News Headlines

  • Dalai Lama meets with Estonian parliamentarians and Tibet support group delegation
  • International community calls China to provide evidence of Panchen Lama’s whereabouts and wellbeing
  • Its solely a pilgrimage and religious visit: Sakya Gongma Trichen rinpoche on recent visit to Bhutan
  • Tibetan spiritual leader grants an audience to 200 devotees from Nepal
  • Xi Jinping tells Antony Blinken US should avoid ‘vicious competition’ with China
  • US jails Chinese man who threatened student activist
  • Diaspora feature: Yeshi Thaye, hairdresser in Odisha Phuntsokling Settlement

རེས་གཟའ་པ་སངས། ༢༠༢༤།༠༤།༢༦

  • ༸གོང་ས་མཆོག་གིས་ཨི་སི་ཏོ་ནི་ཡའི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་མཇལ་ཁ་སྩལ་བ།
  • རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་གཞུང་ལ་༸པཎ་ཆེན་རིན་པོ་ཆེ་གར་ཡོད་ཕྱིར་བསྒྲགས་དགོས་པའི་ནན་སྐུལ་གནང་འདུག
  • འབྲུག་ཡུལ་དུ་ཆིབས་བསྒྱུར་མཛད་པ་ནི་ཆོས་ཕྱོགས་ཀྱི་ལས་དོན་ཁོ་ནའི་ཆེད་དུ་ཡིན་པ་བཀའ་བསྩལ་སོང་།
  • ༸གོང་ས་མཆོག་གིས་བལ་པོའི་མི་སེར་༢༠༠ བརྒལ་བ་ལ་མཇལ་ཁ་སྩལ་བ།
  • ཞི་ཅིན་ཕིང་གིས་ཨ་རྒྱ་གཉིས་མཐུན་གྲོགས་ལས་ཁ་གཏད་བྱ་མི་རུང་ཞེས་བརྗོད་འདུག
  • མང་གཙོའི་ལས་འགུལ་བ་ཞིག་ལ་འཇིགས་སྐུལ་བྱས་རྐྱེན་རྒྱའི་སློབ་མ་ཞིག་ལ་ཁྲིམས་ཐག་བཅད་པ།
  • བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད། ཨོ་རི་ས་ཕུན་ཚོགས་གླིང་དུ་གནས་སྡོད་སྐྲ་བཟོ་བ་ཡེ་ཤེས་མཐའ་ཡས།

དེ་རིང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༣ པ་དང་སྟབས་བསྟུན། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་ནག་གི་གཞུང་ཚབ་ཁང་དུ་རྒོལ་མཆོང་གི་ལས་འགུལ་ཞིག་སྤེལ་ཡོད་པ་དང་སྐབས་དེར་ལས་འགུལ་མི་གྲངས་ ༧༠ ལྷག་དང་གོ་སྒྲིག་གནང་མཁན་གཞོན་ནུའི་རྒྱུན་ལས་བཅས་པ་ས་གནས་སྐོར་སྲུང་བས་འཛིན་བཟུང་བྱས་ཡོད་པ་རེད།  དེ་རིང་སྔ་དྲོའི་ཚོུད་ ༡༠ ཡོལ་ཙམ་ནས་རྒྱ་གར་དང་རྒྱལ་སྤྱིའི་གསར་འགོད་པ་མང་དག་ཅིག་རྒྱ་ནག་གི་གཞུང་ཚབ་མདུན་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་བ་རྣམས་སྒུག་འདུག་པ་དང་། ཆུ་ཚོད་ ༡༢ མ་ཟིན་ཙམ་ལ་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་དང་དྲིལ་བསྒྲགས་དྲུང་ཆེ་ལྷ་མོ་ལགས། དེ་བཞིན་ལས་བྱེད་པ་གཅིག་བཅས་ས་གནས་སུ་གནས་སྟངས་མྱུལ་ཞིབ་ཆེད་འབྱོར་མ་ཐག་ཏུ་ས་གནས་སྐོར་སྲུང་བས་ཁོང་གསུམ་པོ་ལས་འགུལ་གོ་སྒྲིག་གནང་མཁན་ཡིན་པ་ཤེས་རྟོགས་བྱུང་ནས་འཛིན་བཟུང་བྱས་སོང་།འོན་ཀྱང་སྐབས་དེར་གློ་བུར་དུ་གཞུང་ཚབ་ཀྱི་ཕྱོགས་གཞན་ནས་བོད་ཀྱི་རྒྱལ་དར་དང་ལུས་པོར་བོད་རྒྱལ་ལོ་ཞེས་བྲིས་པ་དང་། དེ་བཞིན་བོད་དོན་གྱི་འབོད་ཚིག་སྣ་ཚོགས་བསྣམས་པའི་ལས་འགུལ་བ་མི་གྲངས་ ༧༠ ལྷག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་སྐད་འབོད་གནང་ཞིང་རྒྱ་ནག་གི་གཞུང་ཚབ་ཕྱོགས་སུ་རྒོལ་མཆོང་གནང་བ་མ་ཟད། ལས་འགུལ་བ་ཚོས་ཞལ་གཅིག་གྲག་གིས་བོད་མིར་རང་དབང་དགོས། བོད་ནང་གི་བོད་མི་ཚོར་སྨྲ་བརྗོད་དང་ཆོས་རིག སྐད་ཡིག་བཅས་པ་རྒྱུན་འཛིན་གནང་རྒྱུའི་རང་དབང་སྤྲོད་དགོས་ཞེས་གསུངས་པ་དང་སྦྲགས། ང་ཚོར་བོད་མི་རིགས་ཀྱི་ལ་རྒྱ་ཡོད་སེམས་ཤུགས་ནམ་ཡང་ཞུམ་མི་སྲིད་ཅེས་སོགས་གསུངས་ཡོད།མི་གྲངས་ ༧༠ ལྷག་ཡོད་པའི་ལས་འགུལ་བ་ཚོས་རྒྱའི་གཞུང་ཚན་མདུན་དུ་སྐར་མ་ ༢༠ ལྷག་གི་རིང་སྐད་འབོད་གནང་སོང་། ས་གནས་སུ་རྒྱ་གར་གྱི་སྐོར་སྲུང་བ་ཕོན་ཆེན་འགྲེམས་འཇོག་བྱས་ཡོད་པ་ལྟར་དེ་དག་གིས་ལས་འགུལ་བ་རེ་རེ་གཉིས་གཉིས་བྱས་ཏེ་མཐའ་མར་ལས་འགུལ་བ་ཚང་མ་འཛིན་བཟུང་གིས་ Mandir Marg སྐོར་སྲུང་ལས་ཁང་དུ་བཙན་ཁྲིད་བྱས་ཡོད་པ་རེད། རླུང་འཕྲིན་ཁང་གིས་ Mandir Marg སྐོར་སྲུང་ལས་ཁང་ནང་བཀག་ཉར་བྱས་པའི་དབུས་བོད་ཀྱི་གཞོན་ནུའི་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་སུ་ཞལ་པར་བརྒྱུད་དེ་འབྲེལ་བཅར་ཞུས་པར་ཁོང་གིས་གཞོན་ནུའི་རྒྱུན་ལས་དང་ལས་བྱེད་བཅས་ཁྱོན་བོད་མི་གྲངས་ ༧༤ དངོས་སུ་འཛིན་བཟུང་བྱས་ཡོད་པ་དང་། ལས་འགུལ་གྱི་དམིགས་ཡུལ་གཙོ་བོ་ནི་རྒྱ་ནག་གཞུང་གི་ངོས་ནས་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པར་གློད་བཀྲོལ་དགོས་པ།  ལྷག་དོན་དེང་སྐབས་རྒྱ་ནག་གཞུང་གིས་ཆོས་ཕྱོགས་ཀྱི་གནང་སྒོར་དམ་དྲག་དང་བོད་མི་ཤེས་ཡོན་ཅན་ལ་ལྡང་ཟུག་དང་བཙོན་འཇུག་བྱེད་བཞིན་པའི་བྱ་སྤྱོད་ཁག་འཕྲལ་མར་མཚམས་འཇོག་དགོས་པ་མ་ཟད། བོད་མི་གྲངས་ ༡༧༠ ལྷག་གིས་རང་ལུས་མེར་བསྲེགས་བཏང་བ་ལྟར་ཁོང་རྣམ་པའི་མངོན་འདོད་ལ་བསམ་ཞིབ་བྱེད་དགོས་པ་བཅས་ཀྱི་དགོས་འདུན་ཁག་ཅིག་ཆེད་བཏོན་གནང་ཡོད་སྐོར་གསུངས་ཡོད།གཞི་རྩའི་དེ་རིང་གི་ལས་འགུལ་ནང་མཉམ་ཞུགས་ཀྱིས་རྒོལ་མཆོང་གནང་རྐྱེན་འཛིན་བཟུང་བྱས་པ་རྣམས་རྒྱལ་ས་ལྡི་ལི་ཁུལ་དུ་མཐོ་སློབ་འགྲིམ་བཞིན་པའི་བོད་ཁྱིམ་སྡོད་ཁང་གི་སློབ་ཕྲུག་དང་བོད་སྒར་བསམ་ཡས་གླིང་བཅས་ཀྱི་བོད་མི་འབའ་ཞིག་ཆགས་ཀྱི་འདུག

འབྲེལ་ཡོད་གསར་གནས།

གསར་གནས།