Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

གཞོན་ནུའི་ལས་འགུལ་བ་འཛིན་བཟུང་།

ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་ནག་གི་གཞུང་ཚབ་ཁང་ནས་བོད་མི་ལས་འགུལ་བ་ ༧༠ ལྷག་འཛིན་ཟུང་།

དེ་རིང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༣ པ་དང་སྟབས་བསྟུན། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་ནག་གི་གཞུང་ཚབ་ཁང་དུ་རྒོལ་མཆོང་གི་ལས་འགུལ་ཞིག་སྤེལ་ཡོད་པ་དང་སྐབས་དེར་ལས་འགུལ་མི་གྲངས་ ༧༠ ལྷག་དང་གོ་སྒྲིག་གནང་མཁན་གཞོན་ནུའི་རྒྱུན་ལས་བཅས་པ་ས་གནས་སྐོར་སྲུང་བས་འཛིན་བཟུང་བྱས་ཡོད་པ་རེད།  དེ་རིང་སྔ་དྲོའི་ཚོུད་ ༡༠ ཡོལ་ཙམ་ནས་རྒྱ་གར་དང་རྒྱལ་སྤྱིའི་གསར་འགོད་པ་མང་དག་ཅིག་རྒྱ་ནག་གི་གཞུང་ཚབ་མདུན་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་བ་རྣམས་སྒུག་འདུག་པ་དང་། ཆུ་ཚོད་ ༡༢ མ་ཟིན་ཙམ་ལ་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་དང་དྲིལ་བསྒྲགས་དྲུང་ཆེ་ལྷ་མོ་ལགས། དེ་བཞིན་ལས་བྱེད་པ་གཅིག་བཅས་ས་གནས་སུ་གནས་སྟངས་མྱུལ་ཞིབ་ཆེད་འབྱོར་མ་ཐག་ཏུ་ས་གནས་སྐོར་སྲུང་བས་ཁོང་གསུམ་པོ་ལས་འགུལ་གོ་སྒྲིག་གནང་མཁན་ཡིན་པ་ཤེས་རྟོགས་བྱུང་ནས་འཛིན་བཟུང་བྱས་སོང་།འོན་ཀྱང་སྐབས་དེར་གློ་བུར་དུ་གཞུང་ཚབ་ཀྱི་ཕྱོགས་གཞན་ནས་བོད་ཀྱི་རྒྱལ་དར་དང་ལུས་པོར་བོད་རྒྱལ་ལོ་ཞེས་བྲིས་པ་དང་། དེ་བཞིན་བོད་དོན་གྱི་འབོད་ཚིག་སྣ་ཚོགས་བསྣམས་པའི་ལས་འགུལ་བ་མི་གྲངས་ ༧༠ ལྷག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་སྐད་འབོད་གནང་ཞིང་རྒྱ་ནག་གི་གཞུང་ཚབ་ཕྱོགས་སུ་རྒོལ་མཆོང་གནང་བ་མ་ཟད། ལས་འགུལ་བ་ཚོས་ཞལ་གཅིག་གྲག་གིས་བོད་མིར་རང་དབང་དགོས། བོད་ནང་གི་བོད་མི་ཚོར་སྨྲ་བརྗོད་དང་ཆོས་རིག སྐད་ཡིག་བཅས་པ་རྒྱུན་འཛིན་གནང་རྒྱུའི་རང་དབང་སྤྲོད་དགོས་ཞེས་གསུངས་པ་དང་སྦྲགས། ང་ཚོར་བོད་མི་རིགས་ཀྱི་ལ་རྒྱ་ཡོད་སེམས་ཤུགས་ནམ་ཡང་ཞུམ་མི་སྲིད་ཅེས་སོགས་གསུངས་ཡོད།མི་གྲངས་ ༧༠ ལྷག་ཡོད་པའི་ལས་འགུལ་བ་ཚོས་རྒྱའི་གཞུང་ཚན་མདུན་དུ་སྐར་མ་ ༢༠ ལྷག་གི་རིང་སྐད་འབོད་གནང་སོང་།...

Latest news

- Advertisement -spot_img